ཧི་བོན་ཟིན་བྲིས།
ཁྱུང་སྐྱུགས།


ཁྲི་གཡུང་དྲུང་གི་ཟིན་བྲིས།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༧ སྐྱབས་རྗེ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་“སྨན་རིའི་དཔོན་སློབ་”ཀྱི་ མཚན་བ | 2012-06-02 19:19:00

༧ སྐྱབས་རྗེ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་“སྨན་རིའི་དཔོན་སློབ་”ཀྱི་ མཚན་བཞེས་དང་ཁྲི་བཞེངས་མཛད་ནས་མི་ལོ་ཧྲིལ་པོ་ཉི་ཤུ་འཁོར་བར་བཀྲ་ཤིས་རྟེན་འབྲེལ་ཞུ།

རྒྱལ་བ་སྨན་རི་བའི་དཔོན་གསས་སློབ་དཔོན་ཆེན་མོ་༸སྐྱབས་རྗེ་ཡང་སྟོན་འཕྲིན་ ལས་ཉི་མ་རིན་པོ་ཆེ་མཆོག་“སྨན་རིའི་དཔོན་སློབ་”ཀྱི་མཚན་བཞེས་དང་ཁྲི་བཞེངས་ མཛད་ནས་མི་ལོ་ཧྲིལ་པོ་ཉི་ཤུ་འཁོར་བར་བཀྲ་ཤིས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་ གདན་ས་ཆེན་མོར་བཅུ་ཕྲག་གཉིས་ལྷག་རིང་བཀའ་ཁྲིད་བསྐྱངས་པ་ལའང་བཀའ་དྲིན་རྗེས་ དྲན་ཞུའོ། །#འདིའི་ཡར་སྔོན་མདུན་ངོས་སུ་འཆར་ཐུབ།#

༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནི་བལ་ པོའི་བྱང་ནུབ་སྟེ་དོལ་ཕྱོགས་གྲུ་བཞི་ལས་བན་ཚང་ཚོ་གསུམ་གྱི་ནང་ཚན་ཚྭ་དགའ་བྱ་བར་ཡབ་ཡང་སྟོན་བསྟན་འཛིན་བསམ་འགྲུབ་དང༌། ཡུམ་བསྟན་འཛིན་ཆོས་སྒྲོན་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༩༦༣།༡།༡༥ཉིན་སྟེ། བོད་རབ་བྱུང་བཅུ་དྲུག་པའི་ཆུ་ཡོས་ལོར་སྐུ་འཁྲུངས། ཕྱི་ལོ་༡༩༧༥ནས་གཅེན་པོ་བཀྲ་ཤིས་རྒྱལ་མཚན་གྱི་མདུན་ནས་ཡི་གེ་འབྲི་ཀློག་དང་ཡིག་གཟུགས་སྦྱོང་བརྡར་སོགས་ཡུན་རིང་མ་འགོར་བར་ཚེགས་མེད་དུ་མཁྱེན།

དེ་ནས་ལོ་གསུམ་རིང་ཡང་དགོན་སྟར་རྫོང་ཕུན་ཚོགས་གླིང་དུ་ཡི་དམ་གསས་མཁར་ མཆོག་ལྔ་གཙོས་གསང་སྔགས་ཕྱི་ནང་གསང་གསུམ་གྱི་བསྙེན་བསྒྲུབ་ལ་བཞུགས་གནང་བ་ སོགས་བོན་ཕྱོགས་ཀྱི་ཆོག་ཁྲིག་ཀུན་ལ་སྦྱང་བརྩོན་དཔྱིས་ཕྱིན་པར་མཛད།

