ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བླ་བྲང་སྐལ་བཟང་བླ་འགུགས་བྱེད་རན་འདུག།
[ 2018/5/25 13:47:00 | By: ཨ་ཀྲོང་རིན་རྒྱལ། ]
 

བླ་བྲང་སྐལ་བཟང་བླ་འགུགས་བྱེད་རན་འདུག།

        

རྩོམ་པ་པོ། ཨ་ཀྲོང་རིན་ཆེན་རྒྱལ་མཚན། 

དེང་རབས་འཕྲུལ་རྩལ་དྲ་བའི་མྱུར་ཤུགས་ཁྲོད། །

ཡོད་ཚད་ཕྱི་རུ་མངོན་པའི་དུས་ཚིགས་འདིར། །

གོ་བརྡ་འཕྲོད་ཐབས་མེད་པའི་སྨྱོན་པ་ཁྱུ ། །

རིམ་པས་བླ་འགུགས་བྱེད་པའི་དུས་ལ་བབས། །

 

མཁས་པའི་མིང་སྐམ་བརྫུས་པའི་དྲ་འབུ་ཞིག །

ངོ་ཚ་གཏིང་ནས་བྲལ་བའི་སྤྲེལ་སྨྱོན་ཞིག །

ཐམས་ཅད་ཤེས་པར་རློམ་མཁན་བྱིས་པ་ཞིག །

ཐོག་མར་དེ་ཉིད་བླ་འགུགས་བྱེད་རན་འདུག །

 

ལོ་ཤས་སྔོན་དུ་གཤེན་རབ་མེད་རབས་བསྒྲགས། །

ཉིན་ཤས་སྔོན་དུ་རྫུན་གཏམ་ལུང་གང་བསྒྲགས། །

དུས་ནམ་ཀུན་ཏུ་འོལ་ཚོད་རྐྱང་རྐྱང་བསྒྲགས། །

བླ་བྲང་སྐལ་བཟང་བླ་འགུགས་བྱེད་རན་འདུག །

 

བོན་པོའི་ལོ་རྒྱུས་མི་ཤེས་ཤེས་མདོག་བྱེད། །

བོན་གྱི་སྐྱེས་ཆེན་རྣམ་ཐར་གླེང་མདོག་བྱེད། །

བོན་པོ་ཚང་ལ་རྒྱུས་མངའ་ཡོད་མདོག་བྱེད། །

བླ་བྲང་སྐལ་བཟང་བླ་འགུགས་བྱེད་རན་འདུག །

 

ཡོད་པ་མེད་པར་སྨྲ་ཞིང་སྐུར་འདེབས་བྱེད། །

མེད་པ་ཡོད་པར་བརྗོད་ཅིང་སྒྲོ་བཏགས་བྱེད། །

ཡིན་མེན་ལ་སོགས་དེ་བཞིན་ཁུངས་མེད་གླེང་། །

བླ་བྲང་སྐལ་བཟང་བླ་འགུགས་བྱེད་རན་འདུག །

 

རང་ཉིད་མིང་སྐམ་གྲགས་པ་འབར་ཕྱིར་དང་། །

གནས་སྐབས་ཅུང་ཙམ་ཁེ་ཕན་ཐོབ་ཕྱིར་དང་། །

ཁྱི་སྨྱོན་ཞིག་གིས་ངུ་ཟུག་མཚུངས་དང་བཅས། །

བླ་བྲང་སྐལ་བཟང་བླ་འགུགས་བྱེད་རན་འདུག །

 

ལོ་རྒྱུས་གཏན་ཚིགས་བཀོད་ཚེ་ལྐུགས་པར་གྱུར། །

བདེན་དོན་ར་སྤྲོད་དགོས་དུས་ལྕེ་རྩེ་དིག །

ལུང་རིག་དགག་བཞག་རྩོད་དུས་རིག་སྒོ་འགག །

བླ་བྲང་སྐལ་བཟང་བླ་འགུགས་བྱེད་རན་འདུག །

 

བླ་སྐལ་དགག་རྒྱག་བྱས་པའི་གྲུབ་འབྲས་ནི། །

ཆུ་ནག་དཀྲོགས་ནས་མར་རིལ་འབྱུང་དང་མཚུངས། །

ཁྱི་སྐྱག་དེའི་རིགས་རང་སར་བཞག་ན་ལེགས། །

བླ་བྲང་སྐལ་བཟང་བླ་འགུགས་བྱེད་རན་འདུག །

 

མ་ཤེས་པར་ཀྱང་འོལ་ཚོད་སྨྲ་རྐྱང་བྱེད། །

རྟོག་ངོར་འཆར་ཚད་གཏམ་དུ་བརྫུས་པར་བྱེད། །

མྱི་ངན་ཞིག་གི་མཚན་ཉིད་དེའི་ལྷག་ཅི། །

བླ་བྲང་སྐལ་བཟང་བླ་འགུགས་བྱེད་རན་འདུག །

 

སྐད་འཕྲིན་ནང་དུ་སྨྱོ་བཤད་གཟའ་བཤད་བྱེད། །

གནས་ལུགས་དབེན་པའི་སྟོང་གཏམ་ལུང་གང་བྱེད། །

ཀླད་རྩ་ཆད་སྐྱོན་ཤོར་བའི་འཆོལ་ལབ་བྱེད། །

བླ་བྲང་སྐལ་བཟང་བླ་འགུགས་བྱེད་རན་འདུག །

 

བླ་སྐལ་མིང་གྲགས་ཆེ་བར་མ་ཡིན་ཀྱང་། །

དོན་མེད་བྱ་སྤྱོད་སྣ་ཚོགས་སྤེལ་རྐྱེན་དུ། །

སྐད་འཕྲིན་ནང་དུ་སྐད་ངན་གང་སར་ཁྱབ། །

བླ་བྲང་སྐལ་བཟང་བླ་འགུགས་བྱེད་རན་འདུག །

 

ཁོ་ཡི་འདོད་དོན་དེ་ལས་མེད་མོད་ཀྱང་། །

རྩོམ་འདི་གྲོགས་སུ་འགྲོ་བར་ཤེས་ན་ཡང་། །

ཧམ་བཤད་སྟོང་གཏམ་ནད་ཡམས་ཟློག་ཆེད་དུ། །

བླ་བྲང་སྐལ་བཟང་བླ་འགུགས་བྱེད་རན་འདུག །

 

བླ་ཡིད་སེམས་གསུམ་ཀུན་གཞིའི་བག་ལ་གཏིམ། །

འདྲེ་ལག་གཉིས་པོ་ཐ་རམས་ལྕགས་ཀྱིས་སྒྲོགས། །

སྡུག་ཁ་བདག་མེད་ལ་ཆས་ཐམ་སྦྱར་རྒྱོབས། །

མི་བཤིག་གཡུང་དྲུང་གསང་བའི་གུར་དུ་ཚུད། །

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.