ཧི་བོན་ཟིན་བྲིས།
ཁྱུང་སྐྱུགས།


ཁྲི་གཡུང་དྲུང་གི་ཟིན་བྲིས།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
མེ་སྟོན་གྱི་གབ་འགྲེལ་ཞེས་པའི་དཔེ་རྙིང་ཞིག་རྙེད་པ།  | 2012/5/22 21:13:00

མེ་སྟོན་གྱི་གབ་འགྲེལ་ཞེས་པའི་དཔེ་རྙིང་ཞིག་རྙེད་པ།

 

༼བྱང་སེམས་གབ་པའི་འགྲེལ་པ།༽ཞེས་ པའི་དཔེ་ཆ་རྙིང་པ། ཕྱག་བྲིས་མ། ཤོག་ལྡེབ་༣༦ཡོད་པ་ཞིག  ༧སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་ལགས་ནས། ཕྱི་ལོ་༢༠༠༠ལོར་བལ་པོའི་ཁོངས་གཏོགས་གློ་བའི་ས་གནས་ཀླུ་བྲག་ཅེས་པ་དེ་རུ། སྔོན་དཀར་རུ་གྲུབ་དབང་བསྟན་འཛིན་རིན་ཆེན་གྱི་དངོས་སློབ་བསྟན་འཛིན་ཉི་མ་ མཆོག་གིས་བཞེངས་པའི་ལྷ་ཁང་རྙིང་པ་ཞིག་གི་ནང་དུ་རྙེད་སོན་བྱུང་བ་ཞིག་ཡིན་ གསུངས།

དཔེ་ ཆ་འདི་ནི་དུས་རབས་༡༡ནང་དུ་བྱོན་པའི་མཁས་གྲུབ་ཆེན་མོ་མེ་སྟོན་ཤེས་རབ་འོད་ ཟེར་(1058-1132)གྱིས་བརྩམས་མཛད་པ་ཞིག་རེད། འདི་ནི་དེ་སྔར་པར་བསྐྲུན་ཟིན་པའི་བོན་གྱི་བཀའ་བརྟེན་དང་དེ་འབྲེལ་གྱི་དཀར་ ཆག་སོགས་གང་དུ་ཡང་འཁོད་མེད་པའི་དཔེ་དཀོན་ཞིག་རེད།

དེའི་ནང་དོན་གཙོ་བོ་བཀའ་ལུང་ལྟར་འགྲེལ་ན། ཡེ་ ནས་མ་སྐྱེས་པས་དུས་གསུམ་དུ་སྐྱེ་བར་མི་འགྱུར་བས་ན་བྱང་། རོལ་བའི་རྩལ་རྒྱུན་ཆད་མི་སྲིད་པས་དང་མི་འཆི་བས་ན་ཆུབ། དེ་ལྟར་རྟོགས་ན་གཉིས་སུ་མེད་པའི་དོན་ལས་མི་གཡོ་བར་རྩེ་གཅིག་ཏུ་སེམས་གནས་པས་ ན་སེམས་གཉིས་སུ་མེད་པ། དེ་ནི་རྟོགས་པར་དཀའ་ཞིང་རིག་པར་དཀོན་པས་ན་གབ་པ། གབ་པ་དེ་ཉིད་ཀྱི་དབུ་འཇུག་ལས་སོགས་ཁྱད་པར་ཀུན་ཏུ་དོན་ལུང་དགུ་དང་སྐབས་དགུ་ ཡི་སྐོར་ནས་བྱང་ཆུབ་ཀྱི་སེམས་ལ་སྐྱེ་འགག་གཉིས་མེད་ཀྱི་དོན་གནས་པ་མངོན་དུ་ སྟོན་པས་ན་དགུ་སྐོར་ཞེས་བརྗོད་ཅིང་། མདོར་ན་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་སོགས་སྟོན་པའི་བོན་སྡེ་ཤིན་ཏུ་ ཟབ་པའི་འགྲེལ་པ་ཞིག་ཡིན་ཞིང་། ད་རུང་དེ་ཡི་འགྲེལ་པར་གཡས་རུའི་སྟོན་པ་བཅོ་བརྒྱད་ལ་སོགས་ནས་རྒྱ་ཆེར་བཞུགས་ ཡོད་པ་བཅས་སོ།

