སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྨྱོན་པའི་ལོ་ཐོ། 13 | 2013/11/5 12:59:00

 ༑༑༑ རང་ལོ་སོ་བཞི་པ། ༢༠༠༥ཤིང་བྱ་ལོའི་ལོ་གསར་དེ། དགོན་པར་ཉིན་ལྔ་ལ་གཏོང་། དེ་སྐབས་དགོན་པར། ཡི་གེ་སྦྱོང་མཁན་བྱིས་པ། ཞལ་ཕུ་ནས། དམ་ཚིག་དང་། འཆི་མེད་རྒྱལ་མཚོ། འགྱུར་མེད་སོགས་དང་མཁར་ནེ་དང་མཁར་སྟོད་ནས། བྱིས་པ་ལྔ་ཙམ་སླེབས་བྱུང་བ་ལ་། གྲྭ་རྒན་ཚོའི་རེས་མོལ་གྱི་ཡི་གེ་སློབས་པ་རེད། ཚེས་་༦་་ཉིན་ནས་ཕྲན་གྱིས་ཚེ་སྒྲུབ་བྱ་རི་མ་ཞག་མ་ཉེར་གཅིག་ལ་བསྒྲུབ། དེ་མཚམས་བློ་ལྡན་དང་། ཚ་བོ་ཚེ་དབང་གྲགས་པ། ངེད་གསུམ་ཆབ་མདོར་སྨན་བཅོས་སོང་། ཉིན་བདུན་འགོར་སྤྱི་ཟླ་་༣་་པའི་ཚེས༡༣་་ཉིན་སྟེང་ཆེན་དུ་འབྱོར། ཚེས་་༡༧་་ནས་་ཚེས་༢༦་བར། དགོན་པའི་བླ་གྲྭ་ཚང་མ། བདེ་ཆེན་ཐང་ངེད་ཀྱི་ཁང་པ་ནང་ལ། ཡིག་རྨོང་སེལ་བས་མི་རྒན་སློབ་གྲྭ་འཚོགས། དེ་སྐབས་སྟེང་ཆེན་དགོན་ནས། བཟོད་པ་བྱོན་འདུག་ལ། སྒོ་མེད་ནས། ཡས་རབ་་ཡང་བྱོན་ཡོང་ནས། སློབ་དེབ་བླང་། དེ་མིན་ལ་ཕྲན་དང་བསམ་དགེ་བཟོད་པ་གསུམ་གྱི། ཉིན་རེ་རེ་ལ་རེས་མོལ་གྱིས། སློབ་ཁྲིད་བྱས། ཚེས་་༢༧་་ཉིན། ཤང་ལ་སོང་ནས་ཧྲུའུ་ཅི་བཀྲ་འདུས་ལ། དགོན་པར་ལམ་བཟོ་རོགས་ཞེས་པས། རེ་འདུན་ཡི་གེ་ཕུལ་བས། བཀྲ་འདུས་ནས། ང་ཚོ་ཤང་ནས་ལམ་ཐིག་རྒྱབ། ཚུན་ལ་ལམ་བཟོ་ཐུབ་པས། ལས་འགན་སྤྲད་དེ། མང་ཚོགས་ཨར་པོ་རྒྱབ་རྫོ་འོང་གསུང་། དེ་ནས་ཟླ་་༤་་པའི་ཚེས་༢་་ཚེས་་༣་་བཅས་ལ། ཤང་ལ་སོང་ནས་ལམ་ཐིག་ གང་སྔ་གང་མགྱོགས་རྒྱབ་རོགས་ཞེས། རེ་འདུན་ཡང་ཡང་ཞུས་པས། ཚེས་་༤་་ཉིན། ཤང་གི་དབུ་ཁྲིད། བཀྲ་འདུས་ཧྲུའུ་ཅི་དང་། ཚུན་བཅའ་སྡོད་ལས་བྱེད་ཟླ་ཚེ། སྦྱིན་པ།  ཚུན་གྱི་དབུ་ཁྲིད་རྣམ་རྒྱལ། བསོད་ནམ། རྒྱལ་མཚོ། ནོར་བུ་དོན་འགྲུབ། དེ་མིན་ཙུའུ་ཡི་དབུ་ཁྲིད་རེ་རེ་བཅས་ཡོང་ནས། མང་ཚོགས་ཀྱི། ཞིང་ཁ་ཡོད་སར་ལམ་ཐིག་རྒྱབ། དེ་མིན་ས་རྒོད་ལ། ཁྱེད་ཚོའི་ལམ་ཐིག་རྒྱབ་དགོས་གསུང་། དེ་ནས་ཁོང་རྣམ་པ་དགོན་པར་གདན་འདྲེན་ཞུས་ཏེ། བཟའ་བཏུང་གི་འཚོ་བ་ཕུལ། དེ་སྐབས་ཕྲན་གྱི་དགོན་པར་ལྡོམ་བུ་འགྲོ་དུས། ཚུན་ཞབས་སྡེ་ཡི་རྟ་རྒྱབ་རོགས་ལབ་པས། རྟ་རེས་ཡོད་མག་ཟེར། དེར་ངས་ཁྱེད་རྣམ་པས། རྟ་རེས་ད་ལྟ་འཆར་གཞི་བཞག་རོགས་ལབ་པས། ཁོང་ཚོས་གྲོས་བྱས་མཐར་རྟ་རེས། གྲོང་ཚོ་ལྔ་པོ་ལོ་རེ་ལ་རྒྱན་