ཧི་བོན་ཟིན་བྲིས།
ཁྱུང་སྐྱུགས།


ཁྲི་གཡུང་དྲུང་གི་ཟིན་བྲིས།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བོན་ཕྲུག་ཁག་གི་ད་ལྟའི་འགན་འཁྲི་དང་མ་འོངས་པའི་ལངས་ཕྱོགས་སྐོར། | 2012-06-05 09:24:00

༧གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་༡༢པའི་ཉིན་གཉིས་པའི་བརྗོད་བྱ་སྙིང་བསྡུས་“བོན་ཕྲུག་ཁག་གི་ད་ལྟའི་འགན་འཁྲི་དང་མ་འོངས་པའི་ལངས་ཕྱོགས་སྐོར།”

ཉིན་གཉིས་པའི་གསུང་བཤད་སློབ་དཔོན་བཤད་སྒྲུབ་སློབ་དཔོན་དགེ་བཤེས་དགེ་ལེགས་རྒྱ་མཚོ།

བོན་ཕྲུག་རྣམས་ཀྱི་ད་ལྟའི་འགན་འཁྲི་དང་མ་འོངས་པའི་ལངས་ཕྱོགས་གཉིས་ལས། དེ་ལ་དང་པོ་འགན་འཁྲི་ཞེས་པ་སོ་སོར་འོས་ཤིང་འཚམས་པའི་ལས་འགན་ཏེ།   མི་རིགས་གང་ཞིག་ཡིན་རུང་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་དང་མཐུན་པའི་སྐད་ ཡིག་ལ་བརྟེན་ནས། སྤྱི་ཚོགས་ཡོངས་ཀྱི་ཆབ་དཔལ་རིག་གསུམ་མཐོར་འདེགས་དང་སློབ་གསོའི་གཞི་རྩ་བརྟན་ པོར་བཙུགས་ཏེ། སྔོན་ཐོན་ཡར་རྒྱས་ཀྱི་ཕྱོགས་སུ་འབད་ཚེ་ལམ་ཁ་དང་ལངས་ཕྱོགས་ཚད་ལྡན་ཅིག་རྙེད་ ཐུབ་ཅིང༌། རྗེས་ལུས་དང་བག་འཁུམས་ཀྱི་བསམ་བློའང་རང་ཡལ་དུ་འགྲོ་ངེས་ཡིན། དེ་ཡང་མ་འོངས་པའི་ལངས་ཕྱོགས་ཞེས་པ་འདི་ཡང་རྨང་གཞི་བརྟན་པའི་གཞི་རྩའི་བསམ་ བློའི་འཁྱེར་སོ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས་བདམ་བྱ་མ་ནོར་བ་བྱ་རྒྱུ་ ཤིན་ཏུ་ནས་གལ་ཆེ།#འདིའི་ཡར་སྔོན་མདུན་ངོས་སུ་འཆར་ཐུབ།#

