༡ ཉལ་ཁར་རྐང་པ་བཀྲུས་ན་གསོ་སྨན་ལས་ལྷག
ཆུ་ཚན་དེས་རྐང་པ་བཀྲུས་ན་ཕན་ཡོན་འདི་འདྲ་ཡོད་དེ།
དཔྱིད་ཀར་གདགས་འཕེལ་ཤོར་སྲུང་བྱེད་པ་དང་།
དབྱར་དུས།རླུང་རླན་སེལ་ཐུབ། སྟོན་དུས། གློ་བ་འཇམ་གཤེར་བྱེད།དགུན་དུས།གསུས་ཁོག་ལ་དྲོད་འཇམ་འབྱུང་། རྩ་ལམ་རྣམ་བཤད་ཀྱིས་བལྟས་ན།རྐང་མཐིལ་དུ་དོན་ལྔ་སྣོད་དྲུག་རེ་རེ་བཞིན་གྱི་འཕྲོས་བརྙན་ཡོད་པར་སེམས། མཐེ་ཆེན་ནི་མཆིན་མཆེར་གྱི་རྩ་ལམ་འབྲེལ་སྣེ་ཡིན་པས་མཆིན་གསོ་མཚེར་བདེ་བྱེད་པ་དང་། ཡིག་འཕེལ་ཞིང་མཆིན་མཚེར་སྐྲངས་པ་ཞི་ཐུབ།མཛུབ་གུ་བཞི་པ་ནི་མཁྲིས་རྩར་གཏོགས་ཏེ། དྲི་མ་འགག་པ་དང་རྩིབ་མའི་གོ་བར་ན་ཟུག་གཅོད་ཐུབ།མཐེའུ་ཆུང་ནི་ལྒང་བའི་རྩ་ཐག་ལ་གཏོགས་པ་ཡིན་པས།བྱིས་པའི་གཅིན་ཤོར་གསོ་བ་དང་།
སྐྱེས་མའི་མངལ་གནས་ལེགས་སྒྲིག་བྱེད་ཐུབ།རྐང་པའི་ལྟེ་ནི་མཁལ་རྩའི་ཡུང་ཚོན་གསང་མིག་གནས་
ཡིན་ལ། མཁལ་ཟུངས་ཞན་གསོ་ཐུབ། ཆུ་ཚན་དེས་རྐང་བ་འཁྲུད་པ་ནི་རྐང་མཐིལ་ལ་ཟུག་རེག་ལེགས་པོ་ཞིག་ཐོབ་པ་ཡིན་པས།
དབང་རྩ་ཡན་ལག་འཁྲུག་པོར་གཏོང་ཐུབ་པ་དང་ཡིད་འཛིན་ནུས་པར་ཤུགས་སྣོན་བྱེད་ཐུབ།
༢ ཞོགས་པར་ཆུ་ཁོལ་དཀར་ཡོལ་གང་འཐུང་བའི་ཕན་ནུས།
ཞོགས་པར། ནངས་ཇའི་སྔོན་ལ་ཆུ་ཁོལ་དྲོན་མོ་དཀར་ཡོལ་གང་འཐུངས་
ན་ལུས་ཟུངས་བདེ་ཐང་ལ་ཕན་པ་ཧ་ཅང་ཆེ། དེ་ནི་མཚན་གང་ལ་གཉིད་
ཉལ་བས་ཕོ་བ་དང་རྒྱུ་ནག་ནང་དུ་བསགས་པའི་ཟས་དང་ཟས་མྱགས།
རོ་མ་སོགས་འཇུ་འོས་པ་རྣམས་བཞུས་ཟིན་པ་དང་། ལེན་འོས་པ་རྣམས་
བསྡུ་ལེན་བྱས་ཟིན། ལེན་མི་ཐུབ་པའི་དངོས་པོ་རྣམས་ཕལ་ཆེར་ཚང་མ་
རྒྱུ་དཀར་ནང་བསྐྱལ། སྐབས་དེར་ཕོ་བ་དང་རྒྱུ་ནག་ནི་སྟོང་ཤག་ཤག་
ཡིན་པས་ཆུ་བཏུངས་རྗེས། ཕོ་རྒྱུ་ལ་བཤལ་ཁྲུས་ཐེངས་གཅིག་བྱས་པར་
བརྟེན།ཉིན་དེར་ཟོས་པའི་ཟས་རིགས་ལེགས་པོར་འཇུ་བ་དང་སྡུད་པར་
རོགས་འདེགས་ཆེན་པོ་བྱེད་ཐུབ་པའི་རྐྱེན་གྱིས་རེད།
ཞོགས་པར་ཞལ་ཁྲུས་བྱས་རྗེས་ཆུ་ཁོལ་བཏུངས་ན་ད་དུང་ཁྲག་ཤེད་
འབེབས་པ་དང་། ཀླད་ཁྲག་ཐོན་པ་དང་སྙིང་ཁྲག་འགག་པའི་སྔོན་འགོག་
ལ་ཕན་པ་ཡོད། མི་རྣམས་མཚན་མོར་དུས་ཡུན་རིང་བོར་གཉིད་ཉལ་བའི་
ཁར། ཆུ་ཐིགས་པ་ཙམ་མ་འཐུང་བ་དང་སྐྱེ་ལུགས་རང་བཞིན་གྱི་ཆུ་
ཡལ་ཚུལ་རྣམས་ཀྱི་རྒྱུ་མཚན་ལས། ཟག་ཕུང་དུ་ཆུ་ཞན་པར་འགྱུར་བས།
ཁྲག་གར་བོར་གྱུར་པ་དང་ཁྲག་རྒྱུན་དལ་བ།ལུས་ནང་གི་རྙིང་ཚབ་གསར་བྱེད་ཀྱི་སྙིགས་རོ་སྤོང་བ། གཉིད་ཉལ་དུས་ཁྲག་གི་རྒྱུ་ཚད་བྲི་བར་གྱུར་པ་དང་ཁྲག་རྩ་ཕྲ་བོར་གྱུར་པ་རེད། གལ་ཏེ་ཞོགས་པར་མལ་ལས་ལྡང་རྗེས་ཐོག་མར་ཆུ་ཁོལ་དཀར་ཡོལ་གང་
བཏུངས་ན་ཁྲག་གི་གར་ཚད་བབས་ཏེ་འཕར་རྩའི་ལྡེབས་ངོས་ཇེ་ཆེར་འགྱུར་ཐུབ་པ་དང་། ཁྲག་རྒྱུན་འཁོར་རྒྱུག་རྒྱུན་ལྡན་དུ་འགྱུར་བ་བྱེད་ཐུབ།
དེ་བས་འདི་ནི་ཁྲག་ཤེད་མཐོན་པོ་དང་ཀླད་ཁྲག་ཐོན་པ། ཀླད་ཁྲག་ནས་འབྲས། སྙིང་གཟེར་དང་སྙིང་ཁྲག་འགག་པ་སོགས་འབྱུང་བ་སྔོན་འགོག་བྱེད་པར་ཕན་ནོ། །
འཚོ་བའི་སྐོར་གྱི་རྒྱུན་ཤེས་ལས་ཡིག་བཏགས་བྱས། །
མུ་འགོད་ཡོད།