ཧི་བོན་ཟིན་བྲིས།
ཁྱུང་སྐྱུགས།


ཁྲི་གཡུང་དྲུང་གི་ཟིན་བྲིས།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཁྱུང་མོང་དགོན་དུ་གསར་བཞེངས་མཛད་པའི་གཤེན་རབ་མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་རབ་གན | 2012-08-29 12:07:00

ཁྱུང་མོང་དགོན་དུ་གསར་བཞེངས་མཛད་པའི་གཤེན་རབ་མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་རབ་གནས་མཛད་སྒོ་གྲུབ་པ།


དེ་ཡང་མདོ་སྨད་བྱང་རྒྱུད་ཀྱི་བསྟན་པའི་རྩ་ལག་ཆེན་མོ་དཔལ་གཤེན་བསྟན་ཁྱུང་མོང་དགོན་གྱི་དབུ་བླ་༧རྒྱ་ནག་འཕོ་བ་གྲོང་འཇུག་གི་ཡང་སྤྲུལ་ཉེར་གསུམ་པ་ཁྱུང་མོང་སྟོབས་ལྡན་དབང་ཕྱུག་མཆོག་གི་ཐུགས་བསྐྱེད་རླབས་པོ་ཆེ་ལ་བརྟེན་ནས་ཁྱུང་མོང་གཡུང་དྲུང་ཕུན་ཚོགས་གླིང་དུ་༼གཤེན་རབ་མཆོད་སྡོང་འཛམ་གླིང་རྒྱན་གཅིག༽ ཅེས་པ་བང་རིམ་དང་པོ་ནས་སྐུ་བརྙན་བར་དུ་ཁྲུ་ཚད་༡༠༨ཡོད་པ་ཞིག་བཞེངས་བསྐྲུན་ལེགས་གྲུབ་ཀྱི་རབ་གནས་མཛད་སྒོ་འདི་དང་བསྟུན་ནས། སྤྱིར་ཕན་བདེ་འབྱུང་གནས་ཀྱི་གཞི་མ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་བོན་བསྟན་འཛིན་པའི་རིས་མེད་སྐྱེས་མཆོག་དམ་པ་གང་ན་སུ་བཞུགས་རྣམས་ཀྱི་སྐུ་ཚེ་ལ་བགེགས་དང་བར་ཆད་ཞི་ཞིང་ཐུགས་ཀྱི་བཞེད་དགོངས་འབད་མེད་ལྷུན་འགྲུབ་ཡོང་བའི་ཕྱིར་དང་། བྱེ་བྲག་ཏུ་ཡངས་པའི་ཡུལ་གྲུ་ཀུན་ཏུ་ས་ཆུ་མེ་རླུང་གི་འབྱུང་བཞིའི་འཇིགས་པ་བྲལ་ཞིང་ནད་མུག་འཁྲུག་རྩོད་ཀྱི་བསྐལ་ངན་ཡོངས་སུ་ཞི་ནས་སྐྱེ་འགྲོ་མཐའ་དག་ཞི་བདེའི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པའི་སྨོན་པ་རྒྱ་ཆེར་དང་། སྒོས་སུ་མདོ་སྨད་ཁྲི་ཀའི་ཡུལ་འདིར་མདོ་སྔགས་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པ་དང་དགོན་འདི་དང་འབྲེལ་བའི་དད་སྦྱིན་ལྷ་སྡེ་ཡོངས་ཀྱི་མི་མཐུན་པའི་འགལ་རྐྱེན་མ་ལུས་ཞི་ཞིང་འཚེ་མེད་དགའ་བདེའི་དཔལ་ལ་རོལ་ཐུབ་པ་སོགས་ཀྱི་ཆེད་དུ་དམིགས་ནས།