དཔེར་མཚོན་ཙམ་ཞིག་ཞུས་ན། ཆགས་སྡང་དང་འགྲན་སེམས་སོགས་བསམ་པ་རྣམ་པར་མ་དག་པའི་ཀུན་ནས་སླང་སྟེ་རང་གི་ རྒྱལ་ཁབ་དང་རང་གི་མི་རིགས་ཁོ་ན་སྲུང་སྐྱོབ་ཆེད།  རྡུལ་ཕྲན་མཚོན་ཆ་སོགས་བཟོས་ནས་རྒྱལ་ཁབ་ལ་སྲི་ཞུ་བསྒྲུབ་འདོད་དང་བཅས་པ་ནི། ང་ཚོའི་ད་ལྟའི་འགན་འཁྲི་དང་མ་འོངས་པའི་ལངས་ཕྱོགས་མིན།  རང་དོན་ཁོ་ན་སེམས་ལ་བཅངས་ནས་རང་ཉིད་ཀྱི་ལྟོ་གོས་ཁོ་ན་ལ་འབད་དེ། རང་ཉིད་གཅིག་པུ་ཞི་བདེའི་དོན་དུ་གཉེར་བ་ཡང།  ང་ཚོའི་ད་ལྟའི་འགན་འཁྲི་དང་མ་འོངས་པའི་ལངས་ཕྱོགས་མིན།  ཆོས་ལུགས་ཁ་ལ་འཁྱེར་ནས་རུ་ཏྲས་དབང་གིས་ཆོས་ལུགས་ནང་ཕན་ཚུན་གཏོར་བཤིག་དང་ནང་ འཁྲུག་བྱ་རྒྱུ་དེ་ཡང་་ང་ཚོའི་ད་ལྟའི་འགན་འཁྲི་དང་མ་འོངས་པའི་ལངས་ཕྱོགས་ མིན།  ཆོལ་ཁའི་ཞེན་ཁོག་འཁྱེར་ནས་རྡོག་རྩ་གཅིག་བསྒྲིལ་གྱི་གོང་བུ་རྩ་མེད་དུ་བཟོ་ རྒྱུ་དེ་ཡང་ང་ཚོའི་ད་ལྟའི་འགན་འཁྲི་དང་མ་འོངས་པའི་ལངས་ཕྱོགས་མིན། ཕ་མ་དང་དགེ་རྒན་བཟང་པོ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཚེ་སྟོད་ཚ་བའིི་ཡུལ་ གྲུ་ནང་རང་གི་ཆོས་དང་རང་གི་རིག་གཞུང་ལ་སློབ་སྦྱོང་བྱས་ནས་བོད་རིགས་མཚན་ཉིད་ དང་ལྡན་པ་ཞིག་ཆགས་ལ་ཉེ་བའི་སྐབས། དུས་ཕྱིས་བསམ་བློའི་འཛིན་སྟངས་གཞན་དུ་གྱུར་ནས་ཨ་རི་སོགས་སྙན་གྲགས་ཆེ་བའི་ རྒྱལ་ཁབ་ཁོ་ན་ཁོག་ཏུ་བཅངས་ནས། ཚུལ་མིན་གྱི་ཐབས་ལམ་དུ་མས། རང་གི་གཞིས་ཆགས་དང།  རང་གི་ཕ་མ། རང་གི་དགེ་རྒན། རང་གི་སྤུན་ཟླ། རང་གི་ཆོས་ལུགས། རང་གི་རིག་གཞུང། རང་གི་འགན་འཁྲི་བཅས་ཡོངས་རྫོགས་རྩིས་མེད་རྡོག་རོལ་དུ་བཏང་ཏེ།   རྒྱལ་ཁབ་གཞན་གྱི་མི་རིགས་ཡིན་མདོག་ངང། དཀོན་མཆོག་ལ་དད་གུས་མེད་པ། ལས་འབྲས་ལ་དག་སྣང་ཆུང་བ། རྒན་པ་ལ་རྩིས་བཀུར་ཞེན་པ་། ན་མཉམ་ལ་མཐུན་བསྒྲིལ་དབུལ་བ།

