ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཕ་མ་དྲན་པའི་མིག་ཆུ། | 2015/4/21 1:00:00
ཕ་མ་དྲན་པའི་མིག་ཆུ།

ཕ་མའི་ཡ་ཆུང་སེམས་ལ། །
ནམ་ཡང་ཡལ་བ་མེད་པར། །
དྲན་པའི་མིག་ཆུ་བཞུར་བ། །
བུ་ངས་བསམ་ན་སྐྱོ་སོང་། །

མི་ལོ་དུ་མའི་རིང་ལ། །
བྱམས་ལྡན་དྲིན་ཆེན་ཕ་མར། །
མཇལ་བའི་སྐལ་བ་མེད་པས། །
བསམ་ཞིང་བསམ་ན་སྐྱོ་སོང་། །
 
ས་མཐའི་འཁྱམས་པོ་ང་རང་། །
འཚོ་བ་སྐྱིད་པོ་ཡོད་རུང་། །
བརྩེ་ལྡན་ཕ་མ་དྲན་དུས། །
སྐྱོ་བའི་མིག་ཆུ་ཤོར་སོང་། །

དྲིན་ཆེན་ཕ་མ་ལོ་ལོ། །
ཐུགས་སེམས་སྐྱོ་སྐྱོ་མ་གནང་། །
ས་མཐའི་བུ་ཆུང་ང་རང་། །
མྱུར་ཏུ་ཕྱིར་ལ་ལོག་ཡོང་། །

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.