ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
རེབ་གོང་བོན་མང་གི་དཔྱིད་ཀྱི་སྒྲུབ་མཆོད་ཆེན་མོ། | 2012/1/30 20:36:00
རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་དཔྱིད་ཀྱི་སྒྲུབ་མཆོད་ཆེན་མོ་དེ༢༠༡༢ལོའི་རྒྱ་ལོའི་ཚེས་པ་ལྔ་ནས་བརྒྱད་བར་གླིང་བརྒྱའི་བོན་ཚང་མའི་གསས་ཁང་མདོ་སྔགས་ཕུན་ཚོགས་དར་རྒྱས་གླིང་དུ་འཚོགས་ཤིང་། ཉིན་དང་པོར་རང་བཞིན་བྱིན་རླབས་ཀྱི་དབྱིངས་ནས་རོལ་མོའི་བྱེ་བྲག་གིས་གདན་འདྲེན་དང་བཅས་ཡར་འཚོགས་བྱས། ཚེས་དྲུག་ཉིན་སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེ་དཔལ་བཟང་པོ་མཆོག་ཚོགས་དབུར་ཕེབས་ནས་བཀའ་སློབ་རྒྱ་ཆེར་གནང་བ་དང་། ཚེས་བདུན་ཉིན་བསྟན་སྲུང་དམ་ཅན་རྒྱ་མཚོ་རེ་རེ་བཞིན་གྱི་གར་འཆམ་དང་བཅས་མཇུག་བསྡུས། ཚེས་བརྒྱད་ཉིན། ཚེ་སྒྲུབ་དང་སྐྱབས་འགྲོ་སོགས་ཀྱིས་དྲངས་ཏེ་དཀྱིལ་འཁོར་གྱི་དངོས་གྲུབ་བླངས་པ་སོགས་རྫོགས་རིམ་ལ་འཇུག་ཅིང་བཀྲ་ཤིས་ཅི་རིགས་བརྗོད་ནས་སྒྲུབ་པ་མཐར་ཕྱུང་ངོ་། །
༼ཞིབ་ཏུ་རེབ་གོང་བོན་མང་དྲ་ཚིགས་ལ་གཟིགས་རོགས། http://www.rgbm123.com/news/513/
Re:རེབ་གོང་བོན་མང་གི་དཔྱིད་ཀྱི་སྒྲུབ་མཆོད་ཆེན་མོ། | 2012/2/2 0:21:48
སྐུ་མགྲོན་tx5Brf(སྐུ་མགྲོན)རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་འདུས་སྡེ་ཆེན་མོ་འདི་དར་སྤེལ་དང་ཡར་རྒྱས་རྒྱ་ཆེན་ཡོང་བའི་རེ་བ་ཆེན་པོ་ཡོད། ཕལ་ཆེར་བོན་པོ་ཚང་ལ་སྔར་རྒྱུན་གསང་སྔགས་ཀྱི་འདུས་སྡེ་མིག་མཐོང་ལག་ཟིན་དུ་གྱུར་བ་འདི་གཅིག་པུ་ཡིན་པར་ངེས། ཁྱེད་ཚོས་ནོར་བུ་རང་ཉམས་ཆོད་པའི་ཐོག་ནས་མཐུན་སྒྲིལ་ཟབ་མོས་ཡར་རྒྱས་གོང་འཕེལ་གཏོང་རོགས་གནང་ཞུ་རྒྱུ་ཡིན། ལྷག་པར་དུ་བུད་མེད་སྔགས་མ་ཚོ་ཚོགས་གྲལ་དུ་འཇོག་པ་དང་བྱེད་སྒོ་གལ་ཆེན་ཁག་ནང་འདྲ་མཉམ་གྱི་ཐོབ་ཐང་སྤྲོད་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་རེད། ཁྱེད་རང་ཚོ་ལ་འཛམ་གླིང་ཕྱོགས་ཡོངས་ནས་མིག་གིས་བལྟ་བསྡད་འདུག། བུད་མེད་ལ་འདྲ་མཉམ་གྱི་ཐོབ་ཐང་མེད་ན་དེང་དུས་རབས་ཉེར་གཅིག་གི་འཛམ་གླིང་འདིར་ཡ་རབ་གྱི་མི་གྲལ་དུ་མི་འཇོག་པས་དེ་བརྩིས་སྔོན་ཙམ་ནས་ཐུགས་བསྐྱེད་རླབས་ཆེན་བཞེས་གནང་ཡོང་བའི་རེ་བའི་བསྐུལ་མ་ཞུས་པ་ཡིན། རྩ་བའི་ཆ་ནས་ཁྱེད་རྣམས་ཀྱིས་མ་མཁྱེན་པ་མེད་ཅིང་ཞུ་ཧམ་དུ་སོང་ན་དགོངས་འགལ་མེད་པ་ཞུ།།
གཤམ་དུ་ཁྱུང་དཀར་ཟླ་བ།་ལགས་ཀྱིས་ལན་སློག་པ་ནི་
གྲོགས་པོ་ལགས་ཀྱིས་དགོངས་འཆར་ལྷུག་སྩོལ་གནང་བར་བཀའ་དྲིན་ཆེ་ཞུ་ལགས།
རྩོམ་པ་པོ།:སྐུ་མགྲོན་tx5Brf(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.