ཧི་བོན་ཟིན་བྲིས།
ཁྱུང་སྐྱུགས།


ཁྲི་གཡུང་དྲུང་གི་ཟིན་བྲིས།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ།  | 2012-12-12 13:50:00

རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་བལ་ཡུལ་ཁྲི་བརྟན་ནོར་རྩེ་ལ་ཚོགས་པའི་གནས་བསྡུས།

International Symposium on Bon

Triten Norbutse Monastery, Kathmandu
10–11 December 2012

ཕྱི་ ལོ་༢༠༡༢ཟླ་༡༢ཚེས་༡༠དང་༡༡ཏེ་ཉིན་གཉིས་ཀྱི་རིང་རྒྱལ་སྤྱིའི་བོན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་དེ་བལ་ཡུལ་བོན་དགོན་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་འཚོགས་ཡོད་པའི་གནས་བསྡུས། དེ་ཡང་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་རྟེན་འབྲེལ་མཛད་སྒོ་དང་སྟབས་བསྟུན་ནས་རྒྱལ་ཕྱི་ནང་ཀུན་ནས་ཆེད་དུ་ཕེབས་པའི་མཁས་དབང་དང་ཞིབ་འཇུག་པ་གྲགས་ཅན་མང་པོ་གདན་ཞུ་ཞུས་ཡོད་པ་ལྟར། རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཧྥ་རན་སི་རྒྱལ་ཁབ་ཚན་རིག་ཁང་གི་ཞིབ་འཇུག་པ་བོད་རིག་པའི་མཁས་དབང་ཆེན་མོ་སྐུ་ཞབས་མཁར་རྨེའུ་བསམ་གཏན་རྒྱལ་མཚན་Samten Karmayལགས་དང་། རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལས་ཐོགས་པ་དབྱིན་ཇིའི་ཨག་ སི་ཧྥོར་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བོད་རིག་པའི་མཁས་དབང་སྐུ་ཞབས་ཆལ་སི་རམ་བྷོ་Charles Ramble(གཡུང་དྲུང་ཚེ་དབང་།)ལགས་དང་། ཉི་ཧོང་གི་བོད་རིག་པའི་མཁས་དབང་ན་ག་ནོ་Yasuhiko Naganoལགས་དང་། གཞན་ཡང་བོད་རིག་པའི་མཁས་དབང་རི་གར་དྲོ་Ricardo Canzioལགས་དང་། བོད་རིག་པའི་མཁས་པ་Françoise Pommaretལགས་དང་། བོད་རིག་པའི་མཁས་པ་མར་རི་ཏ་Marietta Kindལགས་དང་། བོད་རིག་པའི་མཁས་པ་John Myrdhin Reynoldsལགས་དང་། ཁྲི་བརྟན་ནོར་རྩེའི་དགེ་བཤེས་མཁས་དབང་དྲང་སྲོང་རྣམ་རྒྱལ་བཅས་ཀྱིས་ཉིན་གཉིས་ ཀྱི་རིང་ལ་བོན་གྱི་སྐོར་ལ་བགྲོ་གླེང་གསུང་བཤད་གནང་ཡོད་པ་དང་། དེ་བཞིན་བགྲོ་གླེང་ཚོགས་ཐོག་ལ་རྒྱལ་ཕྱི་ནང་ཁག་གི་འཐུས་ཚབ་སྟེ།  ༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་སྤྱིའི་འཐུས་ཚབ། བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ། སྨན་རིའི་གྲྭ་ཚང་གི་གཉེར་པ། སྨན་རིའི་དཔེ་མཛོད་ལས་བྱེད། བཙུན་དགོན་རད་ཎ་སྨན་གླིང་གི་གཉེར་པ། གཡུང་དྲུང་བོན་གྱི་དྲ་རྒྱའི་གསར་འགོད་པ། རྫ་སྨོན་རྒྱལ་གཡུང་དྲུང་གླིང་གི་སྐུ་ཚབ། ཞུ་རུ་ཞིང་གཡུང་དྲུང་ཀུན་གྲགས་གླིང་གི་འཐུས་ཚབ། ཝ་ན་མཐོ་སློབ་གཡུང་དྲུང་བོན་གྱི་དགེ་རྒན་རྣམ་པ་དང་། གཡུང་དྲུང་བོན་གྱི་སྤྱི་འཐུས། བལ་ཡུལ་རྒྱལ་ཁོངས་སུ་གནས་པའི་བོན་གྱི་དགོན་སྡེ་ཁག་གི་དབུ་བླ་རྣམ་པ་དང་།  འཕགས་ཡུལ་སྨན་རི་དང་བལ་པོའི་ཁྲི་བརྟན་ནོར་རྩེའི་དགེ་བཤེས་དང་སློབ་གཉེར་བ་ ཁག་གཅིག དེ་བཞིན་ཧྥ་རན་སི་བོན་ཚོགས་ཀྱི་ཚོགས་གཙོ་དང་། ལིག་མིན་རྐྱ་བོན་ཚོགས་ཀྱི་སྐུ་ཚབ། འོམ་མོ་གླིང་བོན་ཚོགས་ཀྱི་བླ་མ། དེར་མཚུངས་ཨ་རི་དང་། ཡོ་རོབ། ཉི་ཧོང་། རྒྱ་དཀར་ནག་སོགས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དུ་མ་ནས་ཕེབས་པའི་སློབ་གཉེར་ བ་སྟོང་ཕྲག་ལྷག་འདུ་འཛོམས་གནང་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་མོ།།