འཕང་པས། ༢༠༠༥་ལོར་གྲོང་ཚོ་གསུམ་པ། ༢༠༠༦་ལོར་གྲོང་ཚོ་གཉིས་པ། ༢༠༠༧་ལོར་གྲོང་ཚོ་བཞི་པ། ༢༠༠༨་ལོར་གྲོང་ཚོ་དང་པོ། ༢༠༠༩་ལོར་གྲོང་ཚོ་ལྔ་པ་བཅས་རྒྱན་བབས། ཡང་གྲོང་ཚོའི་རེའི་དུད་རེ་རེ་བཞིན་རྒྱན་བཕང་སྟེ། དགོན་པར་རྟ་མཁོ་སྐབས། ཙུའུ་ཀྲང་ལ་རྫོས་དང་། ཁོང་ཚོའི་རྟ་ཆ་རྒྱབ་འོང་རེད་ཟེར།   དེ་སྐབས་དགོན་པའི། བླ་གྲྭ་རྣམ་པས་གྲོས་བྱས་དོན། ལམ་བཟོ་དུས། གྲོང་ཚོ་དང་པོ་ལ། ཚུལ་ཉིའི་ནས་བལྟ་བསྐུལ་བྱེད་རྒྱུ། གཉིས་པ་ལ། དཔལ་མཆོག་ནས་བལྟ་བསྐུལ་བྱེད་རྒྱུ། གསུམ་པར་ཕྲན་ནས་བལྟ་བསྐུལ་བྱེད་རྒྱུ། བཞི་པར་བསམ་དགེའི་བལྟ་བསྐུལ་བྱེད་རྒྱུ། ལྔ་པའི་ལམ་བཟོ་སར་ཕྲན་གྱི། བལྟ་བསྐུལ་བྱེད་རྒྱུ་བཅས། འཆར་གཞི་བཞག་པ་དང་། ཚེས་་༡༣་་ཉིན་བླ་གྲྭ་རྣམས་དང་། འགོ་ཁྲིད་ཚང་མ་ཡོང་ནས། ལམ་བཟོ་རྒྱུ་གྲོང་ཚོ་ལ་ས་བགོ་ དེ་ནས་དུད་རེ་ལ་ས་བགོ་རྒྱུ་བཅས་གྲོས་བྱས། དེ་མཚམས་ཕར་བྱོན་སོང་། ངེད་ཚོའི་ཉིན་གུང་ངལ་གསོའི་སྐབས་ཚེས་༡༢་་བར། སྔོ་འདེབས་ས་གྱང་བརྡུང་ནས་སྔོ་བཏབ། ཚེས་་༡༣་་ཉིན། དགོན་པའི་ས་ལེན་མཁན། ཚུལ་ཉི་ལས་གཞན་སུ་མ་སླེབས་ཀྱང་། ཙུའུ་ཀྲང་ཐམས་ཅད། སྔོན་མའི་འཆར་གཞི་བཞིན་སླེབས་འདུག་པས། ལམ་བཟོ་རྒྱུ་ས་བགོས། འཇུག་ནས་ཡར་རྒྱན་འཕང་པས། ༡་ གྲོང་ཚོ་བཞི་པ། ༢་ གྲོང་ཚོ་དང་པོ། ༣་ གྲོང་ཚོ་ལྔ་པ ༤་ གྲོང་ཚོ་གསུམ་པ། ༥་ གྲོང་ཚོ་གཉིས་པ་བཅས་བབས་པ་དང་། བགོས་ཐིང་གཉིས་པར། ༡་ གྲོང་ཚོ་བཞི་པ། ༢་ གྲོང་ཚོ་དང་པོ། ༣་ གྲོང་ཚོ་གཉིས་པ། ༤་ གྲོང་ཚོ་གསུམ་པ། ༥་ གྲོང་ཚོ་ལྔ་པ་བཅས་བབ་པ། རིམ་བཞིན་ཡར་དར་བྱས་ཏེ་བགོས། གྲོང་ཚོ་རེ་རེའི་ས་དེ། སླར་ཡང་དུད་གྲངས་ལ། གང་བབས་བགོས་པ་རེད།  དེ་ནས་ཚེས་་༡༥་་ནས་ཚུན་ཡོངས་ཀྱི། དུད་མི་རེ་ཡོང་ནས་ལམ་བཟོས། ལམ་བཟོ་སྐབས། ལམ་བཟོ་སར་དགོན་པས་བླ་གྲྭ་ཚང་མ་རུག་ནས། བལྟ་བསྐུལ་བྱེད་དགོས་ཞེས་གྲོས་བྱས་ཀྱང་། དཔལ་མཆོག་དང་། ཚུལ་ཉི་ལས་གཞན་བླ་གྲྭ་སུ་ཡང་མ་ཡོང་པས། ལམ་མཐོ་དམའ་དང་། གྲུ་ཁུག་སོགས་ལམ་བཟོ་ལུགས་ཚང་མ། མང་ཚོགས་ཀྱི་མི་ཤེས་པས། ཁོང་གཉིས་ལ་དྲིས། ཁོང་གཉིས་ཀྱིས་ང་ལ་འདྲི། དེར་ངས་གང་ཤེས་ཀྱི་ལམ་ཐིག་རྒྱབ་པ་ཡིན། དེ་ནས་དུད་ཁ་ཤས་ཀྱི་རང་བསྐལ་ས་བླང་ནས། ལམ་མ་ལས་པར་ཞིང་རྨོ་བ་དང་། ཞིང་ཁ་ནང་སྤོ་ཐོ་བརྡུང་དགོས་ཞེས་ཟེར། བཞིན། དུད་རེ་རེ་གཉིས་གཉིས་ཀྱིས་ག་ལེར། ལམ་བཟོས་མཐར་ཚེས་་༢༦་་ཉིན་ལམ་སྣེ་དགོན་པར་ཐུག་ ཚེས་་༢༨་་་ཉིན་དགོན་པར་བླ་གྲྭ་ཚང་མ་འཚོགས་འདུ་འཚོགས་སྐབས། དབུ་མཛད་ཡས་རབ་ལས། གཞན་ཚང་མ་བྱོན་འདུག་པས། འདུ་ཁང་གི་སྒོ་ཁར། རླངས་ཡོལ་གྱང་བརྡུང་རྒྱུ་འཆར་གཞི་བཞག དེ་ནས་ཚེས་་༢༩་ནས་ཟླ་་༥་་པའི་ཚེས་༤་་བར། གྱང་བརྡུང་རྒྱུ་དང་ཁ་འགབ་རྒྱུ་བཅས་ཚང་མ་ཐོན་སོང་། ཚེས་་༥་་ཉིན་སྔ་དྲོ་གྲོས་བསྡུར་བྱས་ཏེ། དགོན་པར་སྒྲུབ་གྲྭ་འཛུགས་རྒྱུ་བྱས་ཀྱང་རེ་འདོད་མ་འགྲུབ། དེ་ནས་འབུ་ལྡོམ་འགྲོ་རྒྱུ་འཆར་གཞི་བཞག་ ཕྱི་དྲོ་དགའ་སྤྲོ་བཏང་སྟེ་གྲོལ་མཚམས། བླ་མ་མཁན་པོ་གྲྭ་པ་བཅས། ཚང་མ་འུར་ཆེར་ལེར་འཕྲུལ་རྟ་ཞོན་ཏེ། སོ་སོའི་ཁྱིམ་ལ་ཕེབས་སོང་ཐལ།  ངེད་ལྔ་ལས་ཁོང་གྲྭ་རྒན་རྣམ་པས་སྔར་ལྟར་སྒྲུབ་ཁང་གསུང་། ཕྲན་གྱི་དཔེ་ཆ་འདྲ་བལྟ་བཞིན་ཚེས་༢༠་བར་བསྡད་། ཚེས་༢༠་་ཉིན། གྲྭ་རྒྱལ་ཚུལ་དང་ངེད་གཉིས། སྤུ་ཐོག་ཁར་འབུ་སློང་མོ་སོང་། ཚེས་༢༧་་ཉིན་དགོན་པར་འབྱོར། འབུ་༨༧༠་བྱུང་བ། གྲྭ་རྒན་གསུམ་ལ་རྩིས་སྤྲད། དེ་ནས་ཚེས་་༢༨་་ཉིན། གྲྭ་རྒྱལ་ཚུལ་དང་ངེད་གཉིས། ཁྲ་ནང་།ལྕམ་ནང་། སྡོང་རོག་ནང་བཅས་ལ་འབུ་སློང་མོ་སོང་། ཟླ་་༦་་ཚེས་༣་་ཉིན་དགོན་པར་འབྱོར། འབུ་་༨༥༦་བྱུང་བ་གྲྭ་རྒན་གསུམ་ལ་རྩིས་སྤྲད། ཚེས་་༤་་་ཉིན་མཁན་པོ་བསམ་དགེ་དང་། གྲྭ་པད་དགའ་གཉིས། རི་གཞུང་དང་འབོ་གཞུང་ལ། འབུ་སློང་མོ་སོང་བས་འབུ་་༨༠༠་་བྱུང་བ་བོར་སོང་གསུང་། ཚེས་་༡༨་ནས་ཚེས་་༢༣་བར་ཐིང་མང་པོར། གྲོང་ཚོ་བཞི་པའི་འགོ་ཁྲིད། ཚུན་ཀྲང་གསེར་པ་རྒྱལ་མཚོ་སར་སོང་ནས། སྔོན་མ་གྲོང་ཚོ་བཞི་པས་གཏོང་བགོ་བྱེད་དེ། བོད་ཟླ་ལྔ་པར་དགོན་པར་འཚོགས་རྒྱུ་དེ། སླར་གསོ་བྱེད་རོགས་ཐིང་མང་ལབ་ཀྱང་། ཁ་གསལ་རོགས་མ་བྱས་པ་དང་། མཐར་ད་ལོ་གཡར་ཁ། ང་ཚོའི་སྡེ་མང་ཚོགས་དང་འགོ་ཁྲིད་རྣམས་ཁོམ་མ་སོང་། དགོན་པ་འཚོགས་རྒྱུ་རྗེས་སུ། ཅི་རེད་ཐལ་བལྟ་ཟེར།  དེ་ནས་ཕྲན་སྟེང་ཆེན་དགོན་དུ་ཚུན་ཀྲང་གསེར་པ་རྒྱ་མཚོའི་གཅུང་པོ། གྲྭ་ཚུལ་བློ་སར་སོང་ནས་དགོན་པར་སྒྲུབ་གྲྭ་ཚུགས་ཐབས་དང་། ད་ལོ་ནས་རུ་ཁག་བཞི་པས། གཏོང་བགོ་བྱེད་དེ་འདུ་འཚོགས། བསྐྱར་བྱེད་རྒྱུ་ཐད་རོགས་བྱེད་རོགས་ལབ་པས། རོགས་བྱེད་མི་ཐུབ་ཟེར་བས། ངས་ནག་རུ་དགོན་པ་འདི་ལྟར་ཉམས་རྒུད་སོང་བ་ལ། ནག་རུ་བླ་གྲྭ་ཚང་མ་ལ་འགན་ཡོད་རེད་ལབ་པས། ཚུལ་བློས་ནག་རུ་དགོན་པ་དར་རྒུད་ཅེ་རེད་ཀྱང་འགན། གང་ཡང་མེད་གསུང་།  