ཧི་བོན་ཟིན་བྲིས།
ཁྱུང་སྐྱུགས།


ཁྲི་གཡུང་དྲུང་གི་ཟིན་བྲིས།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ངའི་སྙིང་དབུས་ཀྱི་བོད་ཡིག་ཡིད་འཕྲོག་མ། སྙིང་མིག | 2012-07-11 13:44:00
ངའི་སྙིང་དབུས་ཀྱི་བོད་ཡིག་ཡིད་འཕྲོག་མ།

ཞང་ཞུང་སྨར་ཡིག་སྐོར་ལ་བྲིས་པའི་སྙན་རྩོམ་ཞིག

རྩོམ་པ་པོ་སྙིང་མིག

ལོ་ངོ་སྟོང་ཕྲག་དུ་མའི་སྔ་རོལ་ནས།།
འོལ་མོ་ལུང་ན་འཁྲུངས་པའི་མི་བོ་ཆེས།།
ཞང་ཞུང་སྐད་དང་བསྟུན་པའི་བརྡ་སྤྲོད་གཞུང་།།
ཕྱི་རབས་གངས་རིའི་ཞིང་ན་མཛད་རྗེས་ཆེ།།

ཆོས་ཀྱི་རྩ་བ་འཕགས་པའི་ཡུལ་ལ་གཏུག།།
ཡི་གེའི་མ་ཕྱི་ལྷ་ཡི་སྐད་དང་བསྟུན།།
ཡོད་ཚད་མཐོན་པོའི་དབྱིངས་སུ་གཟེངས་འདོད་འདི།།
བོད་མི་རེ་བ་ཅན་གྱི་གཤིས་སུ་གྲུབ།།

ཨ་ནུ་ཐོན་མིའི་དབྱངས་གསལ་སོ་བཞི་དང་།།
ཞང་ཞུང་ཡུལ་ནས་བྲིས་པའི་སྨར་ཡིག་གཉིས།།
གཅིག་གི་གཟུགས་བརྙན་གཅིག་དང་ནོར་དྭོགས་ནས།།
ནང་པའི་དགེ་བཤེས་ཕལ་ཆེར་སྙིང་ཁ་སྡིག།།

ལཉྫའི་གཟུགས་ལ་དབུ་ཆེན་མི་མཐུན་ཞིང་།།
ཝརྟུའི་དབྱིབས་ལ་གཟབ་ཤར་མི་མཚུངས་ན།།
དབྱིབས་རིས་འདི་ལ་མགོ་ཁུངས་གནང་མྱོང་ཞེས།།
རྒྱུས་མེད་མི་ཡི་རྒྱུས་གཏམ་དགོད་རེ་བྲོ།།

རང་མགོ་རང་གི་རིག་གཞུང་ལ་གཏུག་ན།།
རང་ཉིད་དམན་པའི་དོང་ལ་ལྷུང་དོགས་ནས།།
མགོ་བོས་གཞན་གྱི་རྐང་རྗེས་བཙལ་བ་ནི།།
ཀུ་དོགས་རི་ཡི་བོང་བུའི་ངང་ཚུལ་བཞིན།།

སྨར་ཡིག་མ་རུའི་མཁར་ལ་བཅོས་པ་དང་།།
སྔོན་རྗེས་འཇུག་པ་རྩལ་གྱིས་བཏོན་པ་སོགས།།
བཤད་ན་ཐོན་མིའི་དབུ་འཕང་མི་ཉམས་ཤིང་།།
མེས་པོའི་རྣམ་ཤེས་དུར་སར་འཛུམ་གྱིས་གང།།

རྒྱ་གར་མ་སོང་བརྡ་སྤྲོད་མ་བསླབ་ཅེས།།
གནས་ལུགས་གདོང་ལ་སྦར་ཤེད་མ་འཐེན་ཡང་།།
འདི་ནི་ཞང་ཞུང་ཡི་གེའི་ཚ་རྒྱུད་ཅེས།།
རབ་རིབ་སེང་རས་བསལ་བའི་བྱད་བཞིན་ཡིན།།


ངུར་སྨྲིག་ལྟེབ་ཚིགས་བརྒྱབ་པའི་ཐུ་འོག་ནས།།
ཡོད་ཚད་ལྷ་ཡི་བཀའ་ལ་གཏོགས་དགོས་ཤིང་།།
རྣམ་རྟོག་གདོན་གྱིས་བརླམས་པའི་སེམས་ཁམས་ན།།
གསུངས་ཚད་ཆོས་ཀྱི་བྲན་ཏུ་འདུ་དགོས་སྐད།།

རྒྱལ་པོའི་ཁྲིམས་ཐག་ཆོས་པའི་བཀའ་ཡིས་བཅད།།
ཆོས་ཀྱི་དམ་ཚིག་རྒྱལ་པོའི་མཚོན་ལ་ཐིམ།།
ཆོས་སྲིད་ཆང་ས་བརྒྱབ་པའི་ཉིན་མོ་ནས།།
བཤད་ཚད་རྫུན་གྱི་རྟ་ལ་བསྐྱོན་ནས་འདུར།།
༢༠༡༡།༡།༡༧