ཕྱི་ལོ་༡༩༧༩ལོར་གཅེན་པོ་བཀྲ་ཤིས་རྒྱལ་མཚན་དང་ལྷན་བོན་གཞིས་ཐོབ་རྒྱལ་གསར་ པ་ལ་ཕེབས་ནས་༧ སྐྱབས་རྗེ་༧སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ ཆེ་མཆོག་དང༌། ༧ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱི་མདུན་ནས་ གཙང་མ་གཙུག་ཕུད་ཀྱི་སྡོམ་པ་ཞུས་ཤིང་མཚན་དུ་འཕྲིན་ལས་ཉི་མ་ཞེས་བསྩལ། ལོ་དེར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་འཛུལ་ཞུགས་ གནང་སྟེ་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་མདུན་ནས་མདོ་སྔགས་སེམས་གསུམ་གྱི་ གཞུང་ལུགས་གཙོས་བཅུ་ཕྲག་རིག་པའི་གནས་ཀུན་ལ་གསན་བསམ་རྒྱ་ཆེར་གནང་བར་མ་ཟད། ལྷ་རམས་པ་གཡུང་དྲུང་རྣམ་རྒྱལ་ལམ་དགེ་བཤེས་བརྩོན་འགྲུས་དགོངས་འཕེལ་གྱི་མདུན་ ནས་ཀྱང་བོན་གྱི་གཞུང་ལུགས་ཁག་གི་ཟུར་རྒྱན་ སོགས་ལ་ཐུགས་བཞེས་ཡང་དག་གནང་བས་རང་གཞན་ཀུན་གྱི་གཞུང་ལུགས་ལ་འཆད་རྩོད་རྩོམ་གསུམ་གྱི་ཕྱག་ལས་རྩེར་སོན་དུ་གྱུར།

ཕྱི་ལོ་༡༩༨༩།༢།༢༡ཉིན་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་ཆེན་ མོར་བཀའ་པོད་རྒྱ་མཚོའི་གཞུང་ལ་དམ་བཅའི་ངག་རྒྱུགས་དང་རྩོད་རྒྱུགས་སྔ་རྗེས་ སུ་གནང་རྗེས་བཀྲ་ཤིས་དམ་འཇོག་གནང་མཛད་ཅིང༌། མཐར་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་བཟང་ལྷ་ཡི་ཅོད་པཎ་སྤྱི་བོར་བཞེས། དེ་ནས་བཟུང་ལོ་གསུམ་རིང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཚན་ཉིད་ རྒན་ལགས་ཀྱི་ཐུགས་འགན་བཞེས།

ཕྱི་ལོ་༡༩༩༢ལོར་ སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དང་༧ཡོངས་འཛིན་དཔོན་སློབ་རྣམ་ གཉིས་ཀྱིས་༧སྨན་རིའི་དཔོན་སློབ་ཀྱི་ཐུགས་འགན་བཞེས་དགོས་པའི་བཀའ་བབ་དམ་ཚིག་ ཟབ་མོའི་འབྲེལ་བ་དབུ་ཐོག་ཏུ་ཕབ་པར་བརྟེན་ལོ་དེའི་བོད་ཟླ་བ་དང་པོའི་ཚེས་ལྔ་ སྟེ་༧རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་དང་བསྟུན་༧ སྐྱབས་རྗེ་མཁན་སློབ་རྣམ་གཉིས་དབུ་བཞུགས་ཐོག་བོན་འབངས་སེར་སྐྱ་ལྷན་རྒྱས་ ཀྱིས་༧སྨན་རིའི་དཔོན་སློབ་ཀྱི་བཞུགས་ཁྲིར་མངའ་གསོལ་ཞུས། དེ་ནས་བཟུང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཛད་འགན་ཆ་ཚང་བཞེས་ཏེ། མདོ་སྔགས་སེམས་གསུམ་གྱི་གཞུང་ཁྲིད་རྒྱ་ཆེར་གནང་ཞིང་སློབ་མཐར་སོན་པའི་དགེ་བའི་བཤེས་གཉེན་ཀྱང་བརྒྱ་ཕྲག་ལ་བརྒལ་ཡོད་པ་སོགས་ཀྱི་བཀའ་དྲིན་སྐྱོང་མུས་སུ་བཞུགས་ཡོད་པ་བཅས་ཀྱི་ངོ་སྤྲོད་མདོར་བསྡུས་ཙམ་དུ་ཁྲི་གཡུང་དྲུང་བས་སྦྱར་བ་དགེ།


