ཧི་བོན་ཟིན་བྲིས།
ཁྱུང་སྐྱུགས།


ཁྲི་གཡུང་དྲུང་གི་ཟིན་བྲིས།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དཔལ་ཁྲི་བརྟན་ནོར་བུ་རྩེའི་གལ་ཆེའི་གསལ་བསྒྲགས།  | 2012-09-17 13:38:00

བལ་ཡུལ་བོན་དགོན་༧དཔལ་ཁྲི་བརྟན་ནོར་བུ་རྩེའི་གལ་ཆེའི་

གསལ་བསྒྲགས།

འགྲོ་བ་ལྷ་དང་བཅས་པའི་སངས་རྒྱས་གཡུང་དྲུང་བོན་གྱི་སྐྱབས་འོག་ཏུ་ཚུད་པའི་ལྷ་སྡེ་མི་མང་རྣམས་དང་ལྷག་བསམ་གྱི་འོ་མཚོ་རབ་ཏུ་ཕྱུར་བའི་རྣམ་དཀར་དད་སྦྱིན་རྣམ་པར་ཆེད་ཞུ།

ཕན་བདེ་ཀུན་གྱི་འབྱུང་གནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་བསྟན་འགྲོར་སྨན་པའི་གསང་གསུམ་གྱི་ འཕྲིན་ལས་བསམ་གྱིས་མི་ཁྱབ་པ་གང་འདུལ་དུ་མཛད་པའི་ཆ་ཤས་སུ། ཕྱི་ལོ་༡༩༨༧་བོད་རབ་གནས་མེ་ཡོས་ལོར་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་དྲུར་གནས་ཆེན་འཕགས་པ་ཤིང་ཀུན་དང་ཉེ་བའི་སར་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གདན་ས་འདི་ བཞིན་བཞེངས་པའི་དབུ་བརྩམས་ནས་དཀའ་ཐུབ་དང་ཐུགས་རྗེ་ཐབས་མཁས་ཀྱི་སྒོ་ནས་རིམ་ བཞིན་དགོན་པའི་ཕྱི་ནང་རྟེན་དང་བརྟེན་པ་རྣམས་ལུང་མཐུན་ཕྱག་བཏབ་མཛད་ནས། ད་ལྟའི་ཆར་ལམ་བསླབ་པ་རྣམ་པ་གསུམ་ལ་གཞི་བྱས་ཏེ་མདོ་སྔགས་སེམས་གསུམ་ཐུན་མོང་ རིག་གནས་དང་བཅས་པར་གསན་བསམ་ཉམས་ལེན་ལྷོད་མེད་གནང་བའི་འདུས་གྲྭ་ཉིས་བརྒྱར་ ཉེ་བ་འདུས་སྡོད་ཀྱི་དགོན་སྡེ་ཞིག་ཆགས་ནས་ཡོད་པ་ནི་བོན་དང་བལ་ཡུལ་གྱི་ལོ་རྒྱུས་ཐོག་བསུབ་ཏུ་མེད་པའི་ལེའུ་གསར་པ་ཞིག་ཡིན།

