ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཞུ་འབོད། | 2015/4/20 11:08:00
ཞུ་འབོད།
ཆུ་སྐྱེས་པད་མའི་སྟེང་ན།།
མཚན་དཔའི་ལང་ཚོ་རྫོགས་པའི།།
ངག་དབང་དབྱངས་ཅན་ལྷ་མོ།།
ཐུགས་རྗེའི་སྤྱན་ཀྱིས་གཟིགས་རོགས།།

ནང་བའི་གྲུབ་མཐར་ཞུགས་པའི།།
དཔྱོད་ལྡན་མཁས་པ་རྣམ་པ།།
གྲུབ་མཐའ་སོ་སོའི་བར་ལ།།
ཕྱོགས་ལྷུང་རིས་སུ་བྲལ་དགོས།།

འགྲོ་བ་དྲུག་གི་མཆོག་གྱུར།།
དལ་བརྒྱད་འབྱོར་བཅུ་ལྡན་པའི།།
མི་ལུས་རིན་ཆེན་ཐོབ་དུས།།
རང་ལ་རང་དབང་ཡོད་དགོས།།

ལྔ་ཟུང་རིག་གནས་སློབ་པའི།།
བོད་པའི་བུ་རྒྱུད་ཡིན་ན།།
ཡ་ཆུང་གངས་དཀར་སེམས་ན།།
ཕུགས་མདུན་རིང་པོ་ཡོད་དགོས།།

གངས་རིའི་འདབས་ནས་འཚར་བའི།།
གདོང་དམར་བོད་པ་ཡིན་ན།།
འགྲོ་དྲུག་སེམས་ཅན་ཐམས་ཅད།།
རིས་མེད་བརྩེ་བས་སྐྱོང་དགོས།།

བོད་པའི་ལ་རྒྱ་བསམ་པའི།།
བོད་པའི་གཞོན་སྐྱེ་ཕོ་མོ།།
བོད་པའི་ལྔ་ཟུང་རིག་གནས།།
དཀའ་བའི་ངལ་གྱིས་སྦྱང་དགོས།།

ངག་ལ་འགྱུར་ཁུགས་ལྡན་པའི།།
ལྷ་བྱ་ཁུ་བྱུག་སྔོན་མོ།།
དཔྱིད་ཟླ་བཞི་བ་ཚེས་དུས།།
གསུང་སྙན་བོད་ལ་སྒྲོགས་དགོས།།

ཀུན་གྱི་ཡིད་དབང་འཕྲོག་པའི།།
མཛེས་ལྡན་གངས་ལྷ་མེ་ཏོག།
དགའ་བའི་འཛུམ་མདངས་བཞད་ནས།།
གངས་དཀར་ལྷུན་པོ་བརྒྱན་དགོས།།

ཀུན་གསལ་དབྱིངས་ན་འཁོར་བའི།།
ཨ་ཇོ་ཐང་དཀར་རྒོད་པོ།།
ཉི་མ་རི་ལ་ནུབ་དུས།།
རང་གི་ཚང་ལ་འབབ་གདོས།།

ཨ་མའི་སྙིང་གི་གཅེས་ལོ།།
ཨ་མདོ་ཡུལ་གྱི་འཁྱམས་པོ།།
ཨ་ཕའི་རྒྱུད་འཛིན་ང་ཡི།།
བཅོས་མིན་སྙིང་གི་ཞུ་འབོད།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.