ཧི་བོན་ཟིན་བྲིས།
ཁྱུང་སྐྱུགས།


ཁྲི་གཡུང་དྲུང་གི་ཟིན་བྲིས།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བོན་གཞིས་ཐོབ་རྒྱལ་གསར་པའི་བྱུང་རབས་དང་ད་ལྟའི་གནས་སྟངས། | 2012-06-07 21:08:00

༧གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་༡༢པའི་ཉིན་ལྔ་པའི་བརྗོད་བྱ་སྙིང་བསྡུས་“བོན་གཞིས་ཐོབ་རྒྱལ་གསར་པའི་བྱུང་རབས་དང་ད་ལྟའི་གནས་སྟངས།”

ཉིན་ལྔ་པའི་གསུང་བཤད་སློབ་དཔོན་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ།

༡༽ བོན་གཞིས་ཐོབ་རྒྱལ་གསར་པ་འདི་འཛུགས་དགོས་དོན་ནི་༡༩༥༩ལོ་བོད་ལ་རྐྱེན་ངན་བསམ་ ཡུལ་ལས་འདས་པ་བྱུང་ནས་བོད་མི་རྣམས་ཕྱི་རྒྱལ་ལ་བཙན་བྱོལ་དུ་ཡོང་དགོས་བྱུང་། ཡུལ་བྱོལ་བའི་ཁྲོད་ནས་གཡུང་དྲུང་བོན་གྱི་རིང་ལུགས་འཛིན་པ་བླ་སྤྲུལ་སེར་སྐྱ་ མི་མང་རྣམས་ལ་ཆགས་རྟེན་གང་ཡང་མེད་པས་རིམ་བཞིན་ཁ་འཐོར་དུ་འགྱུར་ནས་རང་འགོ་ གང་ཐོན་བྱེད་རྒྱུ་དང་ཉུང་བ་མང་བའི་གསེང་དུ་ཐིམ་འགྲོ་བ་འདུས་བྱས་ཀྱི་རང་ བཞིན་ལྟར་བོན་པོ་རྣམས་རིམ་བཞིན་ཆོས་ལུགས་གཞན་པའི་གསེང་དུ་ཐིམ་ནས་རིག་གཞུང་ སླར་གསོ་དང་། བོན་བསྟན་འཛུགས་རྒྱུར་ཕར་ཞོག བོན་པོ་ཡིན་ཟེར་མཁན་ཙམ་ཡང་དཀོན་པོར་འགྲོ་རྒྱུའི་ཉེན་ཁ་འབྱུང་ཉེས་གནས་སྟངས་ ལ་གཟིགས་ནས། ༧སྐྱབས་རྗེ་གཡུང་དྲུང་གླིང་མཁན་ཆེན་ཤེས་རབ་བསྟན་པའི་རྒྱལ་མཚན་མཆོག་ནས་༡༩༦༡ ནས་བོན་ལུགས་འཛིན་པ་རྣམས་ཁ་འཐོར་མི་འགྲོ་བ་དང་གཞིས་ཆགས་གསར་འཛུགས་ཀྱི་བསྟན་ པའི་སོན་རྩ་འཛུགས་རྒྱུའི་དགོངས་བཞེས་བླ་མེད་ཀྱིས་༡༩༦༡ཟླ་བ་༡༠ནང་མཚོ་པདྨ་ལ་ དུ་ཏྲི་སུ་འབུམ་སྒྲུབ་བཙུགས་གནང་། ༡༩༦༢ཟླ་བ་༩ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཀུ་ལུར་ཕེབས་སྐབས་བོན་ལུགས་ འཛིན་པ་རྣམས་ཀྱི་བདེ་སྡུག་སྙན་འབུལ་དང་སྐྱབས་བཅོལ་སྤྱི་ཚོགས་ནང་བོན་གྱི་ མིང་མ་སྟོང་ཙམ་བོན་པོའི་བརྒྱ་ཤོག་ཅེས་པ་འཛུགས་ཐུབ་པ་སོགས་གནང་།

