ཧི་བོན་ཟིན་བྲིས།
ཁྱུང་སྐྱུགས།


ཁྲི་གཡུང་དྲུང་གི་ཟིན་བྲིས།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཕོ་བྲང་ཆེན་པོ་རྩེ་པོ་ཏ་ལར་ཉར་བའི་བོན་དཔེ་རྙིང་པའི་དཀར་ཆག་གི་མཚམས་སྦྱོར།  | 2012-12-21 21:12:00

ཕོ་བྲང་ཆེན་པོ་རྩེ་པོ་ཏ་ལར་ཉར་བའི་བོན་དཔེ་རྙིང་པའི་དཀར་ཆག་གི་མཚམས་སྦྱོར།

མཁར་རྨེའུ་བསམ་གཏན།


དེ་སྔ་ང་འབྲས་སྤུངས་སུ་ཡོད་སྐབས་ལྷ་ས་འཕྲུལ་སྣང་གཙུག་ལག་ཁང་དང་ཕོ་བྲང་ པོ་ཏ་ལར་བོན་གྱི་སྐུ་བརྙན་དང་གསུང་རབ་ཉར་ཚགས་བྱས་ཡོད་པའི་གོ་ཐོས་ཙམ་ལས་ དངོས་སུ་མཐོང་མ་བྱུང་། འོན་ཀྱང་སྤྱི་ལོ་༡༩༩༦ལོར་ང་པོ་ཏ་ལར་གནས་མཇལ་དུ་ཕྱིན་སྐབས་དེ་གར་བོད་ཀྱི་་ རིག་གཞུང་འགྲེམ་སྟོན་ཞིག་བཤམས་འདུག དེའི་ནང་བོན་གྱི་དཔེ་རྙིང་གསེར་བྲིས་མ་པོ་ཏི་གསུམ་ཡོད་པ་དང་པོ་ཏི་གཅིག་གི་ ཁ་ཤོག་གསེར་བྲིས་མ་དེ་སྒོ་ཕྱེད་ནས་སྟོན་འདུག༏ དེའི་ངོས་ལ་ཡིག་འཕྲེང་གསུམ་ཡོད་པ་འདི་ལྟར་འདུག། ༼གཏོ་གཤེན་འབྲང་སྐུ་ལ་ཕྱག་འཚལ་ལོ། བོན་འཕྲུལ་ངག་བདེན་པ་འདི་ནི། སྙིང་ཏིག་གཏོ་སྐྱ་སིལ་མ་ཞེས་བྱ་བ། སྲིད་པ་ཡབ་ལྷ་གདལ་དྲུག་གི། ལྷ་མཁར་སྲིད་མཁར་ཕྱ་མཁར་གསུམ་ཡོ་བ་བཅོས་པའི་གཏོར་སྐུ་ལ་འཚལ་ལོ། ཡབ་ལྷ་གདལ་དྲུག་གི་ཚངས་་་་་་་༽བོན་དཔེ་གསེར་བྲིས་མ་འདི་ཚོ་གངས་ལྗོངས་གནས་ མཆོག་ཕོ་བྲང་པོ་ཏ་ལ་ཞེས་པའི་དེབ་ཀྲུང་གོ་ཡུལ་སྐོར་དཔེ་སྐྲུན་ཁང་གིས་སྤྱི་ ལོ་༡༩༩༦ ལོར་དཔར་སྐྲུན་བྱས་པའི་ལྡེབ་༡༧༥ ལ་གསལ།

ད་ལམ་འདིར་པོ་ཏ་ལར་བཞུགས་པའི་བོན་དཔེ་རྙིང་པའི་དཀར་ཆག་བསྒྲིགས་པ་མཐོང་ཐུབ་པ་ནི་བོད་ཀྱི་རིག་གཞུང་གི་རྩ་བ་གང་ལ་ཐུག་ཡོད་པ་ཤེས་ཆེད་ལ་ཧ་ཅང་གི་གནད་འགག་ཆེན་པོ་རེད༏ དེར་བརྟེན་བོན་གྱི་གཞུང་དུ་འབྱུང་བའི་བོད་ཀྱི་ཐུན་མོང་མ་ཡིན་པའི་འདུ་ཤེས་དཔེར་ན་དགྲ་ཆོས་དང་ཞལ་བསྒྱུར། ཁྲམ་དང་མདོས། བླ་བསླུ། སེལ་གྱི་གཏོ་དང་གླུད་ཀྱི་གཏོ། ཀླུ་བཅོས་དང་གཉན་བཅོས། ཕྱ་གཡང་དང་ཚེ་སྒྲུབ་ཀྱི་གཏོ། ཚེ་དབང་བོད་ཡུལ་མའི་ཆ་ལག་གཅིག། བོན་སྒོ་གསལ་བྱེད་དང་ཞང་ཞུང་སྙན་བརྒྱུད་ཀྱི་བོན་སྐོར་ལྟ་བུས་མཚོན་བོན་དཔེ་བརྒྱ་དང་ལྔའི་མཚན་དང་དེ་དག་གི་ཤོག་གྲངས་ཡིག་འཕྲེང་པར་གཞི་དང་ཆ་ཚང་མིན་དང་ རལ་སྐྱོན་བཅས་ཕྲ་ཞིང་ཕྲ་བའི་སྒོ་ནས་འགྲེལ་བཤད་གནང་འདུག༏ འདི་དག་ནི་མ་འོངས་པར་བོད་རིག་པའི་ཞིབ་འཇུག་ལ་འཁོ་བའི་རྒྱུ་རྐྱེན་ཡང་དག་པ་ཞིག་ཡིན་པར་མ་ཟད་བོད་རང་གི་མནའ་བོའི་ཤེས་རིག་ནི་རྒྱ་དཀར་ནག་ལས་བྱུང་བ་མ་ཡིན་པར་བོད་རང་དུ་ས་སྐྱེས་རྡོ་སྐྱེས་ལྟ་བུ་ཡིན་པ་བོན་གཞུང་རྙིང་པ་ཁོ་ན་ལས་ ཤེས་ནུས་པ་ཡིན། ཡ་མཚན་པ་ཞིག་ལ་གོང་སྨོས་བོན་དཔེ་པོ་ཏི་གསེར་བྲིས་ཅན་དེ་ཚོ་དཀར་ཆག་འདིའི་ནང་དུ་འཁོད་མི་འདུག། དཀར་ཆག་འདི་ད་དུང་དཔར་སྐྲུན་བྱས་མི་འདུག།