འདི་ལོ་བོད་རབ་མཛོད་ཆུ་འབྲུག་སྟེ་ཕྱི་ལོ་༢༠༡༢་ནང་དགོན་སྡེ་འདི་བཞིན་ཕྱག་ བཏབ་ནས་བགྲང་བྱ་ཉེར་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་ཞིག་བསྐྱང་གཏན་ འཁེལ་ཅིང་། དེ་ཡང་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་རང་ཅག་བོན་འབངས་སྤྱི་དང་ ལྷག་པར་འབྲེལ་ཡོད་བལ་ཡུལ་རྒྱལ་ཁོངས་ཀྱི་བོན་འབངས་ཡོངས་ལ་བཀའ་དྲིན་ཚད་མེད་གནང་བར་རྗེས་དྲན་ཞུ་བ་དང་། ༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་ལུང་རྟོགས་བསྟན་པའི་ཉི་ མ་མཆོག་དང་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ གིས་དབུས་སངས་རྒྱས་གྱི་བསྟན་འཛིན་གང་ན་སུ་བཞུགས་རྣམས་ཀྱི་སྐུ་ཚེ་ཞབས་པད་བརྟན་པ་དང་། འཛམ་གླིང་ཡངས་པའི་ས་ཁྱོན་ཀུན་ཏུ་ས་ཡོམ་དང་ཆུ་ལོག་སོགས་རང་འབྱུང་ཁམས་ཀྱི་གནོད་འཚེ་མཐའ་དག་ཞི་ཞིང་ནད་མུག་མཚོན་འཁྲུགས་ཀྱི་འཇིགས་པ་ཀུན་དང་བྲལ་ནས་ཞི་བདེའི་དཔལ་ཡོན་རྒྱས་པ་དང་། ༧འདུས་སྡེ་ཆེན་པོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་མཐུན་སྦྱོར་རོགས་རམ་གནང་ མཁན་དད་སྦྱིན་སྤྱི་སྒེར་ཤི་གསོན་རྣམས་ཀྱིས་གཙོས་སེམས་ཅན་ཐམས་ཅད་ཀྱི་འདི་ཕྱིའི་འཕྲལ་རྐྱེན་བར་ཆད་ཞི་ཞིང་མཐར་ཐུག་བདེ་ཆེན་གྱི་གོ་འཕང་རིན་པོ་ཆེ་ཐོབ་ པ་བཅས་ཀྱི་ཆེད་དམིགས། འདི་ལོ་བོད་ཟླ་༡༡ཚེས་༡སྟེ་ཕྱི་ཟླ་༡༢ཚེས་༡༤ནས་བོད་ཚེས་༡༥ཕྱི་ཚེས་༢༨བརསྤྱི་སྤུངས་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་བདུད་རྩི་འོད་ཟེར་འཁྱིལ་བའི་སྨན་ སྒྲུབ་ཆེན་མོ་ཞིག་འཚོགས་རྒྱུ་དང་། དུས་མཚུངས་སུ་ཁྲོ་བོའི་སྒྲུབ་པ་དང་བླ་ཆེན་དྲན་པའི་འབུམ་ཚོགས། དེ་བཞིན་སྔགས་འཆང་རྣམས་ཀྱི་བླ་ཆེན་དྲན་པའི་སྒྲུབ་པ་བསྐྱང་རྒྱུ་དང་།

སྨན་སྒྲུབ་དབུ་མ་ཚུགས་པའི་སྔོན་དུ་ཕྱི་ ཟླ་༡༢ཚེས་༩ནས་༡༡བར་ཉིན་གསུམ་རིང་བོད་དང་བོན་གྱི་ཆོས་རིག་ཐོག་ཞིབ་འཇུག་པ་དང་ སྙན་གྲགས་ལྡན་པའི་མཁས་དབང་འགས་བོན་གྱི་སྐོར་བགྲོ་གླེང་གནང་རྒྱུ་དངཁྲི་ བརྟན་ནོར་བུ་རྩེའི་བླ་གྲྭ་དགེ་བཤེས་རྣམ་པས་སྨན་སྒྲུབ་ཀྱི་ཉམས་ལེན་དང་ཕན་ ཡོན་སྐོར་ལ་བོན་ཁྲིད་གནང་རྒྱུ། ཕྱི་ཚེས༡༢ནས་༡༣བར་བཅའ་བཟོ་དང་ཉེའུ་འདོན་པ་ལམ་འཕྲང་བཅོས་ཚྭ་ཚྭ་འདེབས་བཟོ་ཐར་ གླུད་བཀར་བ་སོགས་སྔོན་འགྲོའི་རིམ་འགྲོ་རྣམས་བསྒྲུབ་རྒྱུ་དང་། སྒྲུབ་ཆེན་གྲུབ་རྗེས་ཕྱི་ཚེས་༢༩ནས་༣༡བར་ཉིན་གསུམ་རིང་བཀའ་རབས་པ་རྣམ་པའི་དགེ་བཤེས་དམ་འཇོག་གནང་རྒྱུ། ཕྱི་ལོ༢༠༡༣གསར་ཚེས་ཉིན་དགེ་བཤེས་རྣམ་པའི་བཀྲ་ཤིས་དམ་བཅའ་དང་སྨན་སྒྲུབ་ཀྱི་བཀྲ་ཤིས་དང་སྨན་འགྱེད་བཅས་ཀྱིས་དངོས་གཞིའི་མཛད་སྒོ་གྲུབ་རྒྱུ་དང་། ཕྱི་ཚེས་༢ཉིན་བཏང་རགས་དགའ་སྟོན་བཅས་ཀྱི་སྒོ་ནས་ཉེར་ལྔའི་དུས་དྲན་མཛད་སྒོ་མཇུག་གྲུབ་རྒྱུ་བཅས་ལགས་ན། ཉིད་ཅག་རྣམ་པ་སྒྲུབ་པ་ཆེན་མོ་འདི་དང་མཛད་སྒོ་འདིར་མཉམ་བཞུགས་ཡོང་བའི་མགྲོན་བརྡ་རུ།http://www.shenten.org/images/Flyer_Triten_25years-web.pdf