དེ་ནས་ཚེས་༢༥་ཉིན་གྲོང་ཚོ་དང་པོ་དང་ལྔ་པར། ཁ་སྤར་བཏང་ནས་ཚེས་༢༦་་ཉིན་དགོན་འཚོགས་རྒྱུ་ཐད། གྲོས་བྱེད་དགོས་པས། ཁྱེད་འགོ་ཁྲིད་རྣམས་དང་། མང་ཚོགས་རྣམས་ཚུན་ཁང་ནང་། ཚོགས་འདུ་འཚོགས་རོགས་ལབ་པས། འོ་ཡ་ཏག་ཏག་བྱེད་འོང་ཟེར་བས། ཚེས་༢༦་ཉིན་ཚུན་ཁང་ནང་སོང་བས། གྲོང་དཔོན་དང་དུད་མི་ཐམས་ཅད་འདུས་འདུག་པས། ཕྲན་གྱིས་དང་པོ་གོང་གི་འགན་འཁྲི་ཡི་གེ་ཞེས་པ་དེ། སྟོན་ནས་འགྲེལ་བཤད་བྱས་དེ་ནས་རེ་བ་ཞུས་པ། ཁྱེད་གྲོང་ཚོ་དང་པོ་དང་། ལྔ་པའི་ཉིན་ལྔ་རེ་ཙམ་ལ། གཏོང་བགོ་བྱེད་རོགས། ལབ་པས། ཁོ་ཚོའི་སྔོན་མ་༡༩༩༥་ལོ་ནས་༡༩༩༩་ལོ་བར། དགོན་པར་དགུ་འཚོགས་དུས། ལོ་ཡ་ལ་གྲོང་ཚོ་དང་པོ་སྦ་ཚོ་བཞི་ཡོད་པས། གཏོང་བགོ་ཉིན་བཞི་ལ་བྱེད། ལོ་ཡ་ལ་གྲོང་ཚོ་ལྔ་པ་ལ་སྦ་ཚོ་གསུམ་ཡོད་པས། གཏོང་བགོ་ཉིན་གསུམ་ལ་བྱེད་སྲོལ་ཡོད་རེད། ད་ལྟའང་དེ་འདྲ་བྱས་ན་སྙམ་ཟེར། ངས་དེ་འདྲ་དགོན་པ་འཚོགས་དུས་ཉིན་གསུམ་ལ། དུས་ཚོད་ཐུང་དྲག་འདུག་པས། ཁྱེད་གྲོང་ཚོ་གཉིས་མཉམ་སྒྲིལ་གྱིས། ལོ་རེ་ལ་ཉིན་བདུན་རེ་འཚོགས། གྲོང་ཚོ་དང་པོས་ཉིན་བཞི་དང་། གྲོང་ཚོ་ལྔ་པས་ཉིན་གསུམ་ལ་གཏོང་བགོ་གྱིས། ད་ལོ་སུས་སྔོན་ལ་གཏོང་བགོ་བྱས་ན། སང་ལོ་དེ་རྗེས་ལ་སྡོད་ཟེར་བ་ཡིན། དེར་འགོ་ཁྲིད་ཚོས་འོ་ལགས་སོ་ཟེར། ད་ལོ་སུས་སྔོན་ལ་ གཏོང་བགོ་བྱེད་རྒྱུ་རྒྱན་འཕང་པས།  སྔོན་ལ་གྲོང་ཚོ་དང་པོ་བབས། དེ་ནས་གྲོང་ཚོ་དང་པོས། སྦ་ཚོ་རེའི་ལོ་རེ་གཏོང་བགོ་བྱེད་རྒྱུ་བྱས་པས། ཡང་སྦ་ཚོ་བཞི་རྒྱན་འཕང་པས། ༢༠༠༥་ལོར། མ་འདལ་སྦྲ་ཚོ། ༢༠༠༦་ལོར། ལྕམ་ཡ་ལོ་སྦྲ་ཚོ།  ༢༠༠༧་ལོར། རི་ཡ་སྦྲ་ཚོ།  ༢༠༠༨་ལོར་ཕྱུག་གསར་སྦྲ་ཚོ་བཅས་ཀྱི་ལོ་རེ། གྲོང་ཚོ་དང་པོའི་སྡེ་ཚང་མ་ནས། ཇ་ཚྭ་མར་ཙམ་སོགས་བསྡུ་ཆ་བྱེད་། སྦ་ཚོ་སུ་བབས་པ་དེའི་ལོ་རེ་ལ། དགོན་པ་འཚོགས་སར། གཡོག་རྒྱབ་རྒྱུ་བཅས་འཆར་གཞི་བཞག་སོང་། གྲོ་ཚོ་ལྔ་པའི་སྦ་ཚོ་གསུམ་རྒྱན་འཕང་པས། ༢༠༠༥་ལོར། ནམ་གསལ་སྦ་ཚོ། ༢༠༠༦་ལོར། ས་སྟོད་སྦ་ཚོ། ༢༠༠༧་ལོར། ལྕམ་སྨད་སྦ་ཚོ། ཡང་༢༠༠༨་ ནམ་གསལ་སྦ་ཚོ་བཅས་ཀྱི། ལོ་རེར་གྲོང་ཚོ་ལྔ་པའི་དུད་ཚང་མ་ནས། ཇ་ཚྭ་མར་ཙམ་སོགས་བསྡུ་ཆ་བྱེད། སྦ་ཚོ་སུ་བབས་པ་དེའི་ལོ་རེ་ལ། དགོན་པ་འཚོགས་སར། གཡོག་རྒྱབ་རྒྱུ་བཅས་འཆར་གཞི་བཞག་སོང་། ལོ་རེའི་བོད་ལྔ་པའི་ཚེས་་༢༤་་ནས་ཚེས་་༣༠་བར་འཚོགས་རྒྱུ་བྱས། དེ་ནས་ཚེས་་༢༨་ཉིན་ཚུན་ལ་ཤང་གི་དབུ་ཁྲིད་ཕེབས་འདུག་སར་སོང་ནས། དགོན་པའི་བླ་གྲྭ་ལྡོམ་བུ་སློང་མོ་འགྲོ་དུས། རྟ་རེས་མི་འདུག་པས་ལྡོམ་བུ་འགྲོ་བྱེད་རྟ་མི་རྙེད་པས། དགོན་པའི་ལྡོམ་བུ་འགྲོ་བྱེད་རྟ་རེས་རྒྱབ་ཐབས་ཤིག་རེ་བ་ཆེ་ལ། དགོན་པར་བླ་གྲྭ་རྒྱུན་བཞུགས་རྣམས་པར། བསང་ཤུག་དང་ལྕི་ཤིང་གི་དཀའ་ངལ་ཆེ་ཞིང་། ལྷ་མཐོང་ཚུན་ཡོངས་ཀྱི་སྡེ་ལ་འགོ་ཁྲིད་ཚོས། དགོན་པར་ལྕི་ཤིང་དང་བསང་ཤུག་འབུལ་དགོས་པས། ཆ་ཐིང་མང་རྒྱབ་ཀྱང་། དུད་ཁག་གཅིག་གི་ལོ་ལྟར་ལྕི་ཤིང་འབུལ་བ་དང་། དུད་ཁག་གཅིག་གི་ལོ་གཅིག་ལ་ཡང་། དགོན་པར་ལྕི་ཤིང་མི་འབུལ་བས།  ཆ་སྙོམ་ཡོང་ཐབས་གཅིག་ཅི་དྲག་ ལོ་ལྟར་དེ་འདྲ་བྱས་བསྡད་ན། དགོན་པར་ལྕི་ཤིང་འབུལ་མཁན་ལོ་ལྟར་རེ་བཞིན། ཇེ་ཉུང་དང་ཇེ་ཉུང་འགྲོ་ས་འདུག་ཞུས་པས། ཤང་དང་ཚུན་ཙུའུ་ཡི་འགོ་ཁྲིད་ཚང་མ་འདུག་པས། ཁོ་ཚོའི་གྲོས་བྱས་དོན། ཚུན་ཡོངས་ཀྱི་དུད་རེའི་ལོ་རེར་དགོན་པར། ལྕི་ཤིང་རྒྱབ་གཉིས་རེ་བསྐྱལ་རྒྱུ་དང་། ལྕི་ཤིང་མ་འབྱོར་ན། ལྕི་ཤིང་རྒྱབ་རེ་ལ།  སྒོར་༥༠་རེ་དགོན་པར་འབུལ་རྒྱུ། གལ་སྲིད་ལྕི་ཤིང་དང་། དངུལ་གང་ཡང་མ་འབྱོར་ན། ཙུའུ་ཀྲང་གི་ལོ་འཇུག་ཏུ་ལྕི་ཤིང་རྒྱབ་རེ་ལ་སྒོར་༥༠་་རེ། ཆད་པ་རྒྱབ་ནས་དངུལ་བསྡུས་ཏེ། དགོན་པར་འབུལ་རྒྱུ་བཅས། གྲོས་མཐུན་བྱུང་བ་ལྟར་དེ་ཉིན། འཚོགས་འདུ་ཐོག་མང་ཚོགས་ལ། ཁྱབ་བསྒྲགས་བྱས་སོང་། དེ་ནས་རི་ཁག་ཚང་མའི་དགོན་པར་ལོ་རེར་ལྡོམ་བུ་འགྲོ་བྱེད། རྟ་གཡར་དགོས་པས་གྲོས་མཐུན་བྱུང་བ་དང་། ལོ་རེར་ལྡོམ་བུ་རྟ་རེས་རྒྱན་འཕང་པས། ༢༠༠༥་་ལོར་དགོན་པར་རྟ་གཡར་མཁན་རུ་ཁག་གསུམ་པ། ༢༠༠༦་ལོར་དགོན་པར་རྟ་གཡར་མཁན་རུ་ཁག་གཉིས་པ། ༢༠༠༧་ལོར་དགོན་པར་རྟ་གཡར་མཁན་རུ་ཁག་བཞི་པ། ༢༠༠༨་ལོར་དགོན་པར་རྟ་གཡར་མཁན་རུ་ཁག་དང་པོ། ༢༠༠༩་ལོར་དགོན་པར་རྟ་གཡར་མཁན། རུ་ཁག་ལྔ་པ་བཅས་བབས་པ་ལྟར་རྟ་གཡར་སོང་། དེ་ནས་བླ་གྲྭ་ཚོ་དགོན་པར་སྤྱི་ཟླ་་༧་་པའི་ཚེས་༡་་ཉིན། དགོན་པ་འཚོགས་མི། བྱོན་འོང་རོགས་ཞེས་ཆ་རྒྱབ་། ཚེས་་༡་་ཉིན་སྔ་མོ་ནས། ཡོན་བདག་མ་འདལ་སྦྲ་ཚོའི་དུད་མི་རེའི། ཚེ་ཕུད་སོགས་རྟ་ལ་བཀལ། འདྲུས་འཐེན་འཁོར་ལོའི་ནང་། ཆུ་ཁུར་ཏེ་འབྱོར། གྲྭ་པ་འགའ་རེ་དགོན་པར་ཉིན་ཚད་ཙམ་འབྱོར་བ་དང་། འགའ་རེ་ཕྱི་དྲོ་འབྱོར། འགའ་རེ་ཕྱི་ཉིན་འབྱོར། འགའ་རེ་ནི་ཁྱིམ་ནང་བཞུགས་བསྡད་ནས། དགོན་པར་བྱོན་མ་མྱོང་བ་ཡང་ཡོད་རེད། དེར་ཚེས་་༡་་ཉིན། འཚོགས་མཁན་བླ་གྲྭ་འབྱོར་བ་ནི།  