ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྐྱབས་མཆོག་བླ་མ་དྲན་བྱུང་། | 2015/4/21 18:56:00
སྐྱབས་མཆོག་བླ་མ་དྲན་བྱུང་།
                                   
མཚན་མོའི་རྒྱུ་སྐར་དབུས་ན། །
རབ་རྒྱས་སྟོན་ཟླ་མཐོང་དུས། །
འཛམ་གླིང་མཁས་པའི་གཙུག་རྒྱན། །
སྐྱབས་མཆོག་བླ་མ་དྲན་བྱུང་། །

རི་རྒྱལ་ལྷུན་པོའི་མཐའ་ན། །
རི་ཕྲན་མང་པོ་མཐོང་དུས། །
སྐྱབས་མཆོག་དྲིན་ཆེན་བླ་མའི། །
གྲངས་མེད་འཁོར་ཚོགས་དྲན་བྱུང་། །

དྭངས་གཙང་གངས་ཆུ་བསིལ་མས། །
སེམས་ཅན་གསོ་བ་མཐོང་དུས། །
སེམས་ཅན་ཐར་བར་འདྲེན་པའི། །
སྐྱབས་མཆོག་བླ་མ་དྲན་བྱུང་། །

ལྷ་མཆོག་ཚེ་དབང་རིག་འཛིན། །
དམར་ཆུང་སྙིང་ལ་སྒོམ་དུས། །
དགུང་གྲངས་བརྒྱད་ཅུར་ཕེབས་པའི། །
སྐྱབས་མཆོག་བླ་མ་དྲན་བྱུང་། །
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.