ཧི་བོན་ཟིན་བྲིས།
ཁྱུང་སྐྱུགས།


ཁྲི་གཡུང་དྲུང་གི་ཟིན་བྲིས།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྨན་རིའི་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་བཅུ་དྲུག་པ་དབུ་འཛུགས་གནང་བ། | 2012-10-16 11:16:00

སྨན་རིའི་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་བཅུ་དྲུག་པ་དབུ་འཛུགས་གནང་བ།

ཕྱི་ལོ་ ༢༠༡༢ལོའི་ཟླ་༡༠ཚེས་༡༦བོད་ཆུ་འབྲུག་ལོའི་ཟླ་དགུ་པའི་ཚེས་གཅིག་ཉིན་ནས་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡས་རུ་འཆད་རྩོད་ཆེན་མོ་ཐེངས་བཅུ་དྲུག་པ་དབུ་འཛུགས་གནང་ཡོད་པའི་གནས་བསྡུས།

དེ་ཡང་ཐོག་མར་ཕྱི་ལོ་༡༩༩༧ལོར་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡས་རུའི་ འཆད་རྩོད་ཆེན་མོ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པའི་ཐུགས་ བསྐྱེད་ཉེར་ལེན་ཟབ་མོ་ལ་བརྟེན་ནས་གསར་འཛུགས་མཛད་གནང་ཡོད་པ་རེད། སྤྱིར་གཡས་རུའི་འཆད་རྩོད་ཆེན་མོ་ཞེས་པ་སྔ་རབས་བོན་གྱི་གདན་ས་ཆེན་མོ་གཡས་རུ་ དབེན་ས་ཁའི་སྟོན་པ་བཅོ་བརྒྱད་ཀྱི་ནང་ཚན་སྟོན་པ་བརྒྱད་པ་བོན་གྱི་སྤྱན་ལྡན་ ཆེན་པོ་འགྲོ་མགོན་འ་ཞ་བློ་གྲོས་རྒྱལ་མཚན་(༡༡༩༨།༡༢༦༣)མཆོག་གིས་མཛད་པའི་༼ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་༽ཀྱི་ གཞུང་དོན་ལ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་རྣམས་གཙོས།   བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་ཡོངས་རྫོགས་གླིང་སྟོད་དང་། གླིང་སྨད་གཉིས་སུ་ཕྱེས་ཏེ།   དཔྱད་གསུམ་རྣམ་པར་དག་པའི་འཆད་རྩོད་དམིགས་བསལ་གནང་སྲོལ་ཡོད་པ་ལྟར།

གོང་ཟླའི་ཚེས་༡༦ཉིན་ནས་དམིགས་བསལ་གྱིས་བཤད་སྒྲུབ་སློབ་གཉེར་བ་རྣམས་ཀྱིས་ ནངས་སྔ་ལངས་དང་དགོང་འཕྱི་གཟིམ་གྱིས་ངག་སྐྱོར་དང་བློ་སྦྱོང་ཤུགས་ཆེན་གནང་ དགོས་པ་དང་།  གཞན་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་བཤད་སྒྲུབ་མཁན་སློབ་རྣམ་གཉིས་ གཙོས་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་རྩོད་པའི་དཔང་པོར་བཞུགས་ཏེ།   བདུན་ཕྲག་སོ་སོར་གླིང་སྟོད་སྨད་གཉིས་སུ་བྱས་ཏེ་སློབ་གཉེར་བ་རྣམས་ཀྱིས།   མ་རྟོགས་མུན་པ་སེལ་བའི་སྒྲོན་མེ།  ལོག་རྟོག་བྲག་རི་གཞོམ་པའི་ཐོག་མདའ།   ཐེ་ཚོམ་དྲྭ་བ་གཅོད་པའི་རལ་གྲི།   བསྟན་པ་བྱི་དོར་བྱེད་པའི་ཐབས་ཀྱི་སྙིང་པོ།  རྩོད་པ་བོན་གྱི་འཁོར་ལོ་ཡོངས་སུ་སྐོར་མཛད་དེ།

