སྐབས་༢༨པའི་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ།
རྒྱལ་ཕྱི་ནང་ཀུན་དུ་བཞུགས་པའི་རང་རིགས་སྤྱི་དོན་ཐད་དཀའ་ངལ་
ཚད་མེད་བསྐྱང་སྟེ་ཉིན་མཚན་དབྱེར་མེད་ངང་བློ་གསལ་གཞོན་ནུ་དག་ལ་
རིན་མེད་ཀྱི་ཤེས་རིག་ནོར་བུ་འཕངས་མེད་དུ་སྦྱིན་མཁན་དགེ་བའི་
བཤེས་གཉེན་རྣམས་ལ་གོང་གི་གླུ་གཞས་དེ་ལེགས་སྐྱེས་སུ་ཕུལ་བ་ཡིན།
མཐར་དགེ་བའི་བཤེས་གཉེན་རྣམ་པའི་མཛད་ཕྲིན་མཁའ་ལྟ་རྒྱས་ཤིང་།
བློ་གསལ་གྱི་སློབ་བུ་ནམ་མཁའི་སྐར་ཚོགས་ལྟར་འདུས་ཤིང་། ཤེས་ཡོན་གྱི་ཕྱུག་པའི་རིགས་ཞེན་ཁག་མང་དུ་ཐོན་ནས་བོད་ཁ་བའི་
ཆབ་དཔལ་རིག་གསུམ་དབྱར་གྱི་མཚོ་མོ་ལྟར་རྒྱས་པའི་སྨོན་པ་ཡང་ནས་ཡང་དུ་ཞུ་བ་ཡིན། །
ཟུར་ཞུ། གོང་གི་གཞས་ཚིག་རྩོམ་པ་པོ། བསྟན་འཛིན་ཆོས་གྲགས་དང་།
གངས་རིའི་གླུ་བ་ཆོས་འཕེལ་གཉིས་ལ་བྱ་བ་མཐའ་དག་
བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ་ཞུ། །
༢༠༡༢ལོའི་ཟླ་༩་ཚེས་༡༠་ཉིན།