ཧི་བོན་ཟིན་བྲིས།
ཁྱུང་སྐྱུགས།


ཁྲི་གཡུང་དྲུང་གི་ཟིན་བྲིས།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཁྲི་ཀ་ཁྱུང་མོ་དགོན་དུ་རབ་གནས་མཛད་སྒོ་སྤེལ་རྒྱུ་ཡིན་པ | 2012-08-21 13:08:00

ཁྲི་ཀ་ཁྱུང་མོ་དགོན་དུ་རབ་གནས་མཛད་སྒོ་སྤེལ་རྒྱུ་ཡིན་པ།

Photo: མདོ་སྨད་ཁྲི་གཤོག་རྒྱལ་མོའི་ལྷོ་རྒྱུད་ཁྲི་ཀ་གཡང་ལུང་ར་གསུམ་གྱི་དབུས་མ་གཡུང་དྲུང་བོན་གྱི་བསྟན་པའི་རྩ་ལག་ཁྱུང་མོ་གཡུང་དྲུང་ཕུན་ཚོགས་གླིང་དུ། རྒྱ་ནག་འཕོ་བ་གྲོང་འཇུག་གི་ཡང་སྤྲུལ་ཉེར་གསུམ་པ་མཆོག་སྤྲུལ་༧ཁྱུང་མོ་སྟོབས་ལྡན་དབང་ཕྱུག་རིན་པོ་ཆེ་ནས་སྤྱིར་འཛམ་གླིང་སྐྱེ་འགྲོ་ཡོངས་ལ་འཁྲུག་རྩོད་ནད་ཡམས་དང་སད་སེར་མུ་གེ་སོགས་མི་འདོད་པའི་རིགས་ཀུན་ཞི་ནས་རྒྱལ་ཁམས་ཀུན་ཏུ་བདེ་སྐྱིད་དགའ་བདེ་དཔལ་ལ་ལོངས་སུ་སྤྱོད་རྒྱུའི་ཆེད་དམ། སྒོས་སུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛམ་གླིང་ཡུལ་གྲུ་སོ་སོར་ཁྱབ་པའི་ཐུགས་སྨོན་དང་། ཡང་ཁྱད་མདོ་སྨད་ཁྲི་ཀའི་ཕྱོགས་སུ་མདོ་སྔགས་བཤད་སྒྲུབ་ཟུང་གི་བསྟན་པ་དར་ཞིང་ཡུན་རིང་དུ་གནས་པར་གསེར་ཟངས་ལས་གྲུབ་པའི་༧རྣམ་མཁྱེན་སྟོན་པ་གཤེན་རབ་ཡང་དག་ཁྲི་གཙུག་རྒྱལ་བའི་བཞེངས་སྐུ་༼གཤེན་རབ་མཆོད་སྡོང་འཛམ་གླིང་རྒྱན་གཅིག༽ཞེས་ཁྲུ་ཚད༣༩ཅན་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་བཞེངས་བསྐྲུན་ལེགས་འགྲུབ་བྱུང་བས་རབ་གནས་ཀྱི་མཛད་སྒོ་སྤྱི་ཟླ་༨ཚེས་༢༢ནས་ཚེས་༢༨བར་དུ་སྤེལ་རྒྱུ་རེད།
      རབ་གནས་མཛད་སྒོ་འདིའི་སྟེང་གདན་ཞུས་མཛད་བཞིན་པའི་བླ་སྤྲུལ་གཙོ་བོ་ཁག་ནི་༧རྒྱ་འོབས་ཁྱུང་མོ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་དང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། སྐྱང་སྤྲུལ་དྲི་མེད་འོད་ཟེར། སྟོང་ཁྱུང་སྐལ་བཟང་པདྨ་དབང་རྒྱལ། གཉའ་ཚུལ་ཁྲིམས་ཉི་མ། སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན། རྩེ་དྲུག་བསྟན་འཛིན་འོད་ཟེར། ཐར་བདེ་ཚེ་དབང་འཇིགས་མེད། ལི་ཤུ་གཤེན་རྒྱལ་བསྟན་འཛིན། རྩེ་ཞིག་ཤེས་རབ་བསྟན་པའི་ཟླ་བ། སེང་སྤྲུལ་རིག་འཛིན་ཉི་མ།  དགེ་བཤེས་བསྟན་འཛིན་འབྲུག་གྲགས།  དགེ་བཤེས་ཡོན་ཏན་ཕུན་ཚོགས་སོགས་བླ་སྤྲུལ་དགེ་བཤེས་མང་པོ་ཕེབས་བསུ་བྱས་ཡོད། བཀྲ་ཤིས་པའི་རབ་གནས་མཛད་སྒོ་དེ་དང་བསྟུན་ནས་སྲིད་རྒྱལ་དྲེའུ་དམར་གྱི་འབུམ་ཚོགས་དང་རྒྱལ་ཡུམ་བྱམས་མའི་ཚོགས་འཁོར་རྒྱས་པ། བླ་ཆེན་དྲན་པའི་ཚོགས་འཁོར། ཚེ་དབང་ཚོགས་འཁོར།  སྟག་ལྷ་སྤུ་གྲི་དམར་ནག་སྐོར་གསུམ་གྱི་སྲུང་ཟློག་བསད་གསུམ་སོགས་ཉིན་བདུན་རིང་འཚོགས་གྲབས་གཏན་འཁེལ་བས་འཚོགས་མཇལ་གྱི་ཞབས་བརྟན་རིམ་གྲོ་སྒྲུབ་མཁན་ཡོད་རིགས་དང་། ཆེད་ཞུས་དགོན་སྡེ་བོན་བརྒྱ་དགོན། རྩེ་དབུས་དགོན། དུང་དཀར་དགོན། ཁྱུང་སྨན་དགོན། སོ་ནག་བོན་དགོན། སྟོང་ཁྱུང་དགོན་སོགས་དགོན་སྡེ་སོ་སོ་དང་། རེབ་གོང་བོན་མང་། དོ་ཞི་བོན་མང་། ཤར་སྟེང་བོན་མང་། རྐ་གསར་བོན་མང་། སེར་བརྒྱ་བོན་མང་། བོན་བརྒྱའི་སྤྱི་བ། དཔོན་ཚང་སྤྱི་བ། སྟོང་སྐོར་སྤྱི་བ་སོགས་གཤེན་གྱི་སྒྲུབ་སྡེ་ཁག་རྣམས་དུས་ཐོག་ཏུ་དངོས་ཕེབས་ཡོང་བའི་གདན་འདྲེན་ཞུ་བཞིན་འདུག

