ཧི་བོན་ཟིན་བྲིས།
ཁྱུང་སྐྱུགས།


ཁྲི་གཡུང་དྲུང་གི་ཟིན་བྲིས།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཚ་རོང་པདྨ་ཚེ་དབང་གི་དེབ་གསར | 2012-05-30 11:56:00

ཚ་རོང་པདྨ་ཚེ་དབང་གི་དེབ་གསར་“ཐ་དད་པའི་འཇིག་རྟེན་”ཞེས་པ་པར་བསྐྲུན་བྱུང་བ།

ཚ་རོང་པདྨ་ཚེ་དབང་ནི་ཚ་བ་དཔའ་ཤོད་དུ་བོན་གྱི་དུད་ཁྱིམ་ཞིག་དུ་ཕྱི་ལོ་༡༩༨༧ ལོར་སྐྱེས།

ཕྱི་ལོ་ ༡༩༩༢ ལོའི་ལོ་མཇུག་ཏུ་རྒྱ་གར་དུ་བསླེབས་ཤིང་བོད་ཁྱིམ་གོ་པལ་པུ་རུ་འཛིན་རིམ་དགུ་ པ་བར་འགྲིམ་ཞོར་དུ་སློབ་གྲྭའི་དུས་དེབ་“ཆུ་ཐིགས་”ཀྱི་དབྱིན་ཡིགས་ཚན་པའི་ རྩོམ་སྒྲིགས་པའི་ཚོགས་མི་ཐེངས་གཉིས་ཙམ་བྱས།  དེ་རྗེས་རང་གི་ཕུགས་བསམ་མངོན་འགྱུར་ཡོང་ཕྱིར་ཕྱི་ལོ་ ༢༠༠༥ ཟླ་བ་ ༧ ཚེས་༢༣ ཉིན་ཝཱཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཁོངས་གཏོགས་༧གཡུང་ དྲུང་བོན་གྱི་སྡེ་ཚན་དུ་འཛུལ་ཞུགས་ཀྱིས་གནའ་བོའི་ཞང་བོད་རིག་གནས་དང་།  ནང་དོན་རིག་པ། རྒྱལ་རབས་ལོ་རྒྱུས།  དབྱིན་བོད་སྐད་ཡིག་བཅས་ལ་སྦྱངས་པ་བྱས་ཏེ་ད་ཆར་བསླབ་པ་མཐར་སོན་ལ་ཉེ།

ཁོང་གི་སྨྱུག་མིང་ཁ་བ་དཀར་པོ་དང་།  དཔྱིད་ཀྱི་ཕོ་ཉ།  རྒྱ་མཚོའི་ཁུག་རྟ་སོགས་བེད་སྤྱོད་བཏང་སྟེ་དུས་ཝཱཎ་རིགས་རླབས།  སྤྱི་ཚོགས་སྣང་བརྙན།  འོད་དུས་དེབ་སོགས་ཀྱི་ནང་དུ་སྙན་རྩོམ་དང་།  བསྒྱུར་ཙོམ།  སྒྲུང་རྩོམ།  དཔྱད་བརྗོད་སོགས་མང་དུ་སྤེལ་མྱོང་།  མ་ཟད་ཕྱི་ལོ་༢༠༠༩ ལོའི་རྒྱ་གར་རྒྱལ་ཡོངས་བོད་རིགས་མཐོ་རིམ་སློབ་མའི་ཆེད་རྩོམ་འགྲན་བསྡུར་ ཁྲོད་ཨང་རིམ་དང་པོའི་བྱ་དགའ་ཐོབ་པ་དང་།  ཝཱཎ་རིགས་རླབས་རྩོམ་སྒྲིགས་ཁང་གིས་གོ་སྒྲིག་བགྱིས་པའི་དཔྱད་རྩོམ་འགྲན་ བསྡུར་གྱི་ཨང་རིམ་དང་པོའི་ཕྱག་འཁྱེར་ཐོབ།  གཞན་ཡང་སློབ་གཉེར་བའི་བདེ་དོན་དང་།  དྭངས་བླང་སྤྱི་ཚོགས་ཞབས་ཞུ་ཁང་གི་ཆེད་རྩོམ་འགྲན་བསྡུར་གྱི་བྱ་དགའ་དུ་མ་ཐོབ་ མྱོང་བ་བཅས་མཚམས་སྦྱོར་ངོ་སྤྲོད་ཀྱི་ཚུལ་དུ་མདོར་བསྡུས་སུ་སྦྱར་བའོ།

རྩོམ་པ་པོ།

Re:ཚ་རོང་པདྨ་ཚེ་དབང་གི་དེབ་གསར | 2014-06-27 16:50:48
ཚ་བའི་སྐར་ཆེན།(སྐུ་མགྲོན)པདྨ་ཚེ་དབང་ལགས་ཀྱིས་དེབ་དེ་འདྲ་ཞིག་དཔར་བསྐྲུན་ཐུབ་པར་དགའ་སྤོབས་དང་རྗེས་སུ་ཡི་རངས་ཡོད།
རྩོམ་པ་པོ།:ཚ་བའི་སྐར་ཆེན།(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཚ་རོང་པདྨ་ཚེ་དབང་གི་དེབ་གསར | 2012-06-17 21:49:23
སྐུ་མགྲོན་t85Bs2(སྐུ་མགྲོན)18289100588
རྩོམ་པ་པོ།:སྐུ་མགྲོན་t85Bs2(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཚ་རོང་པདྨ་ཚེ་དབང་གི་དེབ་གསར | 2012-06-02 22:23:00
སྐུ་མགྲོན་tXob6E(སྐུ་མགྲོན)ལོ་མང་རིང་མ་མཇལ་ཡུན་རིང་སོང་བའི་སྤུན་མཆེད་པདྨ་ཚེ་དབང་ལགས་ཀྱིས་བསྒྱུར་རྩོམ་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་འགྲིམ་སྤེལ་དང་མ་ཚད་པ་ཡི་གཟེངས་བསྟོད་ཐེངས་མང་ཐོབ་པ་སོགས་མདོར་ན་དགའ་འོས་པའི་བྱ་བའི་ལེགས་ཆ་མང་པོ་ཞིག་དྲྭ་ཐོག་ནས་མཐོང་བས་དྲི་མེད་ལྷ་དར་དཀར་པོའི་ཚབ་ཏུ་བཀྲ་ཤིས་བདེ་ལེགས་ཞུ་ཞུ།།
ཟབ་པའི་བརྩེ་སེམས་མི་འགྱུར་ཡང།།
རྒྱང་ཐག་རིང་བས་འབྲེལ་བ་དཀའ།།
མ་འོངས་དྲྭ་བའི་གླིང་ཁ་ནས།།
མཇལ་འཕྲད་ཡོང་བའི་སྨོན་འདུན་ཞུ།།
ཚ་བཙུན་ཚུལ་ཁྲིམས་འོད་ཟེར་ནས།༡༥༠༨༧༩༤༧༠༨
རྩོམ་པ་པོ།:སྐུ་མགྲོན་tXob6E(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.