༧དཔལ་ལྡན་ཁྲི་བརྟན་ནོར་རྩེའི་འདུས་སྤྱི་ནས་ཕུལ།

Re:དཔལ་ཁྲི་བརྟན་ནོར་བུ་རྩེའི་གལ་ཆེའི་གསལ་བསྒྲགས། | 2012-09-20 22:20:34
སྐུ་མགྲོན་Os3VMa(སྐུ་མགྲོན)འོ་ལགས་སོ། །ཁྱེད་ཀྱིས་གསུངས་པ་དེ་བདེན་པ་ཡིན་རྒྱུ་རེད། མཉམ་དུ་ཤུགས་རྒྱོབ་ཤོག་ཨ།
རྩོམ་པ་པོ།:སྐུ་མགྲོན་Os3VMa(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དཔལ་ཁྲི་བརྟན་ནོར་བུ་རྩེའི་གལ་ཆེའི་གསལ་བསྒྲགས། | 2012-09-20 19:15:49
bonnaktwang(སྐུ་མགྲོན)ཨོ་ཧོ་ད་ཡག་སོང་རྒན་ལགས་རྟོག་པ་སད་བཞག ད་ནས་བཟུང་འདི་སྐོར་ལ་དོ་སྣང་མང་ཙམ་གནང་དགོས་པའི་ཚོད་དུ་ངེས། ང་རང་རྫུན་མ་ཡིན་མིན་གལ་མི་ཆེ་ལགས།
རྩོམ་པ་པོ།:bonnaktwang(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དཔལ་ཁྲི་བརྟན་ནོར་བུ་རྩེའི་གལ་ཆེའི་གསལ་བསྒྲགས། | 2012-09-20 14:55:15
སྐུ་མགྲོན་qvm8Pc(སྐུ་མགྲོན)བོན་གྱི་བགྲོ་གླེང་ནི་བོད་ཀྱི་བགྲོ་གླེང་ཡིན་པ་བཤད་མ་དགོས་པ་ཡིན་ཀྱང་། གལ་སྲིད་མི་གང་ཞིག་གིས་བོན་གྱི་བགྲོ་གླེང་དེ་བོད་ཀྱི་བགྲོ་གླེང་ལས་ལོགས་སུ་དགར་ཚེ་དེས་ནི་བོད་ཅེས་པའི་དོན་གྱི་ཡིན་ལུགས་མ་ཤེས་པའི་ནང་རྟགས་སོ། །ཇུས་གཏོགས་རྫུན་མ་མ་ཡིན་པ་ཞིག་ནས་གུས་ཕུལ།
རྩོམ་པ་པོ།:སྐུ་མགྲོན་qvm8Pc(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དཔལ་ཁྲི་བརྟན་ནོར་བུ་རྩེའི་གལ་ཆེའི་གསལ་བསྒྲགས། | 2012-09-20 12:32:15
སྐུ་མགྲོན་2k0Meq(སྐུ་མགྲོན)མཛད་བཟང་འདི་བཞིན་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག བོན་གྱི་བགྲོ་གླེང་དང་འབྲེལ་བར་བོད་ཀྱི་བགྲོ་གླེང་ཡང་གནང་ན་ལེགས་སོ་སྙམ། ཇུས་གཏོགས་ཡོད་པ་ཞིག་ནས་གུས་ཕུལ།