མདོ་སྨད་ཁྲི་གཤོག་རྒྱལ་མོའི་ལྷོ་རྒྱུད་ཁྲི་ཀ་གཡང་ལུང་ར་གསུམ་གྱི་དབུས་མ་གཡུང་དྲུང་བོན་གྱི་བསྟན་པའི་རྩ་ལག་ཁྱུང་མོ་གཡུང་དྲུང་ཕུན་ཚོགས་གླིང་དུ། རྒྱ་ནག་འཕོ་བ་གྲོང་འཇུག་གི་ཡང་སྤྲུལ་ཉེར་གསུམ་པ་མཆོག་སྤྲུལ་༧ཁྱུང་མོ་སྟོབས་ལྡན་དབང་ཕྱུག་རིན་པོ་ཆེ་ནས་སྤྱིར་འཛམ་གླིང་སྐྱེ་འགྲོ་ཡོངས་ལ་འཁྲུག་རྩོད་ནད་ ཡམས་དང་སད་སེར་མུ་གེ་སོགས་མི་འདོད་པའི་རིགས་ཀུན་ཞི་ནས་རྒྱལ་ཁམས་ཀུན་ཏུ་བདེ་ སྐྱིད་དགའ་བདེ་དཔལ་ལ་ལོངས་སུ་སྤྱོད་རྒྱུའི་ཆེད་དམ། སྒོས་སུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛམ་གླིང་ཡུལ་གྲུ་སོ་ སོར་ཁྱབ་པའི་ཐུགས་སྨོན་དང་།

Photo: གཤེན་རབ་མཆོད་གདུང་འཛམ་གླིང་རྒྱན་གཅིག

ཡང་ཁྱད་མདོ་སྨད་ཁྲི་ཀའི་ཕྱོགས་སུ་མདོ་སྔགས་བཤད་སྒྲུབ་ཟུང་གི་བསྟན་པ་དར་ཞིང་ ཡུན་རིང་དུ་གནས་པར་གསེར་ཟངས་ལས་གྲུབ་པའི་༧རྣམ་མཁྱེན་སྟོན་པ་གཤེན་རབ་ཡང་དག་ ཁྲི་གཙུག་རྒྱལ་བའི་བཞེངས་སྐུ་༼གཤེན་རབ་མཆོད་སྡོང་འཛམ་གླིང་རྒྱན་གཅིག༽ཞེས་ཁྲུ་ཚད༣༩ཅན་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་བཞེངས་བསྐྲུན་ལེགས་འགྲུབ་བྱུང་བས་ རབ་གནས་ཀྱི་མཛད་སྒོ་སྤྱི་ཟླ་༨ཚེས་༢༢ནས་ཚེས་༢༨བར་དུ་སྤེལ་རྒྱུ་རེད།   

