ཧི་བོན་ཟིན་བྲིས།
ཁྱུང་སྐྱུགས།


ཁྲི་གཡུང་དྲུང་གི་ཟིན་བྲིས།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
མཚོ་ལྷོ་ཁུལ་གྱི་འཇང་དགུན་ཆོས་ཆེན་མོ་སྐབས་བཅུ་བ་བདེ་བླག་ངང་མཇུག་རྫོགས་པ། | 2012-11-01 13:32:00
མཚོ་ལྷོ་ཁུལ་གྱི་འཇང་དགུན་ཆོས་ཆེན་མོ་སྐབས་བཅུ་བ་བདེ་བླག་ངང་མཇུག་རྫོགས་པ།











མཚོ་ལྷོ་ཁུལ་གྱི་འཇང་དགུན་ཆོས་ཆེན་མོ་སྐབས་བཅུ་བའི་སྐབས་ཀྱི་ཚོགས་ཞུགས་ལྷན་རྒྱས།


བོན་དགོན་ཁྱུང་མོ་དགོན་པའི་སློབ་དཔོན་སྨན་རིའི་དགེ་བཤེས་བཟོད་པ་འགྱུར་མེད་ལགས་ནས་རྟགས་གསལ་གཏོང་བཞིན་པ།

  ཟླ10བའི་ཚེས29ཉིན། ཉིན8ལ་སྤེལ་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཇང་དགུན་ཆོས་ཆེན་མོ་ སྐབས་བཅུ་བ་ཡོངས་སུ་མཇུག་རྫོགས་ཤིང་། ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་སྡེ22ནས་ཡོང་བའི་བླ་སྤྲུལ་དང་། གྲྭ་བཙུན། འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་སོགས་མཛད་སྒོའི་སྟེང་ཞུགས་པ་རེད།
  ཐེངས་འདིའི་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་བགྲོ་གླེང་ལ་མངོན་སུམ་གྱི་ ཕན་འབྲས་ཐོན་འདུག་པ་སྟེ། གཅིག་ནི་བོད་རིག་པའི་ཆེད་མཁས་པ་གྲགས་ཅན་གདན་འདྲེན་ཞུས་ནས་གྲྭ་བཙུན་རྣམས་ལ་ འཆད་ཁྲིད་གནང་བས། རིག་གཞུང་བགྲོ་གླེང་འདི་ཟབ་སྦྱོང་གི་བྱ་འགུལ་རྒྱ་ཆེན་པོ་ཞིག་ཏུ་འཕེལ། གཉིས་ནི་འབྲེལ་ཡོད་སྡེ་ཁག་གིས་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སོ་སོ་རིས་ སུ་མ་ཆད་པར་གསེར་ཆེན་རྫོང་ཏིང་ཀྱཱ་རྙིང་མ་བའི་དགོན་པ་དང་ཁྲི་ཀའི་སྟོང་ཆེ་ཁྱུང་མོ་གཡུང་དྲུང་བོན་དགོན་སོགས་ ཀྱི་གྲྭ་བཙུན་རྣམས་གདན་འདྲེན་ཞུས་ཏེ་ཕན་ཚུན་ལ་བཀུར་བསྟི་དང་འཆམ་མཐུན་སྒོས་ རྟགས་གསལ་བཏང་བ་འདིས་ཕན་ཚུན་གྱི་ཐུན་མོང་མ་ཡིན་པའི་ལྟ་གྲུབ་དག་བརྗེ་རེས་དང་ སློབ་སྦྱོང་བྱེད་པར་ནུས་པ་མངོན་སུམ་ཐོན།

གསུམ་ ནི་མཚོ་ལྷོ་ཁུལ་ནང་བསྟན་ཁྱབ་ཁོངས་ཀྱི་བླ་སྤྲུལ་སྙན་གྲགས་ཅན་གདན་འདྲེན་ཞུས་ ནས་དད་ལྡན་མང་ཚོགས་ལ་བོད་བརྒྱུད་ནང་བསྟན་གྱི་རྩ་བའི་བསྟན་བྱ་ལྟར་ནམ་རྒྱུན་ གྱི་འཚོ་བའི་ཁྲོད་རྣམ་དཀར་དགེ་བའི་ལས་ལྷུར་ལེན་པ་དང་སྡུག་པ་མི་དགེ་བའི་ལས་ སྤང་དགོས་པའི་ཚུལ་གྱི་བསླབ་བྱ་གནང་བས་ངེས་པ་དོན་གྱི་ཕན་འབྲས་ཆེན་པོ་ཐོན་ པའོ།།

གོང་ གི་སྐུ་པར་གཉིས་པ་དེ་ཧི་བོན་དྲ་ཚིགས་ལས་དྲངས་པ་ཡིན། གཞན་གནས་ཚུལ་ཡི་གེ་དང་པར་རིས་གཞན་མཚོ་སྔོན་པོ་དྲ་ཚིགས་ལས་ཐད་བཤུས་བྱས་པ་ཡིན་པས་དགོངས་འཇགས་ཞུ།