མཛད་པ་པོ་མེ་སྟོན་ཤེས་རབ་འོད་ཟེར་མཆོག་ཡིན་ལ། ཁོང་ནི་ཡུལ་ ཡར་འབྲོག་སྟག་ལུང་ར་བ་རུ་ཡབ་གཡུང་དྲུང་གཉན་དང་། ཡུམ་གུར་ཟ་དར་རེས་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༠༥༨ལོར་འཁྲུངས། རྗེ་བཙུན་དཔའི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་བཞེས། དགུང་གྲངས་༢༨ཐོག་འུ་ཡུག་ཡོན་པོ་རུ་བྱོན་ནས་གཙང་གཙུག་གི་སྡོམ་པ་བཞེས། དེ་རྗེས་བྲུ་སྟོན་དང་རྗེ་བཙུན་རྣམ་གཉིས་ཀྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་ པ་ཞུས། བླ་མ་དགོངས་མཛོད་རི་ཁྲོད་ཆེན་པོ་གཙོ་བོར་བསྟེན་ནས་ཨ་སྙན་རྫོགས་གསུམ་གྱི་ གདམས་ཁྲིད་མ་ལག་དང་བཅས་པ་ཞུས་ནས་དགོངས་རྟོགས་ཀྱི་ཉམས་ལེན་ལྷག་ཏུ་འབར་ནས་ མཁས་གྲུབ་གཉིས་ལྡན་གྱི་གྲགས་པ་རབ་ཏུ་འབར།

རྗེས་འཇུག་བུ་སློབ་ཀྱི་ཆེད་དུ་བཀའ་བརྟེན་སྡེ་ལྔ་སོགས་གསུངས་པོད་མང་དུ་མཛད། མཐར་ཕྱི་ལོ་༡༡༣༢ལོར་སྐུ་མི་རྟག་པའི་ཚུལ་བསྟན་ཏེ་དགོངས་པ་བོན་དབྱིངས་སུ་གཟིགས།

ངོ་སྤྲོད་ཙམ་དུ་ཁྲི་གཡུང་དྲུང་བས།

  • ཤོག་བྱང་། gg 
  • Re:མེ་སྟོན་གྱི་གབ་འགྲེལ་ཞེས་པའི་དཔེ་རྙིང་ཞིག་རྙེད་པ། | 2015/5/24 21:13:38
    རིས་མེད་པ།(སྐུ་མགྲོན)བཀྲ་ཤིས་བདེ་ལེགས།
    རྩོམ་པ་པོ།:རིས་མེད་པ།(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:མེ་སྟོན་གྱི་གབ་འགྲེལ་ཞེས་པའི་དཔེ་རྙིང་ཞིག་རྙེད་པ། | 2012/5/25 13:20:50
    དགེ་བཤེས་ཚེ་དབང་བས།(སྐུ་མགྲོན)དཔེ་ཆ་འདིའི་གཏེར་སྟོན་པ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་ལ་གུས་འདུད་དང་རྟེན་འབྲེལ་ཞུ།
    རྩོམ་པ་པོ།:དགེ་བཤེས་ཚེ་དབང་བས།(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:མེ་སྟོན་གྱི་གབ་འགྲེལ་ཞེས་པའི་དཔེ་རྙིང་ཞིག་རྙེད་པ། | 2012/5/24 17:44:19
    སྐུ་མགྲོན་L52Sk8(སྐུ་མགྲོན)འདི་ལྟར་བོན་གཏེར་ཟབ་མོ་བརྡོལ་བར་རྟེན་འབྲེལ་བཟང་ངོ་། རིས་མེད་སྐལ་ལྡན་བུ་སློབ་དག་གི་སྐལ་བཟང་སྤྱོད་ཡུལ་དུ་པར་བསྐྲུན་ཡོང་བར་སྨོན།
    རྩོམ་པ་པོ།:སྐུ་མགྲོན་L52Sk8(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:མེ་སྟོན་གྱི་གབ་འགྲེལ་ཞེས་པའི་དཔེ་རྙིང་ཞིག་རྙེད་པ། | 2012/5/23 22:29:58
    ནུབ་གླིང་ནས(སྐུ་མགྲོན)༧སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་ལགས་ནས། ཕྱི་ལོ་༢༠༠༠ལོར་བལ་པོའི་ཁོངས་གཏོགས་གློ་བའི་ས་གནས་ཀླུ་བྲག་ཅེས་པ་དེ་རུ། སྔོན་དཀར་རུ་གྲུབ་དབང་བསྟན་འཛིན་རིན་ཆེན་གྱི་དངོས་སློབ་བསྟན་འཛིན་ཉི་མ་མཆོག་གིས་བཞེངས་པའི་ལྷ་ཁང་རྙིང་པ་ཞིག་གི་ནང་དུ་རྙེད་སོན་བྱུང་བ་ཞིག་ཡིན་གསུངས་པ་ལ་མངོན་པར་བསྟོད་དོ།
    སྐུ་ཚེ་རིང་།
    རྩོམ་པ་པོ།:ནུབ་གླིང་ནས(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:མེ་སྟོན་གྱི་གབ་འགྲེལ་ཞེས་པའི་དཔེ་རྙིང་ཞིག་རྙེད་པ། | 2012/5/23 13:50:27
    ལེགས་མིང་།(སྐུ་མགྲོན)བོན་རྒྱལ་ལོ།
    རྩོམ་པ་པོ།:ལེགས་མིང་།(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    དཔྱད་གཏམ་སྤེལ་བ།
    སྒྲིག་འཇུག...
    Powered by Oblog.