སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༄༅།། །།མཉམ་མེད་རྒྱལ་རོང་པར་དཔྱད་ཙམ་བྱས་པ། | 2017/4/26 16:23:00
༄༅།། །།མཉམ་མེད་རྒྱལ་རོང་པར་དཔྱད་ཙམ་བྱས་པ། 
འཁྲུངས་དུས་ལ་དཔྱད་པ། བོན་སྒོར་ཞུགས་དུས་ལ་དཔྱད་པ། མདོ་སྨད་ནས་སྟོད་ཕྱོགས་སུ་བྱོན་དུས་ལ་དཔྱད་པ། ཙོང་ཁ་པ་དང་མཇལ་དུས་ལ་དཔྱད་པ། གྲྭ་ས་གཡས་རུ་དབེན་ས་ཁར་ཞུགས་དུས་ལ་དཔྱད་པ། བསྙེན་རྫོགས་སྡོམ་པ་བཞེས་དུས་ལ་དཔྱད་པ། རོང་སྟོན་མཇལ་དུས་ལ་དཔྱད་པ། གདན་ས་སྨན་རི་ཕྱག་བཏབ་དུས་ལ་དཔྱད་པ། སྐུ་གཤེགས་དུས་ལ་དཔྱད་པ། སྐུ་གདུང་བཞུ་དུས་ལ་དཔྱད་པ་བཅས་དོན་ཚན་བརྒྱད་ལ་ཟུར་ཙམ་དཔྱད་འདོད་བྱུང་། 
དེ་ཡང་ད་བཞུགས་མཉམ་མེད་རྣམ་ཐར་ཁག་ལས། ལོ་རྒྱུས་དངོས་དང་ཆེས་ཉེ་ཤོས་དང་ཆེས་རིན་ཐང་ཆེ་ཤོས་ནི། གྲགས་པ་རྒྱལ་མཚན་གྱིས་མཛད་པས་རྣམ་ཐར་འདི་དང་། བྲུ་ཡི་ཨ་ཁྲིད་བླ་རྒྱུད་ནང་གི་རྣམ་ཐར། མཉམ་མེད་རྣམ་ཐར་གནའ་བོའི་ཞལ་ལུང་། མཉམ་མེད་རྣམ་ཐར་ཀུན་མཁྱེན་ཉི་མའི་ཅན་བཅས་ཨེ་ཡིན་སྙམ་ལ། འདི་དག་ལས་གོང་མ་གསུམ་འདི་མཁན་ཆེན་ཉི་མའི་རྣམ་ཐར་འདྲ་མིན་གསུམ་ཞེས་པའང་འདི་གསུམ་ཡིན་ཤས་ཆེ་བའི། འདི་དག་གཞིར་བཞག་ནས་ཅུང་ཙམ་དཔྱད་པར་བྱ་བ་ལ། དང་པོ་འཁྲུངས་དུས་ལ་དཔྱད་པ། མཉམ་མེད་རྒྱལ་རོང་པ་མཆོག་སྐུ་འཁྲུངས་པའི་དུས་ཚོད་ནི། གྲགས་པ་རྒྱལ་མཚན་ཅན་རྣམ་ཐར་པད་མོའི་ཕྲིང་བ་ལས། ༼་་ཤར་རྒྱལ་མོ་རོང་རྒྱ་མོ་རྔུལ་ཆུའི་འགྲམ། སྟེག་ཅོག་ཞེས་བྱ་བ་ཡིན་ནོ། རུས་ཆེན་དབྲ། ཡབ་རྒྱུ་ཡི་བོན་བཞི་ལ་མཁས་པ། ཀླུ་རྒྱལ་ཞེས་བྱ་བ་དང་། ཡུམ་དད་མོས་གུས་པ་ཆེར་ལྡན་པ། རིན་ཆེན་སྨན་ཞེས་བྱ་བ་གཉིས་ལ། མེ་ཕོ་སྤྲེའུ་ལོ། དུས་ཁྱད་པར་ཅན་ལ་སྐུ་འཁྲུངས་སོ།་་༽ཞེས་གསལ་ལ། དེ་མིན་རྣམ་ཐར་གཞན་གཉིས་ནང་གསལ་པོ་འཁོད་མི་འདུག་ལ། རྣམ་ཐར་འདི་གཉིས་རྒྱས་བསྡུས་ཙམ་ལས་སྤྱི་ཁོག་གཅིག་པར་སྣང་། མཁན་ཉི་མས་༼་་དཔྱིད་ར་སྟག་ཟླའི་ཚེས་ལྔ་ཉིན།་་༽ཞེས་འཁོད་ཀྱང་ད་རུང་དཔེ་ཆ་གཞན་འགའ་ཤས་ལའང་དཔྱད་དགོས་པར་སྙམ།   
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.