སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
མཚོ་སྔོན་པོ། དོན་དངོས་གློག་བརྙན། | 2011/9/11 16:30:00

 ལྗང་བུ་ལགས་ཀྱི་དོན་དངོས་གློག་བརྙན་བརྩམས་ཆོས་འདི་ནི་༢༠༠༥ནས་འགོ་བརྩམས་ཏེ་ཕབ་བསྐྲུན་གྱི་ལས་ལ་ཞུགས་པ་དང་།   ནང་དོན་གཙོ་བོ་ནི་ང་ཚོའི་གནས་མཆོག་མཚོ་སྔོན་པོར་འབག་བཙོག་བཟོ་བ་དང་ཉམས་ཆག་ཏུ་འགྲོ་བ་དེའི་ས་གནས་མང་ཚོགས་ཀྱི་འཚོ་བའི་དཀའ་སྡུག་དང་དེའི་རྒྱུ་རྐྱེན་གྱི་ཁྲོད་ནས་བྱིས་པ་ཚོའི་རིག་གནས་སློབ་པ་ལ་ཡང་བཀག་རྒྱ་ཆེན་པོ་བཟོས་ཡོད་པ་སོགས་མཐོང་སྣེར་དྲངས་སྟེ་གནས་དེའི་འབྲོག་པའི་ཡུལ་མི་ཚོར་བཅར་འདྲི་མང་པོ་བྱས་མཐར། ང་ཚོ་བོད་གངས་ཅན་ལྗོངས་ཀྱི་སེམས་ཁོང་ན་སྐྲག་སྦས་བྱས་པའི་གསང་བ་སྐྱུར་མོའི་ཕོང་བོ་འཛམ་གླིང་ཡོངས་ལ་དམར་རྗེན་དུ་དཔར་ལ་བཏབ་ཡོད་པས་སྒྱུ་རྩལ་དང་ལོ་རྒྱུས་ཀྱི་རིན་ཐང་དང་སོགས་ལྡན་པས། འདི་ནི་ང་ཚོ་བོད་ལ་མཚོན་མ་བལྟས་ཚད་མེད་ཀྱི་གློག་བརྙན་ཞིག །

 

མཚོ་སྔོན་པོ། བོད་ཀྱི་དོན་དངོས་གློག་བརྙན།  འདིར་མནོན་དང་བལྟ་ཐུབ།

རྩོམ་པ་པོ།:རེབ་སྐྱིད་ཡར་འཕེལ། | བལྟ་ཀློག | ལན་སློག(3) | འདྲེན་བཀོལ་སྤྱི་བསྒྲགས | རྩོམ་སྒྲིག
Re:མཚོ་སྔོན་པོ། དོན་དངོས་གློག་བརྙན། | 2011/9/12 3:22:31
བློ་གྲོས་འགྱུར་མེད།(སྐུ་མགྲོན)དངོས་གནས་ཡག་པོ་འདུག རྒད་པོ་ཤ་ཞེན་ཅན་རྐྱང་རྐྱང་གི་སྐད་ཆ་ཁོལ་མ་ཏག་ཏག་ཐོས་བྱུང་། འདིའི་རིགས་ང་ཚོས་གང་ཐུབ་ཀྱིས་སྤེལ་ཅི་ཐུབ་བྱ་དགོས།
རྩོམ་པ་པོ།:བློ་གྲོས་འགྱུར་མེད།(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:མཚོ་སྔོན་པོ། དོན་དངོས་གློག་བརྙན། | 2011/9/12 21:29:57
triyungblogཤ་ཞེན་ཞིག་གིས་ཤ་རྩ་འདར་བཞིན།།
སེམས་ཤུགས་ཤིག་གིས་སེམས་པ་དཀྲོག་བཞིན།།
ན་ཟུག་ཅིག་གིས་ན་མཉམ་འགའ་ལ།།
ལ་རྒྱ་ཞིག་གིས་ལ་གཞས་གྱེར་སོང་།།

གྲོགས་པོ་ལགས། ད་ལན་དངོས་གནས་བསྒྲགས་ཁྱབ་རིན་ཐང་ལྡན་པ་ཞིག་གནང་འདུག ཐུགས་རྗེ་ཆེ།
Re:མཚོ་སྔོན་པོ། དོན་དངོས་གློག་བརྙན། | 2011/9/13 22:32:32
danzengyixi
དྲྭ་གྲོགས་རེབ་སྐྱིད་ལགས། འདི་ནས་བལྟ་མི་ཐུབ་ཀི།
གོང་གི་ནང་དོན་ལ་གཞིགས་ན་ཤིན་ཏུ་ལེགས་པའི་གློག་བརྙན་ཞིག་ཡིན་པ་འདུག །
ཉེ་ལམ་མ་མཇལ་རིང་སྐུ་ཁམས་བདེའམ།
ལྷག་གཡག་དར་མས།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.