  • ཤོག་བྱང་། gg 
  • Re:༧ སྐྱབས་རྗེ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་“སྨན་རིའི་དཔོན་སློབ་”ཀྱི་ མཚན་བ | 2012-06-04 07:10:13
    སྐུ་མགྲོན་Nri7LY(སྐུ་མགྲོན)༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་དཔོན་གསས་སློབ་དཔོན་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་ཐོག་མར་གདན་ས་སྨན་རིའི་གླིང་དུ་དགེ་བཤེས་ཀྱི་མཚན་བཏགས་བཞེས་མ་ཐག་སྟེ་༡༩༨༩ལོ་ནས་བཟུང་ལྷ་རམས་པ་བརྩོན་འགྲུས་གོང་འཕེལ་ལམ་དགེ་བཤེས་གཡུང་དྲུང་རྣམ་རྒྱལ་གྱི་ཤུལ་འཛིན་དུ་"མཚན་ཉིད་རྒན་ལགས་"ཞེས་པའི་མཚན་གྱི་ཅོད་པཎ་བཞེས་ཏེ་ལོ་གསུམ་རིང་གྲྭ་ས་གོང་མར་སློབ་ཁྲིད་བཀའ་དྲིན་བསྐྱངས་པར་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱིས་ཐུགས་དགྱེས་པ་ཆེན་པོས་༡༩༩༢ལོར་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་བསྟན་འཛིན་རྣམ་དག་རིན་པོ་ཆེའི་རྒྱལ་ཐེབས་སུ་"སྨན་རིའི་དཔོན་སློབ་"ཀྱི་མཚན་འབུལ་ཁྲི་བཞེངས་མཛད་པས་ད་བར་མི་ལོ་ཧྲིལ་པོ་ཉི་ཤུ་འཁོར་བ་དང་། གྲྭ་ས་སྨན་རིའི་གླིང་དུ་བཀའ་ཁྲིད་བསྐྱངས་ནས་མི་ལོ་ཧྲིལ་པོ་"ཉེར་གསུམ་"འགྲོ་བས། དེས་ན་སྨན་རིའི་གླིང་གི་དགེ་བཤེས་བརྒྱ་ཕྲག་ཟིན་པ་དེ་དག་ལས་བརྒྱ་ཆ་བརྒྱད་ཅུར་ཉེ་བ་སྟེ། ༡༩༨༩ལོ་ཡི་རྗེས་ནས་ཐོན་པའི་དགེ་བཤེས་རྣམས་ཁོང་གི་དངོས་སློབ་ཤ་སྟག་ཡིན་པས། དེ་དག་ཕལ་མོ་ཆེ་རྣམས་དགོན་ཁག་ཆེ་འབྲིང་ཆུང་གསུམ་ན་མཁན་སློབ་ཀྱི་མིང་འཛིན་གྱུར་ཡོད་པས། དུས་སྐབས་འདི་ནི་དེ་དག་གཙོས་པའི་གང་གི་དངོས་སློབ་ཀུན་གྱིས་༸སྐྱབས་རྗེ་མཆོག་ཁྲི་བཞེངས་མཛད་ནས་མི་ལོ་ཉི་ཤུ་དང་བཀའ་ཁྲིད་བསྐྱངས་ནས་མི་ལོ་ཉེར་གསུམ་འཁོར་བར་བཀའ་དྲིན་རྗེས་དྲན་བྱ་འོས་པ་དུས་ལ་བབས་སོ་སྙམ། དེས་ན་གདན་ས་སྨན་རིའི་གླིང་གི་འབྲེལ་ཡོད་དོ་བདག་ཀུན་གྱིས་རྟེན་འབྲེལ་མཛད་སྒོ་ཅི་ཞིག་བྱ་འཆར་ཡོད་པ་རྣམས་ཀུན་ལའང་བརྡ་བསྒྲགས་ཡོང་བའི་རེ་བ་ཡོད། བོད་ཡུལ་སྟོད་སྨད་བར་གསུམ་དུ་གནས་པ་ཁོང་གི་དངོས་སློབ་རྣམས་ཀྱང་རྣ་བ་ཀྲོང་ངེར་སྙན་པའི་འཕྲིན་པར་སྒུག་ནས་བསྡད་ཡོད་པའང་དགོངས་འཇག་མཛོད། གང་གི་དངོས་སློབ་སྨན་རིའི་གླིང་དགེ་མིང་འཛིན་པ་གསུམ་གྱིས་ཕུལ།
    རྩོམ་པ་པོ།:སྐུ་མགྲོན་Nri7LY(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:༧ སྐྱབས་རྗེ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་“སྨན་རིའི་དཔོན་སློབ་”ཀྱི་ མཚན་བ | 2012-06-03 15:48:46
    Rakhyung(སྐུ་མགྲོན)༧ སྐྱབས་རྗེ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་༧ སྨན་རིའི་དཔོན་སློབ་ཀྱི་བཞུགས་ཁྲིར་མངའ་གསོལ་མཛད་ནས་མི་ལོ་ཧྲིལ་པོ་ཉི་ཤུ་འཁོར་བ་ལ་་གུས་འདུད་དང་བཅས་ཏེ་བཀྲ་ཤིས་རྟེན་འབྲེལ་གྲངས་མེད་ཞུ་ཞུ།
    དབྲ་ཁྱུང་
