ཧི་བོན་ཟིན་བྲིས།
ཁྱུང་སྐྱུགས།


ཁྲི་གཡུང་དྲུང་གི་ཟིན་བྲིས།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གཤེན་རབ་བཅུ་གསུམ་གྱི་མགུར་མ། | 2012-07-29 17:24:00

གཤེན་རབ་བཅུ་གསུམ་གྱི་མགུར་མ

གཤེན་རབ་རྒོད་ཐང་པས་ལྟ་བའི་ཐག་བཅད་ཅིང་སེམས་ཚགས་སུ་བཅུགས་པ། ཡང་འཁོར་བ་དང་མྱ་ངན་འདས་པའི་བོན་མ་ལུས་པ། ད་བཀྲལ་ལ་བཅོས་པ་དང་བྲལ་ཏེ། བཅོས་པ་འབའ་ཞིག་མེད་པར་ལྟ་བས་བལྟའོ། །དེ་ལྟར་རྟོགས་ཙམ་ན་སེམས་ཀྱང་དེ་ཉིད་ལྟ་བ་ཡིན་པར་བལྟ་བ་ནི། སེམས་ཚགས་སུ་ཆུད་ཅེས་ཀྱང་བྱ། ལྟ་བ་ཐག་ཆོད་པ་ཡིན་ནོ། །རྒྱ་རྒྱ་རྒྱ།

གཤེན་པོ་ཉི་མའི་གཡུང་དྲུང་གིས་ལྟ་བའི་ཐག་བཅད་པ། ཡང་འཁོར་བའི་བོན་འདི་ཐམས་ཅད་རྒྱུ་ལས་མ་བྱུང་རྐྱེན་གྱིས་མི་འཇིག་སྟེ། དེ་བཞིན་ཉིད་ཡིན་པར་ལྟ་བས་བལྟའོ། །དེ་ལྟར་རྟོགས་ན་སེམས་ཚགས་སུ་ཆུད་པའོ། །རྒྱ་རྒྱ་རྒྱ།

གཤེན་པོ་ཉི་མའི་འདོ་ཀྱིས་གསུངས་པ། ཡ་ཐ་རྒྱལ་བའི་སྐུ་ནས་ཐ་མ་འཇག་མིག་གི་སྲིན་བུ་ཡན་ཆོད། ཐོག་མ་མ་སྐྱེས་པ་དེ་བཞིན་ཉིད་དུ། བར་དུ་ཡང་གནས་ཐ་མར་ཡང་དེའི་ངང་དུ་འཆི་བར་ལྟ་བས་བལྟའོ། །རྒྱ་རྒྱ་རྒྱ།

གཤེན་པོ་གཡུང་དྲུང་ཐིག་ལེ་འོད་ཀྱིས་གསུངས་པ། ཡང་ལུས་འདི་དང་པོ་རྒྱུ་ལས་མ་བསྐྱེད་དེ་ཡེ་ནས་སྟོང་ལ། ཐ་མར་ཡང་དེའི་ངང་དུ་ལུས་འགྲོ་ལ། སེམས་ཉིད་སྟོང་པ་ཡིན་ཏེ་རྒྱུ་རྐྱེན་ལས་མ་བསྐྱེད་པ་ཡིན་པས། འོན་ཀྱང་སེམས་སྐྱེ་འགག་མེད་པའི་དབྱིངས་སུ་ལུས་འགྲོ་བས་ཤི་དང་མ་ཤི་གཉིས་སུ་ མེད་པར་བལྟའོ། །རྒྱ་རྒྱ་རྒྱ།

གཤེན་པོ་འདོད་རྒྱལ་མཁར་བུ་ཡིས་གསུངས་པ། ཡང་རང་གི་སེམས་ཀྱི་མཚན་ཉིད་འདི་ལྟར་ཡོད་དོ། །ཞེས་བསྟན་དུ་མེད་པ་ཡིན། བསྟན་དུ་མེད་པ་དེ་ཁོ་ན་ས་བཅུ་ཡོངས་སུ་རྫོགས་པ་ཡིན་པས། འོན་ཀྱང་སེམས་དངོས་པོ་མེད་པ་ལ། མ་ཡེངས་པར་སེམས་རང་གིས་སེམས་ལ་བལྟའོ། །རྒྱ་རྒྱ་རྒྱ།

གཤེན་པོ་འོད་དམ་པས་གསུང་པ། ཡང་བོན་གྱི་དབྱིངས་བྱ་བ་ཉིད། སེམས་གཡུང་དྲུང་དམ་འདི་ཉིད་ཡིན་པས་སེམས་ནི་ཅིར་ཡང་སེམས་པ་ཅིར་སྣང་སྟེ་སྣང་ ཡང་དངོས་པོ་རྡུལ་ཡང་མེད་པ་ནི། བརྗོད་པའི་ཐ་སྙད་དང་བྲལ་བ་ཡིན་པ་སྟེ། དེ་ལྟར་རྟོགས་པས་ལྟ་བའི་དམ་པ་ཡིན་པར་བལྟའོ། །རྒྱ་རྒྱ་རྒྱ།