༡༩༦༤ལོ་བཀའ་དྲིན་མཚུངས་མེད་༧ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་ པོ་ཆེ་མཆོག་དབྱིན་ཡུལ་ནས་རྒྱ་གར་དུ་ཕེབས་ནས་གཡུང་དྲུང་བོན་གྱི་བསྟན་པ་དང་ འགྲོ་བའི་བདེ་རྩའི་ཆེད་བོན་གཞིས་ཞེས་པ་གསར་འཛུགས་གནང་རྒྱུའི་དགོངས་བཞེས་ ཀྱིས་ཕྱག་ལས་ལ་བརྩོན་པས། ༡༩༦༥ཟླ་བ་༨ཚེས་༢༦ཉིན་བོད་ཀྱི་བོན་པོའི་ཚོགས་པ་ཞེས་པ་རྒྱ་གར་ཡུལ་ཁྲིམས་ཐོག་ ཁྲིམས་མཐུན་དེབ་སྐྱེལ་གནང་ནས་གཞིས་ས་བཙལ་ཡང་། ཐུགས་འདོད་བཞིན་མ་བྱུང་བས་གུས་བྱ་དུར་བཟང་པོ་ལ་གཞིས་ས་འཚོལ་དགོས་བཀའ་ནན་ ཕེབས་དོན་བཞིན་གུས་ནས་གླ་ཕོགས་སོགས་གང་ཡང་མེད་ཀྱང་བཀའ་དགོངས་ལྟར་བསྟན་དོན་ ལ་བསམ་ནས་ངལ་བ་དང་བླང་བྱས་པའི་འབྲས་བུ་ད་ལྟ་བོན་གཞིས་ཐོབ་རྒྱལ་གསར་པ་ཡུལ་ མིང་ལ་རྡོ་ལན་ཇི་འདི་ཐོབ་པ་བྱུང་། ༡༩༦༧ཟླ་བ་༤ཚེས་ཤར་ལ་བླ་གྲྭ་མི་མང་རྣམས་ས་གནས་འདིར་དངོས་སུ་འབྱོར་ནས་མི་ གྲངས་༣༥༠ནས་བླ་གྲྭ་རྣམས་ཕུད་འཕྲོས་དུད་ཚང་༩༡ལ་ས་ཁང་བདག་ཐོབ་བཀའ་དྲིན་ཆེ་བ་ བྱུང་། ༡༩༦༨ནས་སྨན་རི་དགོན་གསར་བཞེངས་གནང་འགོ་བཙུགས་ཀྱང་། ༡༩༦༩ཟླ་བ་༡༡ཚེས་༥ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཁྲི་འཛིན་སོ་གསུམ་པ་གསེར་ ཁྲིར་མངའ་གསོལ་མཛད་པ་ནས་ད་ལྟ་དཔལ་གཤེན་བསྟན་སྨན་རི་དགོན་པའི་ཕྱི་ནང་གི་གནས་ སྟངས་མཛད་འཕྲིན་གྱི་གྲུབ་འབྲས་བཟང་པོ་རྣམས་དངོས་གཟིགས་ལ་སོང་གསལ་ཞུ་མེད།

༢༽ བོན་གཞིས་ཐོབ་རྒྱལ་གསར་པ་འདི་ཡི་ས་ཁང་རྣམས་ཁྲིམས་ཐོག་ནས་བོད་ཀྱི་བོན་པོའི་ ཚོགས་པའི་ཡིན། གཞིས་མི་རྣམས་ཚོགས་པའི་ཚོགས་མི་ཡིན། སྨན་དགོན་གྲྭ་བཙུན་རྣམས་ཕུད་འཕྲོས་གཞིས་མི་གསར་ཡོང་རྣམས་ཚོགས་པའི་འགན་ལྷན་ ལ་ཞུས་ནས་ཚོགས་པའི་ཚོགས་མིར་གཞུག་དགོས། གཞིས་ཁུངས་ནས་ཐོན་ནས་དེ་དོན་དགོངས་པ་ཞུ་དགོས་པ་ཡིན། ཚོགས་པ་འདི་ཐོག་མ་འགན་འཛིན་ཚོགས་མི་བདུན་ཡོད། ཚོགས་གཙོ་གཡུང་དྲུང་གླིང་མཁན་ཆེན་རིན་པོ་ཆེ་ཡིན། དེ་རྗེས་རི་ཞིང་ཚེ་དབང་རིག་འཛིན། དེང་སྐབས་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་ཡིན། གཞིས་འགོ་ཚོགས་པའི་དྲུང་ཆེ་ཡིན། ཚོགས་པའི་དེབ་སྐྱེལ་ལོ་ལྔ་རེ་ནས་བྱེད་དགོས་པ་དང་འགན་འཛིན་ཚོགས་མི་ལོ་གསུམ་ ནས་འོས་འདེབས་བྱེད་དགོས་ཀྱང་། ལོ་༤༢རིང་མ་བྱས་པར་ཁྲིམས་འགལ་དུ་གནས་ཡོད། དེའི་རྐྱེན་སྨན་དགོན་དང་འབྲེལ་ཡོད་རྣམས་ཕུད་འཕྲོས་རྣམས་ཡར་རྒྱས་མེད་པར་ཉམས་ རྒུད་གནས་སོང་ཡོད།

