ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
འདྲ་གཡུང་དྲུང་བསམ་འགྲུབ་དགོན། | 2011/10/27 9:57:00

༄༅།།གཡུང་དྲུང་བོན་གྱི་གླིང་ངམ་དགོན་ཁག་གསུམ་གཅིག་བསྡོམ་དགོན་ཆེན་འདྲ་གཡུང་དྲུང་བསམ་འགྲུབ་དགོན་ལོ་རྒྱུས་མདོར་བསྡུས་ནི།    གནས་ཡུལ་དཀར་མཛེས་ཁུལ་རྟའུ་རྫོང་འདྲ་པ་ཆུས་གྲོང་གཉིས་ཤང་1981ལོ་གཏེར་ཆེན་ཐུགས་རྗེ་གླིང་པས་ཆོས་སྒོ་ཕྱེ་ནས་འགྲོ་དོན་ཐོག་མ་བྱོན་སྐབས་ཤིང་ཆུ་ཟུར་ཚེར་མའི་དཀྱིལ་དུ་ཞག་གསུམ་བཞུགས་ནས་ཆོ་ག་བཅུ་་་་་་གཉིས་མཚན་རྒྱས་སངས་རྒྱས་སྟོང་གི་དབང་ལུང་གནང་། ཞལ་ནས་མ་འོངས་དུས་དགོན་སྡེ་ཆེན་པོ་འབྱུང་ཞེས་ལུང་བསྟན་གནང་།      དེ་རྗེས་1983ལོ་སྨིན་སྐྱོད་དགོན་གསར་གཡུང་དྲུང་གླིང་བྲག་ར་གནས་སྒོ་པད་མ་གླིང་ཤར་ཕྱོགས་སྤེན་གཡུང་དྲུང་གླིང་གསུམ།   ཁྱུང་པོ་བསྟན་འཛིན་ཉི་མས་གཅིག་དུ་བསྡོམས་རྒྱུ་ཐག་ཆོད་ནས་སྤྲང་ཐད་ཆུ་ཁ་བདུད་འདུལ་མཆོད་རྟེན་བཞེངས་གྲུབ། ཕྱིར་ལོ་རབ་གནས་འཚོགས་དུས་དེར་རུ་སྡོམས་རྒྱུ་ཁ་མ་འཆང་ནས་སོ་སོར་གྱེར་རོ། འོན་ཀྱང་1985རྫོང་ཆོས་ལུང་ཇུས་རང་སྐྱོབས་འོག་བྲག་ར་ཆུ་ཁ་ཇ་ཁང་ཐོག་རྩེ་གཉིས་པ་དཀྲུན་ཟིན་ཀྱང་།     རང་ལ་དངོས་ཉམས་རྨིས་ལྟས་སྲིད་རྒྱལ་ལུང་ལྟར་གོང་དུ་ཚེར་མའི་གླིང་དུ་ཡར་སྤོས་ནས་ལྷ་ཁང་ཐོག་རྩེ་གཉིས་པ་རྒྱབ་ཕིབ་རྩ་གསུམ་བཅས་ལོ་གཅིག་ནང་ལེགས་གྲུབ་བྱུངས།     འགན་ཁུར་སྤྲུལ་ཟླ་གྲགས་གཙོ་བའི་ཨ་མ་དབང་རྒྱལ་གླང་འཐད་བཅས་གྲྭ་བདུན་བཅུ་ཡོད།      ད་ལྟར་གྲྭ་བརྒྱ་ཙམ་ཟིན་ནས་འདྲ་གཡུང་དྲུང་བསམ་འགྲུབ་དགོན་ཞེས་སྤྲུལ་ཁྱུང་པོ་བསྟན་འཛིན་ཉི་མས་དགོན་མཚན་གསོལ་ལོ།     དུས་ད་ལྟར་དབྱར་ཆོས་མ་རྒྱུད་སྒྲུབས་ཆེན་དང་། དགུན་གཏོར་ཁྲོ་ཕུར་ཞང་གསུམ་དབྱར་གནས་དང་། ཨ་དཀར་བུམ་སྒྲུབས་ཉིན་མཚན་བར་མེད་ཞག་བདུན་བཅས་འཚོགས་ནས་ལོ་ཉི་ཤུ་རྩ་དྲུག་འཁོར་རོ།   དད་ལྡན་མི་སེར་འདུས་སྡེ་མི་སྟོང་ལྷག་ཡལ་རྒལ་འོང་བ་རེད།   བདག་བློ་གཡུང་དྲུང་བོན་བསྟན་ཆེར་རྒྱས་ཕྱིར་སྒྲུབས་ཀྱང་བོན་གྱི་དགོན་གྲལ་དུ་ལོ་རྒྱུས་མིང་ཙམ་ཡང་བཏོན་མེད། དོན་དངོས་དང་མཐུན་པས་སྒྲོ་བསྐུལ་མི་དབེན་ཞེས།    གཡུང་དྲུང་བོན་གྱི་དགོན་སྡེ་གྲལ་དུ་ལེགས་པ་བྲི་རོགས་ཞུས་ནས་གངས་ཅན་བོན་གྱི་ཤེས་རིག་ཚོ་ཆུང་ལ་འབུལ་བ་ཡིན།  རང་སློབ་བསྟན་འཛིན་རྒྱལ་མཚན་དགོན་གྱི་ལོ་རྒྱུས་འདི་ལྟར་བྲི་དགོས་ཞེས།  ཁྱུང་པོ་བསྟན་འཛིན་ཉི་མ་ནས་ཕུལ།   2011ལོའི་ཟླ5པ    ཡུན་ནན་ཁུང་མིག

པད་མ་ཆོས་གྲགས་ནས་མཁོ་འདོན་གནང་།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.