བོན་དཔེ་རྙིང་པ་དེའི་དཀར་ཆག་ཆ་ཚང་འདི་ལ་ནོན་རོགས་ཞུ།

  • ཤོག་བྱང་། gg 
  • Re:ཕོ་བྲང་ཆེན་པོ་རྩེ་པོ་ཏ་ལར་ཉར་བའི་བོན་དཔེ་རྙིང་པའི་དཀར་ཆག་གི་མཚམས་སྦྱོར། | 2013-02-08 17:47:37
    སྐུ་མགྲོན་v06Duh(སྐུ་མགྲོན)དཀར་ཆགས་འདི་མཁར་རྨེའུ་ལགས་ཀྱིས་སྒྲིག་པ་རེད་ཟེར་བ་རྫུན་རེད།
    རྩོམ་པ་པོ།:སྐུ་མགྲོན་v06Duh(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:ཕོ་བྲང་ཆེན་པོ་རྩེ་པོ་ཏ་ལར་ཉར་བའི་བོན་དཔེ་རྙིང་པའི་དཀར་ཆག་གི་མཚམས་སྦྱོར། | 2013-01-04 12:22:52
    yungdongཡག་པོ་འདུག་བཀའ་དྲིན་ཆེ།
    Re:ཕོ་བྲང་ཆེན་པོ་རྩེ་པོ་ཏ་ལར་ཉར་བའི་བོན་དཔེ་རྙིང་པའི་དཀར་ཆག་གི་མཚམས་སྦྱོར། | 2013-01-02 22:37:07
    triyungblogཕེབས་གཟིགས་གནང་བའི་དྲ་གྲོགས་ཚོ་ལ་བཀའ་དྲིན་ཐུགས་རྗེ་ཆེ་ཞུ།
    ཕོ་བྲང་ཆེན་པོ་རྩེ་པོ་ཏ་ལར་ཉར་བའི་བོན་དཔེ་རྙིང་པའི་དཀར་ཆག་གི་མཚམས་སྦྱོར་ཞེས་པ་འདིའི་སྐོར་ལ་ཁ་བརྡ་དྲ་ཚིགས་སུ་བགྲོ་གླེང་གི་མཆན་ཡིག་ཉིས་བརྒྱ་བརྒྱད་ཅུར་ཟིན་ཀི་འདུག
    Re:ཕོ་བྲང་ཆེན་པོ་རྩེ་པོ་ཏ་ལར་ཉར་བའི་བོན་དཔེ་རྙིང་པའི་དཀར་ཆག་གི་མཚམས་སྦྱོར། | 2012-12-31 20:15:44
    སྐུ་མགྲོན་1iy4Cp(སྐུ་མགྲོན)མཁས་དབང་ལགས་སྐུ་ཚེ་བརྟན།
    རྩོམ་པ་པོ།:སྐུ་མགྲོན་1iy4Cp(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:ཕོ་བྲང་ཆེན་པོ་རྩེ་པོ་ཏ་ལར་ཉར་བའི་བོན་དཔེ་རྙིང་པའི་དཀར་ཆག་གི་མཚམས་སྦྱོར། | 2012-12-24 10:25:16
    སྨན་རི་ནས།(སྐུ་མགྲོན)ད་ལན་མཁས་དབང་མཆོག་གིས་ཡག་པོ་གསུང་བཞག ངོ་སོ་བསྟོད།
    རྩོམ་པ་པོ།:སྨན་རི་ནས།(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:ཕོ་བྲང་ཆེན་པོ་རྩེ་པོ་ཏ་ལར་ཉར་བའི་བོན་དཔེ་རྙིང་པའི་དཀར་ཆག་གི་མཚམས་སྦྱོར། | 2012-12-23 19:19:04
    chok sang(སྐུ་མགྲོན)མཁས་དབང་མཆོག་གི་སྐུ་ཚེ་བརྟན་པར་སྨོན།
    རྩོམ་པ་པོ།:chok sang(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:ཕོ་བྲང་ཆེན་པོ་རྩེ་པོ་ཏ་ལར་ཉར་བའི་བོན་དཔེ་རྙིང་པའི་དཀར་ཆག་གི་མཚམས་སྦྱོར། | 2012-12-23 19:17:49
    chaphur(སྐུ་མགྲོན)སྐུ་ཚེ་རིང་ཡག་པོ་ཞེ་དྲག་བྲིས་གནང་བཞག
    རྩོམ་པ་པོ།:chaphur(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    དཔྱད་གཏམ་སྤེལ་བ།
    སྒྲིག་འཇུག...
    Powered by Oblog.