༣༽ ༢༠༠༥ཟླ་༣ཚེས་༡༦ཉིན་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་བོན་ གཞིས་ས་ཁང་གི་བདག་པོ་བོད་ཀྱི་བོན་པོའི་ཚོགས་པ་༡༩༦༥ནས་དེབ་སྐྱེལ་བྱས་པ་ད་ཆ་ གནས་སྟངས་གང་ཡོད། བར་ལམ་མི་ངེས་ཅན་ཁ་ཤས་ལ་མངགས་ཀྱང་འདི་བྱས་མི་འདུག ཁྱོད་ཀྱིས་འགན་ཁུར་བྱེད་དགོས་ཡོངས་འཛིན་རིན་པོ་ཆེ་མཆོག་ནས་འདིའི་སྐོར་གསལ་ པོ་བཟོ་དགོས་བཀའ་ཡིག་ཕེབས་བྱུང་། གསུང་དོན་ལྟར་གུས་བྱ་དུར་བཟང་པོ་ནས་གླ་ཕོགས་སོགས་གང་ཡང་མེད་ཀྱང་ངལ་བ་དང་ བླང་ལོ་གཉིས་ལས་དོན་བྱས་འབྲས་༢༠༠༨ཟླ་༧ཚེས་༨་ཉིན་དེབ་སྐྱེལ་གསར་བཟོ་ཐུབ་པ་ བྱུང་ཡོད། དེ་བཞིན་ས་ཆ་སྦི་ཀ་༧༢༠ཡོད་གསུངས་པ། བར་ལམ་ས་ཐོ་ལག་འཛིན་མ་ལེན་ལོ་༤༢སོང་དེ་ལེན་ཐབས་བྱས་ནས་༢༠༠༧།༡༡།༨ས་ཐོ་ལག་ འཛིན་ཐོབ་སོན་བྱུང་། དེའི་ནང་ས་སྦི་ཀ་༦༨༢།༧།ལས་མི་འདུག མུ་མཐུད་ཐབས་ཤེས་བྱས་པས་༢༠༡༡།༥།༩།ཉིན་ས་སྦི་ཀ་༣༢། ༣། ཁྲིམས་མཐུན་ཡིག་ཆ་ཡོད། ད་ཆ་ས་སྦི་ཀ་༧༡༤། ༡༠། ཁྲིམས་མཐུན་ཡོད་འོན་ཀྱང་ས་སྦི་ཀ་༢། ༧།ཁྲིམས་གཏུགས་བྱས་ནས་ཐོབ་རེ་ཡོད་ཀྱང་བྱེད་རྒྱུ་བྱུང་མེད། ཡིག་ཆ་རྣམས་བོད་ཀྱི་བོན་པོའི་ཚོགས་པའི་ཚོགས་གཙོ་སྨན་རིའི་ཁྲི་འཛིན་རིན་པོ་ ཆེ་ལ་༢༠༡༡།༧།༡༩།ཉིན་ཕུལ། བྱ་དུར་བཟང་པོས།

ཉིན་ལྔ་པའི་བགྲོ་གླེང་གཙོ་སྐྱོང་པ་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་ཡིན།