བདུན་ཕྲག་རེ་ལ་རྩོད་ཐུག་ཆེན་མོ་རེ་གནང་དགོས་པ་དང་།  དེ་ཡང་མཐའ་མའི་བདུན་ཕྲག་གི་འཁོར་དུས་གསུམ་པའི་ཐོག་ལོ་གཅིག་གི་གཡས་རུའི་འཆད་ རྩོད་ཆེན་མོའི།  རྩོད་ཐུག་གི་རྒྱལ་ཕམ་དང་ཁྱབ་ལོག་ཁག་འདུས་སྡེའི་ཚོགས་དབུས་སུ་སྒྲོག་སྦྱོང་ ཞུ་རྒྱུ་དང་། འཆད་རྩོད་ཆེན་མོའི་མཐའ་མའི་རྩོད་རྒྱུགས་སྐབས་༧སྨན་རིའི་དཔོན་སློབ་རིན་པོ་ ཆེ་གདན་ཞུས་ཀྱིས་འབྲེལ་ཡོད་དཔེ་ཁྲིད་རྒན་རྣམ་པས་གཞུང་དོན་གྱི་དཀའ་གནད་ཆེ་ ཁག་ཤོག་སྒྲིལ་བཟོས་ཏེ་སློབ་གཉེར་བ་སོ་སོས་བླངས་ནས་དཔོན་སློབ་རིན་པོ་ཆེའི་ ཕྱག་ཏུ་ཕུལ་ཏེ་ཁོང་གིས་གསུངས་མཛད་པ་ལྟར།   རིག་འཕྲུལ་གྱིས་བརྡར་ཤ་ལེགས་པར་བཅད་དེ་བདུན་ཕྲག་གཅིག་གི་རིང་རྩོད་རྒྱུགས་ དམ་བཅའ་ཆེན་མོ་མཛད་དེ་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡས་རུ་འཆད་རྩོད་ཆེན་མོ་ཐེངས་བཅུ་དྲུག་པའི་མཐའ་མའི་རྩོད་རྒྱུགས་ཆེན་མོ་ལེན་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་ཙམ་དུ་གཡུང་དྲུང་བོན་གྱི་དྲ་ཚིགས་གཙོ་སྒྲིག་པས།

