གང་དྲན་གྱི་མི་བུའི་འཚོ་བ།།སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
བདག་གི་ཟིན་བྲིས་ནང་གི་བྲོ་བ།།
པར་མཛོད།
ངའི་པར་རིས་ཚང་མ།།
ཟིན་ཐོ་གསར་བ།
མྱོང་རྟོགས་ཀྱི་མི་ཡུལ།
དཔྱད་གཏམ་གསར་བ།
ཆོས་སྲིད་ཀྱི་དཔྱད་གཏམ།
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཨ་མཚར་གྱིས་བྲིས།། | 2013/9/15 19:30:00

སྣག་དང་སྤུར་གྱིས་མ་བྲིས་ལ།།

ལྕགས་དང་ཟངས་ཀྱིས་ཡེ་མ་བརྡུང་།

ང་ཡི་སྙིང་གྲོགས་བཀྲ་བྱམས་མ།།

ལན་ཚྭའི་བུ་ལ་སྙིང་དུ་སྡུག།

 

མཐའ་ཕྱིན་སྤངས་རྟོགས་སངས་རྒྱས་དང་།

རྒྱལ་སྲས་སར་ཕེབས་མ་ཡིན་ཀྱང་།

ཞི་དུལ་ལྷིང་འཇགས་ངང་རྒྱུད་དེས།།

ང་ཡི་དུང་སེམས་ཡོད་ཚད་འཕྲོག།།

 

བུང་བ་ཆ་ལྡིང་མིག་ཟུང་གིས།།

འབྱེད་བཙུམ་མྱུར་མོའི་མདའ་གཅིག་གིས།།

སྲིད་ན་ཉུལ་བའི་བདག་སེམས་ཤེའུ།།

ཐར་བའི་སྐལ་བ་རི་རྭའི་ཟླ།།

 

ཁྱེད་ཀྱི་དུང་སེམས་འོ་མའི་མཚོ།།

ལྷང་ལྷང་འབབ་པའ་དྭངས་གཙང་རྒྱུན།།

སྐམ་སྲེད་བདག་གི་སེམས་པས་ཀྱང་།

ཧུབ་གང་མཐུང་བའི་སྐལ་བཟང་བསྩོལ།།

 

དཀར་འཇམ་བྲང་གི་རི་གཟར་ན།།

འབུར་དུ་ཐོན་པའི་མྱོས་བུམ་ཟུང་།

ཁོ་བོའི་མཐོང་དང་དྲན་པས་ཀྱང་།།

ཆགས་པའི་བ་སྤུ་གྱེན་དུ་ཟེངས།།

 

ང་དང་ང་ཡི་མིག་སྔ་ལ།

བུད་མེད་དཀོན་རྒྱུ་མེད་ན་འང་།

མ་སྐྱེས་ཨ་མའི་ཕུལ་བྱུང་ཁྱོད།།

གཏན་འདུན་བསམ་ནས་ལོ་འགའ་འགོར།།

 

གནམ་འོག་འདི་ཡི་མི་ཀུན་ལ།།

ཁྱེད་འདྲའི་སྤྱོད་ཡོན་གཉིས་ལྡན་ན།།

སྡང་དགྲ་ཟེར་བའི་ཐ་སྙད་ཀྱང་།

ང་ཡི་མིག་སྔར་ཡོད་དམ་ཅི།།

 

ཁོ་བོ་ཆགས་པས་མ་བཟོད་ནས།།

སྨྲེ་ངག་ཡུན་དུ་བསྒྲངས་ན་འང་།།

ང་ལ་དབང་བའི་སྐལ་བཟང་ཞིག།

སྲིད་ན་དཀོན་པ་ས་ལེ་བ།།

 

ཨེ་མ་ཁྱེད་ཀྱི་ལོང་ཚོའི་དཔལ།།

ཚངས་པའི་བུ་མོས་མཐོང་བའི་རྐྱེན།།

རབ་ཏུ་སྐྱེངས་ནས་དབང་པོའི་ཡུལ།།

མ་མངོན་པ་རུ་ཡིབ་པར་འདྲ།།

གྲོགས་མོ་ཞིག་ལ་དྲྭ་ཁང་ནས་ཤར་མར་བྲིས།།

 

 

Re:ཨ་མཚར་གྱིས་བྲིས།། | 2013/10/10 20:54:17
khyungབཀླགས་ཚར་རོ།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.