སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ལི་ཐོ།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
པར་མཛོད།
ནང་འཇུག
སྒྲིག་འཇུག...
དྲ་གྲོགས།
སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
སྒྲིག་འཇུག...
རྗེ་བོན་བརྒྱ་རིན་པོ་ཆེས་ཁྲོ་བོ་ངོ་མཚར་རྒྱས་པའི་བཀའ་དབང་བསྩལ་བ། | 2012/3/5 9:08:00
ཧོར་ཟླ་གཉིས་པའི་ཚེས་བཅུ་ནས་བཅུ་གཉིས་བར་འཛམ་གླིང་མཁས་པའི་གཙུག་རྒྱན་སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དཔལ་བཟང་པོས་རེབ་གོང་གསེར་མོ་ལྗོངས་ཀྱི་བྱང་ཕྱོགས་སྙན་བཟང་བོན་མང་གསང་ཆེན་སྨིན་གྲོལ་དཔལ་ལྡན་གླིང་ནས། རང་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་འདུས་པ་སྤྱི་དང་། རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་གསང་སྔགས་རིག་པ་འཛིན་པའི་སྡེ། གཞན་ཕྱོགས་སོ་སོ་ནས་ཕེབས་པའི་བླ་སྤྲུལ་དང་སེར་སྐྱ་ཕོ་མོ་སྟོང་ཕྲག་དུ་མ་འདུས་པ་ལ་ཁྲོ་བོ་ངོ་མཚར་རྒྱས་པའི་བཀའ་དབང་རྒྱ་ཆེར་བསྩལ་བས་དད་ལྡན་སེམས་ཅན་མང་པོ་ཞིག་ཐར་བ་སྨིན་གྲོལ་གྱི་ལམ་ལ་བཀོད་ཅིང་། ཉིན་འདི་གར་དད་ལྡན་མང་པོ་ཞིག་ངོ་མཚར་ཆེ་བའི་བྱིན་སྣ་ཚོགས་བབས་ཏེ་སྨྲ་བསམ་བརྗོད་འདས་ཀྱི་གར་སྟབས་སྣ་ཚོགས་བསྒྱུར་བས་སེམས་ཅན་ཡོངས་ཀྱི་དད་པའི་དང་བ་ལྷག་ཏུ་དྲངས་སོ། ། ༼པར་རིས།༽
རེབ་གོང་བོན་མང་དྲ་བ་ལས།