འོག་མ་ལ་བྱམས་སྐྱོང་མེད་པ། དབྱིན་སྐད་མ་གཏོགས་རང་སྐད་རྒྱག་མི་ཤེས་པ། དབྱིན་ཡིག་མ་གཏོགས་བོད་ཡིག་འབྲི་མི་ཤེས་པ།  བོད་སྐད་སྒྲོག་པ་དང་བོད་ཡིག་འབྲི་བ་ལ་ངོ་ཚ་དང་ཚེར་སྣང་ཆེ་བ། ཚན་རིག་དྲང་བདེན་ཟེར་ནས་རང་གི་ཕ་ཆོས་ལ་དམའ་འབེབ། གུས་ཡངས་ཀྱི་ལྟ་བ་ཟེར་ནས་མི་རིགས་གང་ཞིག་ངོས་འཛིན་བྲལ་བའི་ར་མ་ལུག་གི་ སྤྱོད་ངན།   ཀླད་པ་དཀར་པོ་ཡིན་མདོག་གིས་ཕ་མ་རྒན་གསོ་ཁང་དུ་བསྐྱལ་བ།  བོད་སྐད་དང་དབྱིན་སྐད་མཉམ་བསྲེས་བྱེད་པ་ལ་འཇོན་ཐང་དུ་བརྩི་བ། གཞན་གྱི་ཆས་གོས་གྱོན་རྒྱུ་ལ་གཟི་བརྗིད་དུ་བརྩི་བཞིན། རང་གི་རིག་གཞུང་དང་འབྲེལ་བའི་གྱོན་ཆས་གཟབ་མཁན་ལ་རྗེས་ལུས་སུ་ལྟ་བ། ཁ་འདོན་དགེ་སྦྱོར་གྱི་ཚོགས་ལ་མནོ་བསམ་ཙམ་ཡང་མིི་གཏོང་བ། ནམ་ལངས་ནས་དགོང་མོའི་བར་མི་ཡི་གཡོག་པོ་ཤ་སྟག་བྱེད་པ། དུས་ཚོད་ཁོམས་ཚད་ཐམས་ཅད་གློག་བརྙན་བལྟ་རྒྱུར་ཁོ་ན་ལ་བསྐྱེལ་བ། མདོར་ན་ཚེ་འདི་དང་ཕྱི་མ་གཉིས་ཀྱི་ནང་ནས། ཚེ་འདི་ཉིད་གཙོ་རུ་བྱེད་པ། རང་གི་རང་མགོ་མི་ཐོན་པའི་ཁར། ཕྱི་གླིང་མགོ་སེར་དག་གི་གཡོག་ལས་བྱེད། གཞན་གྱི་རྒྱལ་ཁབ་དང་ཆ་བྱད་ལྟ་བ་མི་གཅིག་པའི་མི་རིགས་རྣམས་ལ་ཞབས་འདེགས་ སྒྲུབ་ཁུལ་བྱེད་པ་དེ་དག་ནི།  ང་ཚོ་བོད་རིགས་འཛིན་པ་རྣམས་ཀྱི་ང་ཚོའི་ད་ལྟའི་འགན་འཁྲི་དང་མ་འོངས་པའི་ལངས་ ཕྱོགས་མིན།   འོ་ན་ང་ཚོས་བསམ་བློའི་འཁྱེར་སོ་ག་འདྲ་ཞིག་བཅང་དགོས་སྙམ་ན།

གཞན་ཕན་ཕྱོགས་མེད་དུ་བསྒྲུབ་པའི་རྩ་བ་ཤེས་བྱ་རིག་པའི་ གནས་ལ་དོ་སྣང་དང་རྟོག་དཔྱོད། རང་ཉིད་བོད་རིགས་ཞིག་ཡིན་པའི་ཆ་ནས་བོད་མི་རིགས་ཀྱི་ལ་རྒྱ་དང་།  རང་ཉིད་བོན་པོ་ཞིག་ཡིན་པའི་ཆ་ནས།  བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་ཤེས་ཚད་དང་གོ་རྟོགས་མི་དམན་ པ། ། ལྷག་བསམ་དང་ཤེས་ཡོན་ཟུང་དུ་འཇུག་དགོས་པ་ནི། ང་ཚོའི་རྩ་བའི་རྨང་གཞི་དང་མི་ཚེ་དོན་ལྡན་གྱི་སྒྲོམ་གཞི་ཞིག་ཆགས་ཡོད།  རྨངས་གཞི་དེ་དག་ལ་གཞི་བཅོལ་ཏེ། ང་ཚོས་མ་འོངས་པར་ཅི་ཞིག་བྱེད་དགོས་སམ་ཞེ་ན།  དང་པོ་ཆོས་དང་རིག་གཞུང་ཐམས་ཅད་ཀྱི་རྩ་བ་རང་གི་སྐད་ཡིག་བདག་པོ་རྒྱབ་དགོས་ རྒྱུ་དེ་ཡིན། དེ་མེད་ན་བོད་མི་རིགས་ཀྱི་རྩ་བ་སྟོང་ཟིན་པ་དང་ཁྱད་མེད། རང་གི་ཁྱིམ་ཚང་གི་ཁོར་ཡུག་ནང་རྟག་ཏུ་བོད་སྐད་དང་བོད་ཡིག་བཀོལ་སྤྱོད་བྱ་ དགོས།   མདོར་ན་རང་ཚུགས་མ་ཤོར་བ་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེ་བ་ཡིན།

