༣ ད་ར་གསར་བའི་ཕན་ཡོན། །
ད་ར་ནི་འོ་མ་མ་བསྐོལ་བ་བསྲུབས་ནས་མར་བཏོན་ཚར་བའི་རྗེས་ཀྱི་ཤང་མ་སྟེ་སྐོམ་གྱི་ཁོངས་ཡིན་ཞིང་།
ནམ་རྒྱུན་དུ་དབྱར་སྟོན་ཚ་བ་ཆེ་བའི་སྐབས་སུ་ད་ར་མང་པོ་འཐུང་གིན་ཡོད་ལ། ད་རས་བརྫིས་པའི་རྩམ་པ་ལ་དར་རྩམ་ཞེས་གྲགས་སོ། །
ད་ར་གསར་བའི་རོ་བསྐ་བ་སྐྱུར་བ་དང་ངོ་བོ་ཡང་ཞིང་དྲོ་བ་ཡིན།
དེའི་ཕན་ཡོན་ནི་ཕོ་བའི་མེ་དྲོད་ཉམས་པ་འཕེལ་བར་འགྱུར་བ་དང་།
མར་མང་པོ་ཟོས་པའམ་ལེགས་པར་ཟོས་པ་ལས་བྱུང་བའི་མར་མ་ཞུ་
བ་དང་། བད་རླུང་དང་། སྐྲན་ནད་དང་། དམུ་རྫིང་དང་།
གཞང་འབྲུམ་ན་བ་དང་། སྦྱར་དུག་དང་། སྐྱ་རྦབ་ཀྱི་ནད་རྣམས་སེལ་ཞིང་
འཇོམས་པ་ཡིན་ནོ། དེ་ལྟར་ན་གོང་གསལ་ནད་བྱུང་བའི་ནད་པས་ད་ར་གསར་པ་རན་པ་འཐུང་
ན་ནད་འདི་རྣམས་སེལ་ཏེ་བཟློག་པར་འགྱུར་རོ། །
༤ ཁྱིམ་ཚང་རེ་རེར་ཡོད་པའི་སྨན།
ཚ་བ་རྒྱས་པའམ་ཁོག་པ་བཤལ་བའི་མིས་ཚྭ་ལྡན་ཆུ་ཁོལ་འཐུང་ན་ནད་ཇེ་ཡང་དུ་འགྲོ་བ་དང་། ཚྭ་ཆུས་མགོ་བཀྲུས་ན་མགོ་ཤིག་གསོད་པ་ཡིན།
ལྒ་སྐྱ་བཏབ་པའི་ཇ་འཐུང་ན་ཆམ་ནད་གསོད་ཐུབ།
ལོ་སྒོར་པད་ཚལ་གྱི་ཁུ་བའི་ནང་དུ་ཆུ་ཅུང་ཙམ་བསྣན་ནས་དྲོད་ཆེ་རུ་བཏང་སྟེ་འཐུང་ན། ཕོ་བ་སྨུག་པོ་དང་ཕོ་བའི་གཉན་ཚད་གསོད་ཐུབ།
སྒོག་པར་དུག་སྲིན་འགོག་པ་དང་གཉན་ཁ་འཇོམས་པ། རྒྱུ་ལམ་གྱི་འཚོ་རྟེན་འབུ་གསོད་པའི་ནུས་པ་ལྡན།
ཀྲོ་མ་ཀྲུ་དང་ཚོད་དཀར།ཀེའུ་ཚོད་ཟོས་ན་སྐྲན་ནད་འགོག་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཚོད་མ་ཨོ་སུན་ད་ནན་ཀྭ སྲན་མ། སྲན་སྨྱུག་བཅས་ཀྱི་ནང་དུ་མི་ལུས་ཀྱི་སྐྲན་ནད་གྲུབ་པའི་རྫས་རྒྱུ་ཡ་བའོ་
ཨན་འགོག་པའི་རྒྱུ་ལྡན་པས་མང་པོ་ཟོས་ན་ཧ་ཅང་བཟང་།
ལ་ཕུག་ཟོས་ན་ལུད་སེལ་གློ་འཇགས་ཀྱི་ནུས་པ་ཐོན།
ཙོང་དང་རྒྱ་ཙོང་ཟོས་ན་ཁྲག་མངར་འདུས་ཚད་ཇེ་དམར་གཏོང་ཐུབ་པས་
གཅིན་པ་མངར་འགྱུར་གྱི་ནད་གསོ་བར་ཕན་པ་ངེས་ཅན་ཞིག་ཐོན་པ་ཡིན།
འཚོ་བའི་སྐོར་གྱི་རྒྱུན་ཤེས་ལས་ཡིག་བཏགས་བྱས།