ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
རེ་སྐུལ་ངག་གི་འགྱུར་ཁུགས། | 2015/4/21 15:42:00
རེ་སྐུལ་ངག་གི་འགྱུར་ཁུགས།

ཕྱི་རོལ་ཁོར་ཡུག་མི་གཙང་དུག་གིས་སྦག །
ནང་གི་གཏེར་ཁ་བསྔོགས་ནས་ཕྱི་ལ་སྤྱུགས། །
འགྲོ་ཀུན་ཐམས་ཅད་བདེ་བར་གནས་འདོད་ན། །
གོ་ལ་ཟླུམ་པོ་གཅེས་སྐྱོངས་བྱ་ལ་རེམ། །

ཁ་ནས་བཤད་པ་ར་མ་ལུག་གི་སྐད། །
ཡ་ཆུང་སེམས་ལ་ངོ་ཚ་མཐུན་སྒྲིལ་བྲལ། །
ང་ཚོ་བོད་པ་ཡུན་རིང་གནས་འདོད་ན། །
མེས་པོའི་ཕ་ནོར་གཅེས་སྐྱོང་བྱ་ལ་རེམ། །

ངེས་མེད་གྲོང་ནས་རང་ལུས་ཚོང་རྫས་བྱས། །
རང་ལུས་རིན་ཆེན་དལ་འབྱོར་ནད་ཀྱིས་བཟུང། །
ང་ཚོ་སྲིད་འདིར་བདེ་བར་གནས་འདོད་ན། །
མི་ལུས་རིན་ཆེན་གཅེས་སྐྱོངས་བྱ་ལ་རེམ། །

ཕྱི་རོལ་རྩྭ་ཆུ་བརྩད་ནས་ནང་དམེ་བྱས། །
ནང་མི་ཆོལ་གསུམ་བར་ལ་ཕྱོགས་ཞེན་བཟུང་། །
ང་ཚོ་ཡ་རབས་མི་རིགས་བྱ་འདོད་ན། །
ནང་གི་མཐུན་སྒྲིལ་གཅེས་སྐྱོང་བྱ་ལ་རེམ། །

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.