ཧི་བོན་ཟིན་བྲིས།
ཁྱུང་སྐྱུགས།


ཁྲི་གཡུང་དྲུང་གི་ཟིན་བྲིས།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གུ་གེའི་རྒྱལ་རབས་གནས་ཤུལ་གྱི་བྲག་ཕུག་ཏུ་བོད་ཀྱི་གནའི་ལོ་རྒྱུས་ཡིག་ཆ་རྩ་ཆེན་ཞིག་ར  | 2012-08-21 18:44:00

གུ་གེའི་རྒྱལ་རབས་གནས་ཤུལ་གྱི་བྲག་ཕུག་ཏུ་བོད་ཀྱི་གནའི་ལོ་རྒྱུས་ཡིག་ཆ་རྩ་ཆེན་ཞིག་རྙེད་པ།

མིག་སྔར་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་མངའ་རིས་ས་ཁུལ་རྩ་མདའ་རྫོང་ཁོངས་སུ་མངའ་བའི་གུ་གེའི་རྒྱལ་རབས་གནས་ཤུལ་གྱི་བྲག་ཕུག་ཏུ་གལ་ཆེ་བའི་བོད་ཀྱི་གནའི་ལོ་རྒྱུས་ཡིག་ཆ་ཁག་ཅིག་རྙེད་པ་རེད། གསལ་འབྱེད་བྱས་པ་ལྟར་ན་ཡིག་ཆ་འདི་དག་ལ་རིགས་གཞུང་ཞིབ་འཇུག་གི་རིན་ཐང་ཆེན་ པོ་ལྡན་པ་རེད། 
 ཀྲུང་གོའི་མི་རིགས་ལོ་རྒྱུས་རིག་པ་ཚོགས་པའི་ཚོགས་གཙོ་གཞོན་པའམ་བོད་ ལྗོངས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་པ་སངས་དབང་འདུས་ལགས་ཀྱིས་བཤད་རྒྱུར། ༢༠༡༡ལོའི་ཟླཔར་ཡུལ་དེའི་གྲྭ་བ་ཞིག་གིས་གུ་གེ་རྒྱལ་རབས་ཀྱི་གནས་ཤུལ་དུ་ཆོས་ དཔེའི་ཤོག་གྲངས་འགའ་དང་ཡིག་ཆ་དུ་མ་རྙེད་ནས་བསྡུ་ཉར་བྱས་པ་དང་། ད་ལོའི་ཟླཔར་ཁོང་མངའ་རིས་སུ་རིགས་གཞུང་རྟོག་ཞིབ་བྱེད་དུས་དཔེ་རྙིང་དེ་དག་ལ་གསལ་འབྱེད་བྱས་ནས། དེའི་ཁྲོད་རིགས་གཞུང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པའི་བོད་ཀྱི་གནའི་ལོ་རྒྱུས་ཡིག་ཆ་དེ་དག་རྙེད་པ་ཡིན་ཟེར།
པ་སངས་དབང་འདུས་ལགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཡིག་ཆ་འདིའི་བརྗོད་བྱ་ཁག་གཉིས་སུ་འདུས་པ་སྟེ། ཁག་དང་པོའི་ནང་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་ཏེ་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་དུས་རབས་དགུ་བའི་དུས་མཇུག་གི་བོད་བཙན་པོའི་རྒྱལ་རབས་ཀྱི་མཐའ་མའི་ བཙན་པོ་སྟེ་འུ་དུམ་བཙན་པོའི་བར་གྱི་བཙན་པོ་རིམ་བྱོན་བཀོད་འདུག་པ་དང་། ཁག་གཉིས་པའི་ནང་དུས་རབས་བཅུ་བར་བཙན་པོའི་རྒྱལ་རྒྱུད་སྐྱིད་ལྡེ་ཉི་མ་མགོན་ མངའ་རིས་སུ་བྱོན་ནས་སྲིད་དབང་བཙུགས་པ་ནས་དུས་རབས་བཅུ་གཅིག་པའི་དུས་མཇུག་གི་ གུ་གེ་རྒྱལ་རབས་ཀྱི་ལོ་རྒྱུས་གསལ་བོར་བཀོད་འདུག
པ་སངས་དབང་འདུས་ལགས་ཀྱིས་བཤད་རྒྱུར། ཡིག་ཆའི་མཇུག་གི་ཤོག་ལྷེ་འགའ་ཆད་བརླག་བྱུང་མོད་ཀྱང་། ཡིག་ཆ་འདི་དུས་རབས་བཅུ་གཉིས་པའི་དུས་སྟོད་དུ་བརྩམས་པའི་སྒྲུབ་བྱེད་ཡང་དག་ ལྡན་ཞིང་། ཡིག་ཆ་འདི་ནི་མིག་སྔའི་ལོ་རྒྱུས་ཆོས་འབྱུང་གྲགས་ཅན་ཏེ
ལྡེའུ་ཆོས་འབྱུངདང་། རྒྱལ་རབས་གསལ་བོའི་མེ་ལོང ཡར་ལུང་ཇོ་བོའི་ཆོས་འབྱུང དེབ་དམར དེབ་སྔོན མངའ་རིས་རྒྱལ་རྒྱུད ཆོས་འབྱུང་མཁས་པའི་དགའ་སྟོནསོགས་ཀྱི་སྔོན་དུ་བྱུང་ཞེས་བརྗོད་པ་རེད།