གཉིས་པ། གནའ་རབས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་གཡུང་དྲུང་བོན་རིན་པོ་ཆེ་དང་ཞང་བོད་ ཀྱི་རིག་གཞུང་བཟང་པོ་རྣམས་བདག་སྐྱོང་བྱས་ཏེ། སྤྱི་ཚོགས་ལ་ཕན་བདེ་བསྐྲུན་ཐུབ་པ་བྱ་རྒྱུ་དེ་ཡིན། གསུམ་པ། ང་བོན་པོ་ཡིན་ཟེར་དུས། མང་ཚོགས་ནང་སུན་སྣང་དང་འཇིགས་སྣང།   དེ་བཞིན་སེམས་སྤོབས་ཞུམ་ནས་སྡོད་མི་དགོས་པར།  ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་མགྲིན་པ་གཟེངས་སུ་བསྟོད་ནས། བདེན་དོན་གྱི་ངོ་སྤྲོད་དང་སྦྲག་དཔུང་པ་མཉམ་གཤིབ་ཀྱིས་མདུན་བསྐྱོད་བྱ་ཐུབ་པ་ ཞིག་གནང་རྒྱུ།  བཞི་པ། རྒན་པ་ལ་བརྩི་བཀུར་དང། ན་མཉམ་ལ་མཐུན་བསྒྲིལ། འོག་མ་ལ་བྱམས་སྐྱོང་སོགས་ཀྱི་ཐུགས་འཁུར་བཞེས་ཏེ། གཞན་རྣམས་ཀྱི་མིག་དཔེར་འོས་པའི་བོད་རིགས་རང་ཉིད་ཀྱི་བཟང་སྤྱོད་ལྡན་པའི་རྣམ་ པ་འབུར་དུ་ཐོན་པ་ཞིག་བྱ་དགོས། ལྔ་པ། རང་གི་བུ་ཕྲུག་རྣམས་ལ་ཆུང་བྱིས་པའི་སྐབས་ནས། དུས་ནས་དུས་སུ། བོད་དང་བོད་མི་རིགས་ཀྱི་ལ་རྒྱ།   བོན་དང་འབྲེལ་བའི་རིག་གཞུང་གི་སློབ་གསོ་སོགས་དུས་ནས་དུས་སུ་སྤེལ་ཏེ།  མིང་དོན་མཚུངས་པའི་བོན་པོའི་རྣམ་པ་མཚོན་ཐུབ་པའི་བོན་ཕྲུག་་ཞིག་ཆགས་ཐུབ་པ་ བྱ་རྒྱུ་དེ་ནི་ཤིན་ཏུ་ནས་གལ་ཆེ་བས་དེ་ལུགས་ཐུགས་ལ་འཇགས་པར་ཞུ།   ༢༠༡༢།༦།༤ཉིན།

ཉིན་གཉིས་པའི་བགྲོ་གླེང་གཙོ་སྐྱོང་པ་རྒན་ཆེན་ཚང་ཚེ་དབང་རྣམ་རྒྱལ་ལགས་ཡིན།

  • ཤོག་བྱང་། ggg 
  • Re:བོན་ཕྲུག་ཁག་གི་ད་ལྟའི་འགན་འཁྲི་དང་མ་འོངས་པའི་ལངས་ཕྱོགས་སྐོར། | 2012-06-05 21:58:11
    སྐུ་མགྲོན་pt38Nb(སྐུ་མགྲོན)གསུང་གླེང་ཤིན་ཏུ་ཡག་པོ་བྱུང་སོང་། དངོས་ནས་དགའ་པོ་འདུག བོན་ནག་ཚང་གིས་རིག་འབྱུང་ཡུལ་ནས་ཕུལ།
    རྩོམ་པ་པོ།:སྐུ་མགྲོན་pt38Nb(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:བོན་ཕྲུག་ཁག་གི་ད་ལྟའི་འགན་འཁྲི་དང་མ་འོངས་པའི་ལངས་ཕྱོགས་སྐོར། | 2012-06-05 14:30:38
    zhongsongཤིན་ཏུ་བདེན་པའི་གསུང་གླེང་དུ་སྣང་། ཡི་རང་ཞུ་ཞུ།
    དཔྱད་གཏམ་སྤེལ་བ།
    སྒྲིག་འཇུག...
    Powered by Oblog.