Photo: གཤེན་རབ་ཁྲི་གཙུག་རྒྱལ་བ།

རབ་གནས་མཛད་སྒོ་འདིའི་སྟེང་གདན་ཞུས་མཛད་བཞིན་པའི་བླ་སྤྲུལ་གཙོ་བོ་ཁག་ནི་༧ རྒྱ་འོབས་ཁྱུང་མོ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་དང་བོན་བརྒྱ་དགེ་ལེགས་ལྷུན་ གྲུབ་རྒྱ་མཚོ། སྐྱང་སྤྲུལ་དྲི་མེད་འོད་ཟེར། སྟོང་ཁྱུང་སྐལ་བཟང་པདྨ་དབང་རྒྱལ། གཉའ་ཚུལ་ཁྲིམས་ཉི་མ། སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན། རྩེ་དྲུག་བསྟན་འཛིན་འོད་ཟེར། ཐར་བདེ་ཚེ་དབང་འཇིགས་མེད། ལི་ཤུ་གཤེན་རྒྱལ་བསྟན་འཛིན། རྩེ་ཞིག་ཤེས་རབ་བསྟན་པའི་ཟླ་བ། སེང་སྤྲུལ་རིག་འཛིན་ཉི་མ།  དགེ་བཤེས་བསྟན་འཛིན་འབྲུག་གྲགས།  དགེ་བཤེས་ཡོན་ཏན་ཕུན་ཚོགས་སོགས་བླ་སྤྲུལ་དགེ་བཤེས་མང་པོ་ཕེབས་བསུ་བྱས་ཡོད། བཀྲ་ཤིས་པའི་རབ་གནས་མཛད་སྒོ་དེ་དང་བསྟུན་ནས་སྲིད་རྒྱལ་དྲེའུ་དམར་གྱི་འབུམ་ ཚོགས་དང་རྒྱལ་ཡུམ་བྱམས་མའི་ཚོགས་འཁོར་རྒྱས་པ། བླ་ཆེན་དྲན་པའི་ཚོགས་འཁོར། ཚེ་དབང་ཚོགས་འཁོར།  སྟག་ལྷ་སྤུ་གྲི་དམར་ནག་སྐོར་གསུམ་གྱི་སྲུང་ཟློག་བསད་ གསུམ་སོགས་ཉིན་བདུན་རིང་འཚོགས་གྲབས་གཏན་འཁེལ་བས་འཚོགས་མཇལ་གྱི་ཞབས་བརྟན་ རིམ་གྲོ་སྒྲུབ་མཁན་ཡོད་རིགས་དང་། ཆེད་ཞུས་དགོན་སྡེ་བོན་བརྒྱ་དགོན། རྩེ་དབུས་དགོན། དུང་དཀར་དགོན། ཁྱུང་སྨན་དགོན། སོ་ནག་བོན་དགོན། སྟོང་ཁྱུང་དགོན་སོགས་དགོན་སྡེ་སོ་སོ་དང་། རེབ་གོང་བོན་མང་། དོ་ཞི་བོན་མང་། ཤར་སྟེང་བོན་མང་། རྐ་གསར་བོན་མང་། སེར་བརྒྱ་བོན་མང་། བོན་བརྒྱའི་སྤྱི་བ། དཔོན་ཚང་སྤྱི་བ། སྟོང་སྐོར་སྤྱི་བ་སོགས་གཤེན་གྱི་སྒྲུབ་སྡེ་ཁག་རྣམས་དུས་ཐོག་ཏུ་དངོས་ཕེབས་ཡོང་བའི་གདན་འདྲེན་ཞུ་བཞིན་འདུག

Photo: ཁྲི་ཀ་ཁྱུང་མོ་དགོན་འདབས་སུ་གསར་བཞེངས་མཛད་བཞིན་པའི་ཇོ་མོ་དགོན།

 དགོན་འདབས་སུ་ད་ལྟ་གསར་བཞེངས་མཛད་བཞིན་པའི་ཇོ་མོ་དགོན་པ།

གནས་ཚུལ་ཡི་གེ་ཧི་བོན་དྲ་བ་ལས་བཤུས་པ་ཡིན།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.