སྤྱི་ལོ་༢༠༡༢ལོའི་ཟླ་༨ཚེས་༢༢ནས་༢༨བར་སྟེ་ཉིན་བདུན་གྱི་རིང་དགོན་སྡེ་དང་སྒྲུབ་སྡེ་ཕྱོགས་སོ་སོ་ནས་ཕེབས་པའི་གྲྭ་བཙུན་དང་སྔགས་འཆང་བརྒྱ་ཕྲག་ལྷག་གིས་ ཁྱུང་མོང་གཡུང་དྲུང་ཕུན་ཚོགས་གླིང་གི་ཚོགས་ཆེན་འདུ་ཁང་གསར་རྙིང་གཉིས་སུ་ བསྟན་སྲུང་གཙོ་མོ་མ་མཆོག་སྲིད་པའི་རྒྱལ་མོའི་འབུམ་ཚོགས་ཀྱི་མཆོད་སྤྲིན་རྒྱས་འབུལ་དང་། འདུ་ཁང་ཆེན་མོའི་ཡང་སྟེང་རྣམ་པར་རྒྱལ་བའི་ལྷ་ཁང་དུ་དཔལ་གཤེན་བསྟན་དུང་དཀར་དགོན་གྱི་དགེ་འདུན་རྣམས་པས་ཡི་དམ་དབལ་བོན་སྟག་ལ་མེ་འབར་གྱི་གཞུང་བསྲིང་སྟེ་སྲུང་ཟློག་བསད་གསུམ་ལས་མཐའ་མཛད་ཡོད་པ་དང་། གཤེན་རབ་མཆོད་སྡོང་ཆེན་མོ་འཛམ་གླིང་རྒྱན་གཅིག་གི་རིམ་ཁང་དང་པོའི་༧རྗེ་མཉམ་མེད་ལྷ་ཁང་དུ་རེབ་གོང་བོན་བརྒྱ་སྨན་རི་དགོན་གྱི་དགེ་འདུན་རྣམས་པས་རྒྱལ་ཡུམ་བྱམས་མ་ཆེན་མོའི་ཚོགས་རྒྱས་འབུལ་ཞུས་ཡོད་པ་དང་། དེ་མིན་ཁམས་ཕྱོགས་ནས་ཆེད་དུ་ཕེབས་པའི་རྫ་ཁྲོ་ཚང་དགོན་གྱི་མཐར་ཕྱིན་སྒྲུབ་གྲྭ་པ་བཅུ་ནས་རྒྱལ་བའི་གསུང་རབ་ཁམས་ཆེན་ཀློག་འདོན་གནང་།

གཞན་ཡང་ཁྱུང་མོང་བླ་བྲང་རྩེ་མཆོག་ཀུན་བཟང་རྒྱལ་བ་རྒྱ་མཚོའི་ལྷ་ཁང་དུ་ ཁམས་ ཏྲེ་ཧོར་དང་ཁྱུང་པོ་སྟེང་ཆེན་ཁག་ནས་ཕེབས་པའི་བཙུན་མ་རྣམས་ཀྱིས་བླ་ཆེན་དྲན་ པའི་ཚོགས་འཁོར་རྒྱས་འབུལ་ཞུ་བཞིན་པ་བཅས་དང་། ཁྱད་པར་སྤྱི་ཚེས་༢༨ཉིན་བོད་རིག་པའི་མཁས་དབང་ཆེན་མོ་༧རྗེ་བོན་བརྒྱ་ཐམས་ཅད་ མཁྱེན་པ་དགེ་ལེགས་རྒྱ་མཚོ་རིན་པོ་ཆེ་དབུས་བཞུགས་ཐོག་ཁྱུང་མོང་སྟོབས་ལྡན་ དབང་ཕྱུག་རིན་པོ་ཆེ་སོགས་ཕྱོགས་ཕེབས་ཀྱི་བླ་སྤྲུལ་ཁག་དང་དགེ་བཤེས། བོན་བརྒྱ་སྨན་རི་དགོན། སྡེ་དགེ་ཁྲོ་ཚང་དགོན། ཆབ་ཆ་དུང་དཀར་དགོན་སོགས་ཀྱི་དགེ་འདུན་རྣམས་དང་། ཁམས་ཕྱོགས་ཀྱི་བཙུན་མ། དེ་བཞིན་རེབ་གོང་བོན་མང་དང་། རྐ་སར་བོན་མང་། སེ་བརྒྱ་བོན་མང། སྟོང་ཆེ་བོན་མང་། ཤར་སྟེང་བོན་མང་། དོ་ཞི་བོན་མང་། སྟོང་སྐོར་སྤྱི་བ་སོགས་ཀྱི་བོན་མང་གོས་དཀར་ལྕང་ལོ་ལྡན་པའི་སྔགས་འཆང་སོགས་ བཙུན་སྔགས་ཉིས་བརྒྱ་ལྷག་གིས་གཤེན་རབ་མཆོད་སྡོང་འཛམ་གླིང་རྒྱན་གཅིག་ལ་བཀྲ་ ཤིས་མངའ་དབུལ་རབ་གནས་མཛད་དེ་བཀྲ་ཤིས་སྨོན་ལམ་གྱིས་མཐར་བརྒྱན་ཡོད་པ་དང་།

དེ་རྗེས་སུ་སྟོང་ཆེ་ཁྱུང་མོ་ཚོ་བའི་བཞེངས་བསྐྲུན་མཛད་ཡོད་པའི་གཡུང་དྲུང་དཔལ་སྐྱེད་མཆོད་རྟེན་དང་སྟོང་ཆེ་སྙིང་ངེ་ཕ་གསུམ་སྟེ་དཔོན་ཚང་དང་མར་ནང་། འཇམ་གསུམ་གྱིས་ད་ལོར་གསར་དུ་བཞེངས་པའི་རྒྱལ་བ་ཁྲི་གླིང་མཆོད་པའི་རྟེན་གཉིས་ ལ་ཡང་བླ་གྲྭ་བོན་སྔགས་རྣམས་ནས་ཆེད་ཕེབས་ཀྱིས་བཀྲ་ཤིས་རབ་གནས་མཛད་དེ་ཉི་མའི་ མཐའ་ལ་འཇའ་གུར་གྱིས་བརྒྱན་པ་སོགས་རྟགས་དང་མཚན་མ་ངང་གིས་འགྲུབ་པའི་གནས་ བསྡུས་མཚམས་སྦྱོར་ཙམ་མོ།།