པར་པ་ཁྲི་གཡུང་དྲུང་།

Re:སྨན་རིའི་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་བཅུ་དྲུག་པ་དབུ་འཛུགས་གནང་བ། | 2012-10-18 00:30:21
སྐུ་མགྲོན་81Tg83(སྐུ་མགྲོན)སྨན་རིའི་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་བཅུ་དྲུག་པ་དབུ་འཛུགས་གནང་བ་ལ་བཀྲ་ཤིས་བདེ་ལེགས་ཞུ། འགྲོ་དོན་གོང་ནས་གོང་དུ་འཕེལ་བར་ཤོག། ཤེས་ཡོན་ཕུན་སུམ་ཚོགས་མི་བུ་འབུམ་ཕྲག་མང་པོ་གནས་བྱིན་རླབས་ཅན་འདི་ནས་བྱོན་ཏེ་གངས་ཅན་སྐྱེ་འགྲོ་ཡོངས་ལ་ཕན་བདེའི་བྱིན་རླབས་ཀྱི་ཆར་ཆེན་འབེབ་པར་ཤོག། མཐུན་རྐྱེན་ལེགས་པར་བསྒྲིགས་པའི་གནས་འདིར་ཤེས་ཡོན་ལ་དུང་བའི་གྲྭ་རྒྱུན་གང་མང་འཕེལ་བར་ཤོག། བོད་ཡུལ་ཕྱོགས་ནས་གནས་འདིར་བཤད་སྒྲུབ་ཀྱི་བྱ་བ་ལ་བརྩོན་འདོད་ཡོད་མཁན་ཚོ་ཕེབས་ཐུབ་ན་ཤིན་ཏུ་བཟང་ངོ་། །
རྩོམ་པ་པོ།:སྐུ་མགྲོན་81Tg83(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྨན་རིའི་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་བཅུ་དྲུག་པ་དབུ་འཛུགས་གནང་བ། | 2012-10-17 15:09:56
སྐུ་མགྲོན་p74Wob(སྐུ་མགྲོན)གནས་འདི་ནི་རིགས་པའི་མཚེར་ས་ཞིག་སྟེ། དགེ་བཤེས་བརྒྱ་ཕྲག་གིས་དམ་འཇོག་དང་རྩོད་རྒྱུག་ཕུལ། གནས་འདི་ནི་སྙན་ངག་གྱེར་འདོན་གྱི་སྟེགས་བུ་ཞིག་སྟེ། དཔོད་བྲིས་དང་རྩོམ་རྒྱུག གི་རྦ་རླབས་གྱེན་ལ་འཕྱུར། གནས་འདི་ནི་བཟོ་རིག་འབྱུང་བའི་མ་ཡུམ་ཞིག་སྟེ། པིར་སྨྱུག་གི་རྩེ་ནས་མཆེད་པའི་ཚོན་རིས་འབུམ་ཕྲག་བཞད།
གནས་འདི་ནི་དབེན་ཁྲོད་ཀྱི་དག་ཞིང་ཞིག་སྟེ། འདོད་ཆུང་ཆོག་ཤེས་ཀྱི་འཚོ་བ་ལོ་མང་རོལ།
པར་དེས་དྲན་ཤར་གྱི་རྟོག་པ་གཡོས་བཅུག དགེ་སློབ་ཀུན་ལ་བཀྲ་ཤིས་བདེ་ལེགས་ཞུ།
རྩོམ་པ་པོ།:སྐུ་མགྲོན་p74Wob(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྨན་རིའི་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་བཅུ་དྲུག་པ་དབུ་འཛུགས་གནང་བ། | 2012-10-16 23:32:26
zhongsongགདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་བཅུ་དྲུག་པ་འཚོགས་གནང་བར་གུས་འདུད་དང་བཅས་དགའ་བསུ་ཞུ་མཐར་བརྟན་གྱི་སྨོན་ལམ་སྙིང་ཁང་ནས་འདེབས་སོ།
Re:སྨན་རིའི་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་བཅུ་དྲུག་པ་དབུ་འཛུགས་གནང་བ། | 2012-10-16 13:48:33
སྐུ་མགྲོན་NRIu4Y(སྐུ་མགྲོན)དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡས་རུ་འཆད་རྩོད་ཆེན་མོ་ཐེངས་བཅུ་དྲུག་པ་དབུ་འཛུག་གནང་བ་དགའ་བསུ་བཀྲ་ཤིས་རྟེན་འབྲེལ་ཞུ་ཞུ་ཞུ།། ཁྱུང་ནག་བློ་གྲོས་ནས་ཕུལ།།
རྩོམ་པ་པོ།:སྐུ་མགྲོན་NRIu4Y(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྨན་རིའི་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་བཅུ་དྲུག་པ་དབུ་འཛུགས་གནང་བ། | 2012-10-16 12:33:57
འཇིགས་མེད་བཀྲ་ཤིས།(སྐུ་མགྲོན)སྨན་རི་དགོན་པའི་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་བཅུ་དྲུག་པ་རྒྱལ་ཁའི་ངང་གྲོལ་བའི་སྨོན་ལམ་དང་འཚམས་འདྲི་ཡོད། ཐུགས་རྗེ་ཆེ།
འཇིགས་མེད་བཀྲ་ཤིས་ནས།
རྩོམ་པ་པོ།:འཇིགས་མེད་བཀྲ་ཤིས།(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྨན་རིའི་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་བཅུ་དྲུག་པ་དབུ་འཛུགས་གནང་བ། | 2012-10-16 12:31:21
balo garos(སྐུ་མགྲོན)དཔལ་གཤེན་སྨན་རིའི་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་བཅུ་དྲུག་པ་དབུ་འཛུགས་གནང་བར་སྙིང་ནས་བཀྲ་ཤིས་བདེ་ལེགས་དང་གུས་འདུད་ཞུ།
རྩོམ་པ་པོ།:balo garos(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.