སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
རིགས་མཐུན་ཚོ། ། | 2011/11/17 13:11:00

 

  རིགས་མཐུན་ཚོ།

གླུ་ཚིག

བོད་ཀྱི་ཡུལ་ནས་བོན་བསྟན་བྱུང་། །
རྒྱ་གར་ཡུལ་ནས་བན་ཆོས་དར། །
འབྱུང་ཡུལ་མི་གཅིག་སོ་སོ་ཡང་། །
ནང་ཆོས་ངོ་བོ་འདྲ་འདྲ་རེད། །
 
ཁྱོད་ནི་མི་ལུས་རིན་པོ་ཆེ། །
གན་ནི་དུད་འགྲོ་རྩྭ་གཟན་རེད། །
ལུས་རྟེན་ཐོབ་ཚུལ་ཁ་ཁ་ཡང་། །
སྲོག་ལྡན་ཡིན་པ་འདྲ་འདྲ་རེད། །
 
ང་ནི་ནོར་རྗེས་ཀྱི་འབྲོག་པ། །
ཁྱོད་ནི་གྲོང་ཁྱེར་གྱི་བོད་པ། །
བྱ་བའི་བསྒྲུབ་སྟངས་སོ་སོ་ཡང་། །
བོད་ཡིག་མི་ཤེས་འདྲ་འདྲ་རེད། །
རྩོམ་པ་པོ།:རེབ་སྐྱིད་ཡར་འཕེལ། | བལྟ་ཀློག | ལན་སློག(4) | འདྲེན་བཀོལ་སྤྱི་བསྒྲགས | རྩོམ་སྒྲིག
Re:རིགས་མཐུན་ཚོ། ། | 2011/11/17 14:31:46
danzengyixi

ཁྱེད་ནི་ཨ་མདོའི་ཡུལ་དུ་སྐྱེས། །
ང་ནི་ཁམས་སྟོད་ཡུལ་དུ་གནས། །
འདུག་ས་གཅིག་པ་མིན་ན་ཡང་། །
བསམ་བློའི་ཕུགས་འདུན་གཅིག་པ་རེད། །

Re:རིགས་མཐུན་ཚོ། ། | 2011/11/17 16:22:02
tenzin3909

ཁྱོད་ནི་ཁམས་པའི་ཕོ་གསར་རེད། །
ང་ནི་ཨ་མདོའི་ཕོ་རྒོད་རེད། །
སྐད་གདངས་མི་གཅིག་སོ་སོ་ཡང་། །
གངས་ཅན་བོད་པའི་ཡིག་རིགས་རེད། །
Re:རིགས་མཐུན་ཚོ། ། | 2011/11/25 22:23:55
སྐུ་མགྲོན་130Md5(སྐུ་མགྲོན)ཁྱེད་ནི་ཨ་མདོའི་རྒྱན་ཞིག་རེད། །

ང་ནི་ཁམས་པའི་སྤྲང་ཕྲུག་ཡིན། །

ཁྱེད་ནི་རིག་གནས་མཁས་པས་སོ། །

ང་ནི་རྣམ་གཡེང་ཆེ་བས་ན། །


ལྷ་བྱ་ཁུ་བྱུག་གསུང་སྐད་སྙན་མོའི་སྒྲོགས།།
རྩོམ་པ་པོ།:སྐུ་མགྲོན་130Md5(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:རིགས་མཐུན་ཚོ། ། | 2011/11/25 22:36:40
སྐུ་མགྲོན་130Md5(སྐུ་མགྲོན)ཀ ཁྶདཞངལགསེར པཔཔཔཔཔ
རྩོམ་པ་པོ།:སྐུ་མགྲོན་130Md5(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.