ཁྲི་བསོད་ནས་མཐུན་འགྱུར་གནང་།

  • ཤོག་བྱང་། ttt 
  • Re:ཁྱུང་མོང་དགོན་དུ་གསར་བཞེངས་མཛད་པའི་གཤེན་རབ་མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་རབ་གན | 2012-09-10 11:18:56
    txlmlgs lgs
    Re:བཀའ་དྲིན་ཆེའོ།། | 2012-09-09 11:54:58
    སྐུ་མགྲོན་ptk8NB(སྐུ་མགྲོན)ཁྲི་གཡུང་དྲུང་ལ་བཀྲ་ཤིས་བདེ་ལེགས་ཞུ་ཞུ། གངས་དཀར་གྱིས་ཁམས་ཁྱུང་པོའི་ཡུལ་ནས།།།
    རྩོམ་པ་པོ།:སྐུ་མགྲོན་ptk8NB(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:ཁྱུང་མོང་དགོན་དུ་གསར་བཞེངས་མཛད་པའི་གཤེན་རབ་མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་རབ་གན | 2012-09-02 14:38:18
    yungdongརྗེས་སུ་ཡིད་རང་ཞུ།།
    Re:ཁྱུང་མོང་དགོན་དུ་གསར་བཞེངས་མཛད་པའི་གཤེན་རབ་མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་རབ་གན | 2012-08-31 21:35:34
    llaa(སྐུ་མགྲོན)
    བླ་མ་ཁྱུང་མོ་རིན་པོ་ཆེ་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད།
    རྩོམ་པ་པོ།:llaa(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:ཁྱུང་མོང་དགོན་དུ་གསར་བཞེངས་མཛད་པའི་གཤེན་རབ་མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་རབ་གན | 2012-08-31 12:26:25
    སྐུ་མགྲོན་028Ja4(སྐུ་མགྲོན)བསྭོ་བསྭོ་་་་་་་་་་་་
    རྩོམ་པ་པོ།:སྐུ་མགྲོན་028Ja4(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:ཁྱུང་མོང་དགོན་དུ་གསར་བཞེངས་མཛད་པའི་གཤེན་རབ་མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་རབ་གན | 2012-08-30 18:52:34
    danzengyixi


    བྱ་བ་དག་རྗེས་སུ་ཡི་རངས་ཞུས་ཡོད། བཀའ་དྲིན་ཆེའོ།
    ལྷ་གཡག་དར་མས།
    Re:ཁྱུང་མོང་དགོན་དུ་གསར་བཞེངས་མཛད་པའི་གཤེན་རབ་མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་རབ་གན | 2012-08-30 14:04:57
    Ae ma(སྐུ་མགྲོན)ཨེ་མ་ངོ་མཚར་ཆེ་བས་ཡིད་རངས་ཞུ་བཞིན་ཡོད། བོན་རྒྱལ་ལོ།
    རྩོམ་པ་པོ།:Ae ma(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:ཁྱུང་མོང་དགོན་དུ་གསར་བཞེངས་མཛད་པའི་གཤེན་རབ་མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་རབ་གན | 2012-08-29 18:39:34
    སྐུ་མགྲོན་2k04Eq(སྐུ་མགྲོན)ངེད་རྣམས་ལ་གསུང་གནང་བ་ཐུགས་རྗེ་ཆེ་ དཔལ་གཤེན་བསྟན་ཁྱུང་མོ་དགོན་དུ་བཞེང་པའི་གཤེན་རབ་ཀྱི་སྐུ་དེ་མངོན་པར་བསྟོད་དོ་དངོས་ནས་
    རྣམ་འདྲེན་སྟོན་པ་དངོས་སུ་བྱོན་པ་འདྲ་
    སེམས་ཅན་མ་རིག་གསལ་བའི་སྒྲོན་མེ་འདྲ་
    བསོད་ལྡན་བུ་ལ་བྱིན་གྱིས་རླུབ་པའི་སྐུ་
    མཐོང་བ་ཙམ་གྱིས་དགའ་སྤྲོས་འཛུམ་མདངས་རྒོད
    ཕྱིན་སུ་དེ་དང་དེ་འདྲ་བའི་མཛད་རྗེས་ཡོད་ན་དྲྭ་ཐོག་ལ་བཀོད་པ་དགའ་སུ་ཡོད་ཁ་སེམས་ནས་
    རྩོམ་པ་པོ།:སྐུ་མགྲོན་2k04Eq(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    དཔྱད་གཏམ་སྤེལ་བ།
    སྒྲིག་འཇུག...
    Powered by Oblog.