གངས་དཀར་ཏི་སེའི་འོད།
སྨན་བླ་སྐྱབས།
གངས་དཀར་ཏི་སེའི་འོད་ཀྱིས་ནམ་མཁའི་སྐར་ཆེན་དེ་ཚོ་གསལ་ལྷང་ལྷང་། #འདིའི་ཡར་སྔོན་མདུན་ངོས་སུ་འཆར་ཐུབ།#
ཡེ་ཤེས་སྤྱན་དང་འདྲ་བའི་སྐར་ཆེན་དེ་ཚོ་གསལ་ལྷང་ལྷང་།
རྣམ་དཔྱོད་རྩལ་གྱིས་མཐོ་བའི་སེམས་ཀྱི་སྐར་ཆེན་
བདག་གི་མེས་པོ་ཚོ།
སྟོང་བའི་དབྱིངས་ནས་ཡེ་ཤེས་སྤྱན་གྱིས་འགྲོ་བ་ཡོངས་ལ་
གཟིགས་གནང་རོགས།
ཤེས་རིག་འོད་ཀྱིས་བཏབ་པའི་
མེ་ཏོག་ཆུང་ཆུང་འདི་ཡང་འཛམ་བུ་གླིང་ལ་འབུལ་གནང་རོགས།
གངས་དཀར་ཏི་སེའི་འོད་ཀྱིས་གཡུ་ཡི་མཚོ་མོ་དེ་ཚོ་ཁྲ་ལམ་ལམ།
རེ་བའི་མིག་ཆུང་འདྲ་བའི་མཚོ་མོ་དེ་ཚོ་ཁྲ་ལམ་ལམ།
མི་སེམས་འོད་ཀྱིས་ཁེངས་པའི་གནའ་བོའི་རིགས་རྒྱུད་
མགོ་ནག་བོད་པ་ཚོ།
རྔུལ་ཆུའི་དོག་པ་འཛམ་བུ་གླིང་གི་སེམས་ཅན་ཀུན་ལ་
འབུལ་གནང་རོགས།
དབྱངས་གསལ་སོ་བཞིའི་ཟས་རིན་
ལག་རྗེས་ཆུང་ཆུང་འདི་ཡང་ཁ་བ་ཅན་གྱིས་བཞེས་གནང་རོགས།
དྲ་བ་ཞིག་ལས་དྲངས།