Re:བོན་གཞིས་ཐོབ་རྒྱལ་གསར་པའི་བྱུང་རབས་དང་ད་ལྟའི་གནས་སྟངས། | 2012-06-08 10:25:49
སྐུ་མགྲོན་wCRe73(སྐུ་མགྲོན)འོ་ཡ་གྲོགས་པོ་ལགས་བཀའ་དྲིན་ཆེ། གོ་གོ་སྙན་སྙན། ངས་དེ་ཚོ་ཤེས་མ་བྱུང་བས་སྐུ་ཉིད་ནས་གསལ་བཤད་གནང་བར་དགའ་ཚོར་ཆེན་པོ་བྱུང་། ཁྱེད་རྣམ་པས་བོན་འབྲེལ་བགྲོ་གླེང་འདི་ལྟར་གནང་བཞིན་པ་དེ་ངོ་མ་ཡག་པོ་འདུག། རྗེས་སུ་ཡིད་རངས་ཞུ། ། བཀྲ་ཤིས་བདེ་ལེགས་ཞུ། །
རྩོམ་པ་པོ།:སྐུ་མགྲོན་wCRe73(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོན་གཞིས་ཐོབ་རྒྱལ་གསར་པའི་བྱུང་རབས་དང་ད་ལྟའི་གནས་སྟངས། | 2012-06-08 10:14:05
triyungdrung(སྐུ་མགྲོན)སྐུ་ཉིད་ནས་ཐུགས་ཁུར་ཆེན་པོས་དེ་ལྟར་རེ་སྐུལ་གནང་བ་ཐུགས་རྗེ་ཆེ།
འོན་ཀྱང་ཁྱེད་ཉིད་ཐུགས་ལྷོད་ལྷོད་གནང་ནས་བཞུགས་དང་མི་རིང་པར་ཁོང་གིས་བྲིས་པའི་རང་གི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་དེབ་སྟོད་སྨད་གཉིས་ཐོན་རན་ནས་ཡོད་པས་དེའི་ནང་ཞིབ་ཕྲར་གསལ་ཡོད་ཚོད་འདུག
རྩོམ་པ་པོ།:triyungdrung(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོན་གཞིས་ཐོབ་རྒྱལ་གསར་པའི་བྱུང་རབས་དང་ད་ལྟའི་གནས་སྟངས། | 2012-06-08 08:39:36
སྐུ་མགྲོན་230Meq(སྐུ་མགྲོན)༼གུས་བྱ་དུར་བཟང་པོ་ལ་གཞིས་ས་འཚོལ་དགོས་བཀའ་ནན་ཕེབས་དོན་བཞིན་གུས་ནས་གླ་ཕོགས་སོགས་གང་ཡང་མེད་ཀྱང་བཀའ་དགོངས་ལྟར་བསྟན་དོན་ ལ་བསམ་ནས་ངལ་བ་དང་བླང་བྱས་པའི་འབྲས་བུ་ད་ལྟ་བོན་གཞིས་ཐོབ་རྒྱལ་གསར་པ་ཡུལ་མིང་ལ་རྡོ་ལན་ཇི་འདི་ཐོབ་པ་བྱུང་།༽གསུངས་འདུས་པས་ཁོང་གིས་སྐབས་དེ་དུས་གཞིས་ས་ག་འདྲ་བྱས་ནས་བཙལ་བ་དང་མཐར་རྡོ་ལན་ཇི་ལ་ཇི་ལྟར་སླེབས་པ་བཅས་ཀྱི་སྐོར་ཉམས་མྱོང་རྩོམ་ཡིག་ཅིག་ཅིས་ནས་ཀྱང་འབྲི་རོགས་ཟེར་རེ་བསྐུལ་ཞུ་རོགས་གནང་། ད་དུང་གཞིས་ཆགས་ཀྱི་རྒན་འགྲེས་རྣམས་ལ་སྐད་ཆ་དྲིས་ནས་གཞིས་ཆགས་ཐོག་མར་འཛུགས་སྐབས་ཀྱི་གནས་ཚུལ་ཁག་ཡིག་ཐོག་ལ་འབེབ་རྒྱུ་དེ་ཤིན་དུ་ནས་གལ་གནད་ཆེན་པོ་ཡིན། ད་ལན་ངོ་མ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་མཆོག་གིས་ཕྱག་ལས་ཡག་པོ་གནང་འདུག་པས་ཁོང་ལ་བཀྲ་ཤིས་བདེ་ལེགས་དང་བཀའ་དྲིན་ཆེ་ཞུ་འདོད་བྱུང་། །
རྩོམ་པ་པོ།:སྐུ་མགྲོན་230Meq(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.