གཡུང་དྲུང་བོན་གྱི་དྲ་བ་ལས་བཤུས།

  • ཤོག་བྱང་། tt 
  • Re:གུ་གེའི་རྒྱལ་རབས་གནས་ཤུལ་གྱི་བྲག་ཕུག་ཏུ་བོད་ཀྱི་གནའི་ལོ་རྒྱུས་ཡིག་ཆ་རྩ་ཆེན་ཞིག་ར | 2013-01-03 17:04:52
    གངས་རི་བ(སྐུ་མགྲོན)གཉའ་ཁྲི་བཙན་པོ་ནས་འུ་དུམ་བཙན་བར་གྱི་རིམ་བྱོན་བརྒྱུད་པ་དང་སྐྱིད་ལྡེ་མགོན་གྱི་ལོ་རྒྱུས་དག་ཡོངས་གྲགས་སུ་ཡོད་པས་དེ་ལ་ཧ་ལས་རྒྱུ་གང་ཡང་མི་འདུག
    རྩོམ་པ་པོ།:གངས་རི་བ(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:གུ་གེའི་རྒྱལ་རབས་གནས་ཤུལ་གྱི་བྲག་ཕུག་ཏུ་བོད་ཀྱི་གནའི་ལོ་རྒྱུས་ཡིག་ཆ་རྩ་ཆེན་ཞིག་ར | 2012-09-21 15:37:52
    སྐུ་མགྲོན་Jof6IU(སྐུ་མགྲོན)འདི་ནི་ང་ཚོ་བོད་ཆོལ་ཁ་གསུམ་གྱི་གཟི་བརྗིད་དུ་རྩིས་དེ་ལས་བཟང་བསམ།
    རྩོམ་པ་པོ།:སྐུ་མགྲོན་Jof6IU(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:གུ་གེའི་རྒྱལ་རབས་གནས་ཤུལ་གྱི་བྲག་ཕུག་ཏུ་བོད་ཀྱི་གནའི་ལོ་རྒྱུས་ཡིག་ཆ་རྩ་ཆེན་ཞིག་ར | 2012-08-23 01:49:33
    woserདངོས་གནས་ད་མུ་མཐུད་བོན་གཤེན་རྣམས་ཀྱི་བདེན་སྨོན་གྱི་མེ་ཏོག་འཆར་བཞིན་ཡོད་ས་རེད་གདའ།
    Re:གུ་གེའི་རྒྱལ་རབས་གནས་ཤུལ་གྱི་བྲག་ཕུག་ཏུ་བོད་ཀྱི་གནའི་ལོ་རྒྱུས་ཡིག་ཆ་རྩ་ཆེན་ཞིག་ར | 2012-08-21 21:35:15
    GESHE Laa(སྐུ་མགྲོན)ཡང་བོན་པོ་ཚང་གི་གཟི་བརྗིད་དང་མཛེས་རྒྱན་དུ་འཁུམས་སོ།
    རྩོམ་པ་པོ།:GESHE Laa(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    དཔྱད་གཏམ་སྤེལ་བ།
    སྒྲིག་འཇུག...
    Powered by Oblog.