    རྩོམ་པ་པོ།:Rakhyung(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:༧ སྐྱབས་རྗེ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་“སྨན་རིའི་དཔོན་སློབ་”ཀྱི་ མཚན་བ | 2012-06-03 14:37:16
    zhongsong(སྐུ་མགྲོན)༧ སྐྱབས་རྗེ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་གཙོས་པའི་གཡུང་དྲུང་བོན་གྱི་བསྟན་འཛིན་སྐྱེས་མཆོག་གང་ན་སུ་བཞུགས་རྣམས་ཀྱི་མཛད་འཕྲིན་ཡར་ངོའི་ཟླ་བཞིན་འཕེལ་བའི་སྨོན་འདུན་ཞུ་ནམ་ཡང་ཞུ། བོན་མིང་པས་གུས་འདུད་དང་བཅས།
    རྩོམ་པ་པོ།:zhongsong(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:༧ སྐྱབས་རྗེ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་“སྨན་རིའི་དཔོན་སློབ་”ཀྱི་ མཚན་བ | 2012-06-03 08:48:16
    triyungblogམཆན་འགོད་པ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
    Re:༧ སྐྱབས་རྗེ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་“སྨན་རིའི་དཔོན་སློབ་”ཀྱི་ མཚན་བ | 2012-06-03 08:35:49
    GESHE T.(སྐུ་མགྲོན)ཁོ་བོས་ཀྱང་སྨན་རིའི་དཔོན་སློབ་ཀྱི་མཚན་བཞེས་དང་ཁྲི་བཞེངས་མཛད་ནས་མི་ལོ་ཧྲིལ་པོ་ཉི་ཤུ་འཁོར་བར་བཀྲ་ཤིས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་གདན་ས་ཆེན་མོར་བཅུ་ཕྲག་གཉིས་ལྷག་རིང་བཀའ་ཁྲིད་བསྐྱངས་པ་ལའང་བཀའ་དྲིན་རྗེས་དྲན་ཞུ་དང་ཞུ། ཟ་མད་གདན་ས་སྨན་རིའི་གླིང་གིས་འདིའི་ཆེད་དུ་མཛད་སྒོ་འདྲ་བོ་ཞིག་ཚོགས་ཐུབ་ན་གཟི་བརྗིད་འབར་ས་རེད།
    བསམ་ཚུལ་ཡིན།
    རྩོམ་པ་པོ།:GESHE T.(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:༧ སྐྱབས་རྗེ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་“སྨན་རིའི་དཔོན་སློབ་”ཀྱི་ མཚན་བ | 2012-06-03 02:02:44
    ཁྲོ་འགྱུར་མེད་(སྐུ་མགྲོན)༧ སྐྱབས་རྗེ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་༧ སྨན་རིའི་དཔོན་སློབ་ཀྱི་བཞུགས་ཁྲིར་མངའ་གསོལ་མཛད་ནས་མི་ལོ་ཧྲིལ་པོ་ཉི་ཤུ་འཁོར་བ་ཁྲོ་འགྱུར་མེད་ནས་གུས་འདུད་དང་བཅས་ཏེ་བཀྲ་ཤིས་རྟེན་འབྲེལ་གྲངས་མེད་ཞུ་ཞུ།
    རྩོམ་པ་པོ།:ཁྲོ་འགྱུར་མེད་(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:༧ སྐྱབས་རྗེ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་“སྨན་རིའི་དཔོན་སློབ་”ཀྱི་ མཚན་བ | 2012-06-02 21:48:22
    སྐུ་མགྲོན་816Fvj(སྐུ་མགྲོན)རྒྱལ་བ་སྨན་རིའི་མཁན་སློབ་རྣམས། སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག། སྐུ་ཚེ་བར་ཆད་མེད་པར་ཤོག། སྐུ་སྲོག་བྲག་ལས་སྲ་བར་ཤོག། བོན་བསྟན་ཡུན་རིང་གནས་པར་ཤོག། སྟེང་དགོན་སྲོ་ལོ་དཀར་པོ་ནས།
    རྩོམ་པ་པོ།:སྐུ་མགྲོན་816Fvj(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    དཔྱད་གཏམ་སྤེལ་བ།
    སྒྲིག་འཇུག...
    Powered by Oblog.