འོད་རྒྱས། ཚུལ་འོད། བྱང་རྒྱལ། བློ་ལྡན། རྒྱལ་ཚུལ། ལྔ་ནི་རྒྱུན་སྡོད་དང་། གསར་འབྱོར། ཚུལ་ཉི། དཔལ་མཆོག་ ཉི་འོད། བསོད་ནམ་དབང་འདུས། བསྟན་ཚུལ། གཙུག་ཕུད། གཡུ་ལྷ། ཤེས་བློ། སྒོང་བཙོན་འགྲུས། ཉི་མ། པད་དགའ། སྨོན་བསྟན། མི་ནུབ་བཅས་བཅོ་བརྒྱད་དང་། ཞེ་དགུ་བཞུགས་བསྡད་པ། དགོན་པ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཁན་པོ་བསམ་དགེ་ ཀུན་དགའ། བཅས་དང་། སྟེང་ཆེན་དགོན་དུ་སྒྲུབ་གྲྭ་ཟུར་བཞུགས། བཟོད་པ་དང་།   ཆ་འཕྲོད་ཀྱང་ཁྱིམ་ལ་བཞུགས་ནས། དགོན་པར་འཚོགས་མི་མ་བྱོན་པ། དགོན་པ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དབུ་མཛད་ཡས་རབ། གྲྭ་ བློ་གྲོས་འབྱུང་གནས། སྐལ་ཐར། དཔལ་ལྷ། སྨོན་ཕུན། ཚུལ་དཔལ། མི་འགྱུར། སྐལ་བཟང་བཅས་སོ། དེ་ནས་དགོན་པར་ཟླ་བ་འདི་ལ། འཚོགས་དུས་འདོན་རྒྱུ་ཐད། གྲོས་བྱས་པས། གྲྭ་པ་འགས་སྔོན་མ་ཡིན་ན་རུ་ཁག་བཞི་པའི་གཏོང་བགོ་བྱེད་ནས། སྐབས་རེ་སྦོད་གཏོང་དང་། སྐབས་རེ་ཞི་ཁྲོ་གསར་མ། འདོན་སྲོལ་ཡོད་རེད། ཞོར་དུ་བསམ་ལྷུན་ཀྱང་འདོན་རེད་ད་ལྟ་དེ་གཉིས་གང་རུང་གཅིག་ འདོན་དགོས་ཟེར་བས།  དགོན་འདི་ན་གསར་མ་འདོན་རྒྱུ་ཡོད་མ་རེད་ལབ་པ་ཡིན། མི་འགས་གང་རེད། ཁྱོད་གསར་མ་ལ་དད་པ་མེད་པ། ཨེ་རེད་ཟེར་བས། ངས་གསར་མ་ལ་དད་པ་ཡོད་ཀྱང་།  དགོན་པ་འདི་སྔར་ནས་རྙིང་མའི་དགོན་པ་རེད། དགོན་འདིར་གསར་མ་བྱེད་རྒྱུ་ཡོད་མ་རེད་ལ། གསར་རྙིང་འདྲེས་མ་དེ་ལས་བྱེད་རྒྱུ་ཡོད་མ་རེད། དུས་མཆོད་དེ་ནི་རྙིང་མའི་བོན་བསྐོར་འདོན་དགོས། དེ་མིན་སྐབས་རེ་སུ་གསར་མ་བཏོནའང་ཆོག་རེད་ལབ་པ་ཡིན། དེ་ནས་ཕྲན་གྱི་གྲོས་འགོ་བཏོན་པ་བཞིན། རྣམ་རྒྱལ་གཡང་སྒྲུབ་དང་སྟོང་མཆོད་གང་ཐོན་དང་། དེ་སྟེང་སྨོན་ལམ་མཐའ་ཡས་མཆོད་སྦྱིན་དང་། བརྔན་བཅས་བཅའ་འདོན་བྱེད་རྒྱུ་བྱས།    འཇུག་ཏུ་འབུམ་བསྐོར་བྱས། སེར་ལམ་བཅད་དེ། དེ་ནས་ཚེས་་༧་་ཉིན། ཚོགས་གྲོལ་མཚམས། བླ་མ་དང་མཁན་པོ་གྲྭ་རྣམས་དགོན་པ་ནས་། བཙོན་ལས་ཐར་བ་ལྟར་སོ་སོའི་ཁྱིམ་ལ། འཕྲུལ་རྟ་ཞོན་ཏེ། མྱུར་དུ་ཐལ་ཚུབ་ཕ་ལེར་ཕེབས་སོང་།  