གྲོགས་རྩོམ་པ་པོ་སྙིང་མིག་ལགས་ཀྱི་བཀའ་འཁྲོལ་བཞིན་འདིར་བཀོད་པ་ཡིན།
Re:བཀའ་དྲིན་ཆེའོ།། | 2012-09-02 11:53:23
སྐུ་མགྲོན་ptk8NB(སྐུ་མགྲོན)རེད་རེད།
རྩོམ་པ་པོ།:སྐུ་མགྲོན་ptk8NB(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ངའི་སྙིང་དབུས་ཀྱི་བོད་ཡིག་ཡིད་འཕྲོག་མ། སྙིང་མིག | 2012-08-06 19:26:13
vyugjboབཀྲ་ཤིས་བདེ་ལེགས། མུ་མཐུན་ནས་ཡིན་ལགས།
Re:ངའི་སྙིང་དབུས་ཀྱི་བོད་ཡིག་ཡིད་འཕྲོག་མ། སྙིང་མིག | 2012-07-25 21:04:00
triyungblogཁོ་བོའི་ཟིན་བྲིས་འདིར་ཕེབས་གནང་མཛད་མཁན་དང་མཆན་འགོད་པོ་ཡོངས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ།
Re:ངའི་སྙིང་དབུས་ཀྱི་བོད་ཡིག་ཡིད་འཕྲོག་མ། སྙིང་མིག | 2012-07-16 16:41:23
tdmbབོན་གྲོགས་ཁྱེད་ཀྱིས་འདི་ལྟ་བུའི་ཟིན་བྲིས་ལེགས་པོ་ཁོ་ན་སྤེལ་བཞིན་འདུག་མོད། ཕྲན་བྲེལ་བས་ཕོངས་པས་སྐད་བཞག་གྲངས་ཤིན་ཏུ་ཉུང་སོང་རུང་། སེམས་ཀྱི་རྒྱབ་སྐྱོར་ནམ་ཡང་ཉུང་མི་སྲིད།
Re:ངའི་སྙིང་དབུས་ཀྱི་བོད་ཡིག་ཡིད་འཕྲོག་མ། སྙིང་མིག | 2012-07-14 14:04:44
སྐུ་མགྲོན་Hlc5Fs(སྐུ་མགྲོན)སྙིང་མིག་ལགས་ནས་རྩོམ་པའི།སྙིང་དབུས་བཟུང་བའི་བོད་ཡིག སྙིང་ཉེ་ཡིད་འཕྲོག་གཏམ་ལ།སྙིང་ནས་བསྟོད་པ་འབུལ་ལོ།ལྷ་ལྡན་གྲོང་ནས་གཙང་ཚས་ཕུལ།
རྩོམ་པ་པོ།:སྐུ་མགྲོན་Hlc5Fs(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ངའི་སྙིང་དབུས་ཀྱི་བོད་ཡིག་ཡིད་འཕྲོག་མ། སྙིང་མིག | 2012-07-14 10:52:13
སྐུ་མགྲོན་J41Qhu(སྐུ་མགྲོན)སློབ་དཔོ་སྙིང་མིག་ལགས་སུ། རྟེན་འབྲེལ་ཞུ།
རྩོམ་པ་པོ།:སྐུ་མགྲོན་J41Qhu(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ངའི་སྙིང་དབུས་ཀྱི་བོད་ཡིག་ཡིད་འཕྲོག་མ། སྙིང་མིག | 2012-07-14 07:53:41
སྐུ་མགྲོན་0GWi04(སྐུ་མགྲོན)སྙན་མོ་ཞིག་བྲིས་འདུག རྗེས་སུ་ཡི་རང་ཡོད། ཁྱུང་བཟང་གིས།
རྩོམ་པ་པོ།:སྐུ་མགྲོན་0GWi04(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ངའི་སྙིང་དབུས་ཀྱི་བོད་ཡིག་ཡིད་འཕྲོག་མ། སྙིང་མིག | 2012-07-13 10:49:50
སྐུ་མགྲོན་pt3Wob(སྐུ་མགྲོན)རྩོམ་པ་པོ་སྙིང་མོག་ལགས་སུ་བཀྲ་བདེ་ལེགས་ཞུ།
རྩོམ་པ་པོ།:སྐུ་མགྲོན་pt3Wob(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ངའི་སྙིང་དབུས་ཀྱི་བོད་ཡིག་ཡིད་འཕྲོག་མ། སྙིང་མིག | 2012-07-13 09:58:01
སྐུ་མགྲོནབྷོད་པ(སྐུ་མགྲོན)སྙིང་མིག་གིས་སྙན་ངག་བྲིས་པར་ཡི་རངས་ཞུ།
བརྗོད་བྱ་དོན་ལ་གནས་འདུག
རྩོམ་པ་པོ།:སྐུ་མགྲོནབྷོད་པ(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ངའི་སྙིང་དབུས་ཀྱི་བོད་ཡིག་ཡིད་འཕྲོག་མ། སྙིང་མིག | 2012-07-12 09:29:50
སྐུ་མགྲོན་TDF(སྐུ་མགྲོན)སྙིང་མིག་ལགས་བོན་པོའི་ཡིག་རྙིང་དེ་དྲངས་ཕྱོགས་ནས་བརྗོད་པར་རང་ཉིད་དྲངས་བདེན་གྱི་རྩོམ་པ་པོ་ཞིག་ཡིན་པར་མཚོན་གྱི་ཡོད།
བོན་དགེ་ནས།
རྩོམ་པ་པོ།:སྐུ་མགྲོན་TDF(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ངའི་སྙིང་དབུས་ཀྱི་བོད་ཡིག་ཡིད་འཕྲོག་མ། སྙིང་མིག | 2012-07-11 14:34:30
སྐུ་མགྲོན་128Kco(སྐུ་མགྲོན)དངོས་གནས་དྲང་གནས་ཀྱི་རྒྱུ་མཚན་གནད་ལ་ཁེར་བ་ཞིག་བྲིས་གནང་འདུག་པས་བཀྲ་ཤིས་བདེ་ལེགས་ཞུ།
གཡུང་བསྟན་ནས།
རྩོམ་པ་པོ།:སྐུ་མགྲོན་128Kco(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.