བོད་རིག་པའི་མཁས་དབང་Marietta Kindལགས་ཀྱིས་གསུང་བཤད་གནང་བ།


ཉི་ཧོང་གི་བོད་རིག་པའི་མཁས་དབང་Yasuhiko Naganoལགས་ནས་གསུང་བཤད་གནང་བ།

བོད་རིག་པའི་མཁས་དབང་དགེ་བཤེས་དྲང་སྲོང་རྣམ་རྒྱལ་ལགས་ཀྱིས་གསུང་བཤད་གནང་བ།


བོད་རིག་པའི་མཁས་དབང་Françoise Pommaretལགས་ནས་གསུང་བཤད་གནང་བ།

བོད་རིག་པའི་མཁས་དབང་Ricardo Canzioལགས་ཀྱིས་གསུང་བཤད་གནང་བ།


བོད་རིག་པའི་མཁས་དབང་མཁར་རྨེའུ་བསམ་གཏན་Samten Karmayལགས་ནས་གསུང་བཤད་གནང་བ།

བོད་རིག་པའི་མཁས་དབང་Charles Rambleལགས་ཀྱིས་གསུང་བཤད་གནང་བ།


བོད་རིག་པའི་མཁས་པ་John Myrdhin Reynoldsལགས་ནས་གསུང་བཤད་གནང་བ།

ཐེངས་འདིར་ཆེད་ཕེབས་གནང་བའི་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་ཁག་གཅིག


རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པར་ཆེད་ཕེབས་ཀྱི་མཁས་དབང་དང་དགེ་བཤེས་བླ་སྤྲུལ་རྣམས།

གཡུང་དྲུང་བོན་གྱི་དྲ་ཚིགས་ལས་བཤུས་པ་ཡིན།

Re:རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ། | 2012-12-19 19:08:34
སྐུ་མགྲོན་pt3Wnb(སྐུ་མགྲོན)རབ་འབྱམས་མཁས་དབང་རྣམ་པས་གུས་པའི་དྲི་བར་ལན་མེད་དགུན་ཁའི་ཁུ་བྱུག་གི་རྟུལ་ཞུགས་འཛིན་པ་སྐྱོ་བ་ཆེ་ལགས། ཨུ་ཧུ། ཀུན་མིང་པས།
རྩོམ་པ་པོ།:སྐུ་མགྲོན་pt3Wnb(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ། | 2012-12-14 17:09:09
སྐུ་མགྲོན་1ja4Dp(སྐུ་མགྲོན)མཛད་ཕྲིན་བཟང་པོ་འདི་བཞིན་ཡི་རངས་ཞུ། དྲི་བར་གྲྭ་སའི་ཡིག་ཆར་བན་གསར་མའི་ཐ་སྙད་འདྲེས་ཆེའམ། ཤར་རྫའི་ཡིག་ཆར་བན་རྙིང་མའི་ཆོས་སྐད་འདྲེས་ཆེ། མཁས་དབང་རྣམ་པས་ལན་འདེབས་གནང་རོགས། དགེ་མིང་ཀུན་ཁྱབ་ནས།
རྩོམ་པ་པོ།:སྐུ་མགྲོན་1ja4Dp(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ། | 2012-12-13 08:45:21
སུམ་པ་བ(སྐུ་མགྲོན)གནས་ཚུལ་དོན་དང་ལྡན་པ་འདུག
རྩོམ་པ་པོ།:སུམ་པ་བ(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.