ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཨ་མའི་བརྩེ་བ། | 2015/4/20 1:46:00
ཨ་མའི་བརྩེ་བ།
                   
ཟླ་དགུ་ཞག་བཅུའི་རིང་ལ་མངལ་དུ་ཁུར་བའི་མ།།
ན་ཟུག་བཟོད་མེད་མྱོང་བཞིན་བཙས་པའི་བུ་ཆུང་ང་།།
སོར་བཅུས་པང་ལ་ལེན་བཞིན་དགའ་བའི་འཛུམ་གྱིས་བསུ།།
བྱམས་པའི་མིག་གིས་ལྟ་ཞར་ནུ་ཞོ་མངར་མོ་སྣུན།།

བྱམས་བརྩེ་ངང་ནས་ཞིམ་དགུ་ཟས་ཀྱིས་གསོ་བའི་མ།།
མི་གཙང་བཤང་གཅི་ལག་པས་ཕྱི་བཞིན་འཛུམ་དཀར་སྟོན།།
འགྲོ་ཚུལ་འདུག་ཚུལ་བསླབས་ནས་མི་ཡི་གྲལ་དུ་བཀོད།།
དཀའ་སྡུག་གང་ཡང་མ་འཛེམས་བུ་ང་བརྩེ་བས་བསྐྱངས།།

ངེས་མེད་ཕྱོགས་བཞི་གནས་ལ་འཁྱམས་པའི་བུ་ཆུང་ང་།།
ཉིན་མཚན་མེད་པར་ལྷན་འཛོམ་རེ་བ་འཆང་བའི་མ།།
བུ་ང་མཆོག་གསུམ་ཐུགས་རྗེས་དྲིན་ལས་བདེ་བར་མཆིས།།
བུ་ངའི་ཕྱོགས་ལ་སེམས་ཁྲེལ་མི་དགོས་བྱམས་ལྡན་མ།།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.