གཤེན་པོ་མུ་བེ་ར་བེར་གྱིས་ལྟ་བའི་ཐག་བཅད་པ། ཡང་སེམས་ནི་ཅི་ལྟར་རྒྱུ་ཡང་དམིགས་སུ་མེད་ལ་བསམ་པར་བྱ་བ་ཡང་བསམ་དུ་མེད་དེ་ མི་བསམ་མི་བརྗོད་མི་དཔྱད་མི་ལྟ་བཙལ་བར་བལྟའོ། །རྒྱ་རྒྱ་རྒྱ།

གཤེན་པོ་མུ་ལྷིང་ལྷིང་གིས་ལྟ་བའི་ཐག་བཅད་པ། ཡང་སེམས་གཡུང་དྲུང་འདི་ལྟར་ནི་རྡུལ་ཕྲ་རབ་ཀྱང་མེད་ལ། གཟུང་དུ་ནི་ཉི་མའི་ཟེར་བཞིན་དུ་འདུག་ལ། དེ་ལྟ་བུའི་སེམས་ཡུམ་གྱི་ཀ་དག་པའི་གཞལ་ཡས་ན། ལུས་འབྱུང་བའི་སྐྱེ་ཤི་མེད་དེ། སྐྱེས་ཀྱང་དང་པོ་དེ་ཉིད་ལས་སྐྱེས་ལ། ཐ་མ་ཡང་དེ་ཉིད་ཀྱི་ངང་དུ་འཆི་བར་བསམ་པ་ནི་བསྒོམ་པ་ཡང་ཡིན། སངས་རྒྱས་ཀྱང་ཡིན་པར་བལྟའོ། །རྒྱ་རྒྱ་རྒྱ།

གཤེན་པོ་མུ་འགྱུར་གྱིས་གསུངས་པ། ཡང་སེམས་གཡུང་དྲུང་འདི་ནི། དཔྱད་གཞིག་ན་དཔྱད་དུ་མེད་ལ། བཟུང་བཅུག་ན་བཟུང་དུ་མེད་པ་ལས་དཔག་པས། སེམས་ནམ་མཁའ་དང་འདྲ་བར་བལྟའོ། །རྒྱ་རྒྱ།

གཤེན་པོ་རྨ་བུ་ལྷུན་གྲུབ་ཀྱིས་གསུངས་པ། ཡང་སེམས་གཡུང་དྲུང་འདི་ནི།

ཟསཅིར་ཡང་སྣང་ཞིང་ཅིར་ཡང་མ་ཡིན་པར་འདུག་པས་ཅིར་ཡང་སྣང་བའི་ཉོན་མོངས་པ་ ལྔ་པོ་ཅི་ཡང་མ་ཡིན་པའི་ངང་དུ་བཅངས་པས། དེ་ལས་མ་ཡེངས་པར་འདུག་པ་སངས་རྒྱས་ཡིན་པའོ། །རྒྱ་རྒྱ་རྒྱ།

པྲ་ཏ་གའུས་གསུངས་པ། ཡང་སེམས་ནི་ཅི་ཡིན་རྡོལ་མེད་དེ། ཅི་ཡི་དངོས་པོར་ཡང་མ་གྲུབ་པའོ། །རྒྱ་རྒྱ་རྒྱ།

ཕུ་མི་ཡ་དོར་གྱིས་གསུངས་པ། ཡང་བོན་གྱི་དབྱིངས་འདི་མེད་དེ། གདོད་མ་ནས་མེད་པ་ནི་བོན་དབྱིངས་ཡིན་ལ་མཐའ་རྣམ་པ་གཉིས་མེད་པ་ནི་ཡང་དག་པའི་ ལམ་ཡིན་པའོ། །རྒྱ་རྒྱ་རྒྱ།

གེ་མུ་ཏྲས་གསུངས་པ། ཡང་བོན་ལ་མཐའ་མེད་པ་ནྀ་ཡང་དག་པའི་མཐའ་ཡིན་ལ། ཐམས་ཅད་མཐའ་མེད་པ་དེ་ལས་ཐམས་ཅད་མ་ལུས་ཀུན་འདི་ལྟར་སྣང་བ་ཐམས་ཅད་ཡན་ལག་མེད་ པའི་སྐུ་ཡིན་པར་བལྟའོ། །རྒྱ་རྒྱ་རྒྱ། དགོངས་པའི་ཚད་རྫོགས་སོ། །རྒྱ་རྒྱ།། །།

རྫོགས་ཆེན་བསྒྲགས་པ་སྐོར་གསུམ་ལས་དྲངས།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.