མཚོ་སྔོན་པོ་དྲ་ཚིགས་ཀྱི་ཁ་བྱང་།

http://www.amdotibet.cn/html/dt/whjy/2012-10/13821.html

  • ཤོག་བྱང་། gg 
  • Re:མཚོ་ལྷོ་ཁུལ་གྱི་འཇང་དགུན་ཆོས་ཆེན་མོ་སྐབས་བཅུ་བ་བདེ་བླག་ངང་མཇུག་རྫོགས་པ། | 2013-02-28 10:24:19
    སྐུ་མགྲོན་KOFr37(སྐུ་མགྲོན)༧ རྒན་ལགས་སུ་བཀའ་འདྲི་ཞུ་རྒྱུ་ཞིག་ལ། དེ་སྔོན་གུས་པས་མཇལ་བའི་སྐྱབས་སྟོན་ཁྲོ་འགྲེལ་ཞེས་པ་དབང་ཆེན་ཁྲོ་བོ་གཞུང་གི་འགྲེལ་པ་དེ་རུ་སྐབས་ཕྲིན་གྱི་ས་བཅད་ཅིག་ལས་འགྲེལ་པ་མ་བྱུང་། དེར་ས་བཅད་ཡོད་པ་ལྟར་ན་ཁོང་གིས་མཛད་པའི་སྐབས་ཕྲིན་གྱི་འགྲེལ་ཞིག་ཀྱང་ཨེ་ཡོད་སྙམ། ས་བཅད་དེར་རྩ་བའི་ཚིག་ཟིན་སོ་སོ་ཡོད་ན་དོན་ཆེན་ཡིན་མོད། ཡོད་ཀྱང་༼གཡུང་དྲུང་བོན་གྱི་དཔེ་ཚོགས་༽ཞེས་པའི་དེབ་གཟུགས་གྲས་ཀྱི་དཔེ་རུ་བཀོད་མི་འདུག ༼སོག་སྤྲུལ་བརྟེན་འགྱུར་༽གྲས་ཀྱི་དཔེ་རུ་ཡོད་མེད་མཇལ་ཁོམ་མ་བྱུང་། སྤྱིར་ན་སྐབས་ཕྲིན་ནང་གི་གསང་བ་འདུས་པའི་ཐུགས་རྗེའི་རྒྱུན་སྒྲུབ་ཅེས་པའི་སྐོར་ཞིག་བཞུགས་པ་བྲུ་ལུགས་སྐབས་རྒྱུན་ལྡན་གསུང་སྲོལ་མི་འདུག་རུང་། སྒྲུབ་ཆེན་སོགས་ཀྱི་སྐབས་འདོན་སྲོལ་ཨེ་ཡོད། འདིར་ཕྱོགས་ཁྲོ་བོ་ཞུ་ལུགས་བྱེད་སྲོལ་ཡོད་པས་དེ་རྒྱུན་ལྡན་འདོན་སྲོལ་ཡོད། འོན་ཀྱང་དེའི་སྐོར་ས་བཅད་མང་ཞིག་དོན་ཟབ་པ་མ་ཟད་འདོན་ཤེས་པ་ཙམ་ཡང་དཀའ་བར་སྣང་། གལ་སྲིད་སྐབས་ཕྲིན་གྱི་འགྲེལ་པ་ཡོད་ན་དེའི་སྐོར་གསལ་པོ་ཞིག་ཨེ་ཡོད་བསམ་པའི་རེ་བ་ཡོད། རྒན་ལགས་ནས་དེ་དག་སྐོར་ལ་རྒྱུས་མངའ་ཡོད་པའམ་འབྲེལ་ཡོད་ཁག་ལ་གཟིགས་ཞིབ་ཀྱིས་གསུང་རོགས་བྱུང་ན་ཅིས་ཀྱང་བཀའ་དྲིན་ཆེ། ཁྱུང་གསེར་ཞུས་ནས་གུས་པས་ཕུལ།
    རྩོམ་པ་པོ།:སྐུ་མགྲོན་KOFr37(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:མཚོ་ལྷོ་ཁུལ་གྱི་འཇང་དགུན་ཆོས་ཆེན་མོ་སྐབས་བཅུ་བ་བདེ་བླག་ངང་མཇུག་རྫོགས་པ། | 2012-11-01 20:35:52
    lhudup(སྐུ་མགྲོན)རྒན་ལགས་སུ་བཀྲ་ཤིས་བདེ་ལེགས་ཡོད།
    རྩོམ་པ་པོ།:lhudup(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:མཚོ་ལྷོ་ཁུལ་གྱི་འཇང་དགུན་ཆོས་ཆེན་མོ་སྐབས་བཅུ་བ་བདེ་བླག་ངང་མཇུག་རྫོགས་པ། | 2012-11-01 14:03:56
    ཤེས་རབ།(སྐུ་མགྲོན)རྒན་བཟོད་པ་ལགས་ནས་རིག་ལམ་ཚ་བོ་བཏང་ཡོད་ཤག་རེད། མ་གཞི་ཁོང་རིག་ལམ་སྐྱེན་པོ་རྣམ་འགྱུར་ཐུན་མིན་ཞིག་ཡོད། ཡིད་རངས་ཞུ།
    སྨན་རི་ནས།
    རྩོམ་པ་པོ།:ཤེས་རབ།(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    དཔྱད་གཏམ་སྤེལ་བ།
    སྒྲིག་འཇུག...
    Powered by Oblog.