རྩོམ་པ་པོ།:སྐུ་མགྲོན་2k0Meq(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དཔལ་ཁྲི་བརྟན་ནོར་བུ་རྩེའི་གལ་ཆེའི་གསལ་བསྒྲགས། | 2012-09-19 21:41:11
སྐུ་མགྲོན་sxo0Re(སྐུ་མགྲོན)དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ། ཞེས་དང་། འགྲོ་བ་ལྷ་དང་བཅས་པའི་མཆོད་ཡུལ་་་ཞེས་མ་དཔེ་ཇི་བཞིན་བཤུ་གནང་མཛད་ན་ལེགས།
རྩོམ་པ་པོ།:སྐུ་མགྲོན་sxo0Re(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དཔལ་ཁྲི་བརྟན་ནོར་བུ་རྩེའི་གལ་ཆེའི་གསལ་བསྒྲགས། | 2012-09-19 13:20:58
སྐུ་མགྲོན་vaq1Th(སྐུ་མགྲོན)བསྟན་པའི་བྱ་བཞག་འགྲུབ་པའི་དགའ་སྟོན་བཀྲ་ཤིས་བདེ་ལེགས་ཞུ།ཨ་ཞང་གི་ཡིག་ཆ་མར་སློག་ན་མཛད་སྒོ་མཇལ་བར་ཡོང་ངེས་ཡིན།གཙང་ཚ་ནས།
རྩོམ་པ་པོ།:སྐུ་མགྲོན་vaq1Th(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དཔལ་ཁྲི་བརྟན་ནོར་བུ་རྩེའི་གལ་ཆེའི་གསལ་བསྒྲགས། | 2012-09-19 00:42:27
yongཨ་ཧོ། དེ་འདྲའི་མཛད་བཟང་རླབས་པོ་ཆེ་ལ་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ། གཡུང་དྲུང་ཕྲིན་ལས་ནས།
Re:དཔལ་ཁྲི་བརྟན་ནོར་བུ་རྩེའི་གལ་ཆེའི་གསལ་བསྒྲགས། | 2012-09-19 00:35:42
zhongsongབསྟན་ལ་སྨན་པའི་མཛད་བཟང་ཞིག །བལ་པོ་སྤྲིན་གྱི་ལྡིང་ཁང་ནས། །མངོན་པར་ཤར་བའི་དགེ་མཚན་ལ། །བཀྲ་ཤིས་སྨོན་འདུན་ནམ་ཡང་ཞུ། །
Re:དཔལ་ཁྲི་བརྟན་ནོར་བུ་རྩེའི་གལ་ཆེའི་གསལ་བསྒྲགས། | 2012-09-18 18:50:28
སྐུ་མགྲོན་wcs1Vi(སྐུ་མགྲོན)ཐུགས་རྗེ་བྱིན་རླབས་ཤིན་ཏུ་ནས་ཆེ་ཆེ་ཞུ་འོ།།
རྩོམ་པ་པོ།:སྐུ་མགྲོན་wcs1Vi(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དཔལ་ཁྲི་བརྟན་ནོར་བུ་རྩེའི་གལ་ཆེའི་གསལ་བསྒྲགས། | 2012-09-18 11:28:05
txlmLegSo
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.