ཚེས་་༨་་ཉིན་གཤོང་གདོང་སྤྱི་རིམ་ཐོག་སོང་། འཇུག་ཏུ་འབུམ་བསྐོར་བྱས། སེར་ལམ་བཅད། ཚེས་༡༢་ཉིན་སྤྱི་རིམ་གྲོལ་དགོན་པར་འབྱོར། ཚེས་་༡༣་་ཉིན་རྩེ་དྲུག་སྒྲུབ་ཆེན་ཐོག་སོང་། ཚེས་་༢༥་་ཉིན་དགོན་པར་འབྱོར། ཚེས་་༢༦་་ཉིན། བླ་གྲྭ་རྣམས་དགོན་པར་རུག་ནས། དཀར་ལྡོམ་འགྲོ་རྒྱུ་གྲོས་བྱས། དེར་ཕྲན་དང་སྐལ་བཟང་གཉིས་ཁྱུང་གཉིས་ལ་ནས། ལ་ཆེན་བསྡུ་མར། སོགས་ལ་ཚེས་་༢༧་ནས་་༣༠་བར་དཀར་ལྡོམ་སོང་། མར་ཆུར་བྱུང་བ་རྣམས་རྒྱ་མ་བཀྱག་སྟེ། གྲྭ་རྒན་གསུམ་ལ་རྩིས་སྤྲད། དཔལ་མཆོག་དང་་སྐལ་བཟང་། བསྟན་ཚུལ་གསུམ། སྤུ་ཐོག་ལ་དཀར་ལྡོམ་སོང་། མར་ཆུར་བྱུང་བ་རྣམས་རྒྱ་མ་བཀྱག་སྟེ། གྲྭ་རྒན་གསུམ་ལ་རྩིས་སྤྲད། ཚུལ་ཉི་དང་། ལུང་རྟོགས་གཉིས། ཁྲ་ནང་ཝ་གཞུང་བཅས་ལ་དཀར་ལྡོམ་སོང་། མར་ཆུར་བྱུང་བ་རྣམས། རྒྱ་མ་བཀྱག་སྟེ་གྲྭ་རྒན་གསུམ་ལ་རྩིས་སྤྲད། སྤྱི་ཟླ་་༨་་པའི་ཚེས་་༨་་ཉིན། དགོན་པར་ལས་དོན་བབས། དེ་སྐབས་སྔོན་མ་དགོན་པར་གྲྭ་ཐོ་ཉེར་ལྔ་ཡོད་པ་ལས། ད་ཐིང་ཕྲན་གྱི་རེ་འདུན་ཐིང་མང་ཞུས་པས། གསེར་འོད་པུའུ་ཀྲང་ནས། གསར་དུ་གྲྭ་ཐོ་གསུམ་ཁ་སྣོན་བྱས་པས་གྲྭ་ཐོ་ཉེར་བརྒྱད་གྲུབ། དེ་སྐབས་ཁ་སྣོན་བྱས་པས་གྲྭ་པ། བྱང་རྒྱལ།  བློ་ལྡན། སྐལ་ཐར། དཔལ་ལྷ། ཀུན་དགའ། བློ་གྲོས། དཔལ་མཆོག་མི་ནུབ། བཅས་གསར་དུ་གྲྭ་ཐོ་རྒྱབ་ས་རྙེད། ཚེས་་༡༡་་༡༢་་༡༣་་༡༤་་༡༥་བཅས་ཉིན་ལྔ་རིང་། རུ་ཁག་རེ་རེ་བཞིན་ལ་སོང་སྟེ། འགོ་ཁྲིད་ཚོར། འཚོགས་འདུ་འཚོགས་རོགས་ལབ་ནས། ཚོགས་འདུ་ཐོག་དང་པོ། འགན་འཁྲི་ཡི་གེ་བཏོན་ནས། འགྲེལ་བཤད་བྱས། དེ་ནས་དགོན་པར་ལྕི་ཤིང་དང་། འདུ་ཁང་ལ་ཞལ་ལ་རྒྱབ་བྱེད། ཞལ་ས་དྲུས་ཏེ་ཁུར་འོང་རོགས་ལབ། ཞོར་དུ་རུ་ཁག་གསུམ་པ་དང་བཞི་པར། འདུ་འཚོགས་བསྐྱར་གསོ། བྱེད་རྒྱུ་འང་རེ་འདུན་བཤད། དེ་ནས་དགོན་པར། ཟླ་་༨་་པའི་ཚེས་་༡༧་ཉིན། བྱམས་མའི་སྒྲུབ་པར་བསྡད། ཚེས་་༢༠་་རུ་ཁག་དང་པོ་། གཉིས་པ། ལྔ་པ་བཅས་ཀྱི་ཞལ་ལ་རྒྱབ་བྱེད་ས་འཕྲུལ་རྟ་དང་། རྟ་གླང་ལ་བཀལ་འོང་། སྤྱི་ཟླ་་༩་་པའི་ཚེས་་༢༡་་ནས། བརྡ་ཀྲུག་སོགས་ཀྱི་ཞལ་ལ་རྒྱབ། ཚེས་་༢༤་ཉིན་ནས་ཞལ་མི་འདང་འདུག་ཟེར་བས། མཁན་པོ་བསམ་དགེ་དང་ཚུལ་ཉི། དཔལ་མཆོག་བཅས་ལ་ཆ་བཏང་ནས། ཞལ་ས་མ་བཀལ་བ་ཐམས་ཅད་ཀྱི་ཐོ་སྤྲད་དེ། ཞལ་ས་བཀལ་རོགས། ལབ་ཤོག་བཤད་ཀྱང་གོ་ཚོར་ཅི་མི་འདུག་པས། དང་ཐོག་བྱམས་མའི་སྒྲུབ་པར། ཞག་བརྒྱ་ལ་བསྡད་འཆར་ཡོད་ཀྱང་། འདུ་ཁང་ལ་ཞལ་ས་མ་འདང་བའི། སྒྲུབ་ཞག་༣༨་སོང་བའི། ཚེས་༢༥་་་ཉིན་མཚམས་གྲོལ་ཏེ། ཞལ་སའི་དོན་དུ། རུ་ཁག་གསུམ་པར་སོང་། འགོ་ཁྲིད་བཀྲ་ཤིས་དོན་འགྲུབ་ལ། རུ་ཁག་གི་སྡེ་ཚང་མ་འཚོགས་འདུ། འཚོགས་རོགས་ལབ་པས། ཁོ་ཚོ་འགོ་ཁྲིད་གསུམ་གྱིས། སྡེ་ལ་ཆ་རྒྱབ་སོང་། ཕྱི་དྲོ་སྡེ་མང་ཆེ་བ་རུག་འདུག་པས། དེར་ཕྲན་གྱི་ དང་པོ་འགན་འཁྲི་ཡི་གེ་དེ་སྟོན་ནས་འགྲེལ་བཤད་བྱས། དེ་ནས་རེ་འདུན་བཤད་པར། དགོན་པར་ལྕི་ཤིང་དང་། བསང་ཤུག་འབུལ་དགོས་ཚུལ་དང་། སྔར་སྲོལ་འདུ་འཚོགས་སླར་གསོ་དགོས་ཚུལ། ད་ལྟ་འདུ་ཁང་ལ་ཞལ་ས་ཆད་སོང་བས། སང་ཉིན་ནས་ཞལ་ས་གྲུས་ཏེ། དགོན་པར་བསྐྱལ་དགོས་ཚུལ་སོགས་རེ་འདུན་རྒྱབ་པས། འགོ་ཁྲིད་དང་སྡེ་ཚང་མའི། གྲོས་བསྡུར་ཡང་ཡང་བྱས་མཐར། ཞལ་ས་སང་ཉིན་བསྐྱལ་ཡོང་རྒྱུ་དང་། ལྕི་ཤིང་སོགས་རྗེས་སུ། ག་ལེར་དགོན་པར་འབྱོར་ཐབས་བྱེད་འོང་ཟེར། དགོན་པ་འཚོགས་རྒྱུ་ཐད། ཁྱེད་ཀྱིས་ཅི་གསུང་ཡིན་ཟེར་བས། དེར་ཕྲན་ནས། སྔོན་མ་ཁྱེད་ཚོའི་དགོན་པར་ག་དུས་གཏོང་བགོ་བྱེད་རེད་ཅེས་དྲིས་པས། ཁོང་ཚོའི་ཟེར་རྒྱུ་ལ། ༡༩༩༥་་ལོར་བླ་རྒན་དམ་པ་དེས། བོད་ཟླ་དང་པོའི་ཚེས་་༤་་ནས་༦་བར། མཉམ་མེད་འཁྲུང་མཆོད་སྐབས། ང་ཚོ་རུ་ཁག་གསུམ་པར། གཏོང་བགོ་བྱེད་རོགས་གསུང་བ་བཞིན་བྱས་ཀྱང་།  ལོ་གསར་སྐབས་ང་ཚོ་སྡེ་རྣམས་ཀྱིས། ཤ་མར་དང་ཕྱེ་ཕུད་སོགས། བསྡུས་ནས་དགོན་པར་འགྲོ་སྐབས། དགོན་པར་བླ་རྒན་དང་ཞབས་ཕྱི་འགའ་ལས། དབུ་མཛད་དང་གཉེར་པ་གྲྭ་པ་སོགས། མེད་པའི་མ་ཚད་འདུ་ཁང་སྒོ་ཡང་ཕྱེ་མི་རྙེད་མ་རེད། ཐིང་མང་ལ་དེ་འདྲ་འོང་མྱོང་རེད། ང་ཚོའི་བསྡུ་ཆ་བྱས་པ། དོན་མེད་འང་འགྲོ་གདའ་ཟེར། དེར་ངས་ད་ལྟ་བླ་གྲྭ་འཚོགས་ཐུབ་པ། ངས་འགན་ཁུར་འོང་། ཁྱེད་ཚོའི་བླ་གྲྭ་ཚོ་དགོན་པར་འཚོགས་སྐབས།  དངུལ་ཏོག་ཙམ་འབུལ་རོགས་ལབ་པ་ཡིན། དེར་ཁོ་ཚོའི་དགོན་པ་འཚོགས་དུས། དངུལ་འབུལ་སྲོལ་ཡོད་མ་རེད་ཐལ། ཁྱེད་ཀྱི་དེ་འདྲ་གསུང་ན། ང་ཚོའི་མི་ཝ་རྒྱུ་ཅི་ཡོད་མ་རེད་ཟེར།  དེར་ངས་ལོ་གསར་སྐབས། མཉམ་མེད་འཁྲུང་མཆོད་ལ། དགོན་པ་གཞུང་ནས། གཏོང་བགོ་བྱེད་ཆོག་ ཁྱེད་ཚོ་རུ་ཁག་གསུམ་པས། བོད་ཟླ་བཅུ་པའི་ཚེས་་༢༦་་ནས་ཚེས་་༣༠་བར། སྟག་ལའི་ལས་མཐའ་ཆབ་ཚང་དང་། སྲིད་རྒྱལ་ཚོགས་བརྒྱ། བོན་སྐྱོང་གསོལ་ཁ་བཅས། འདོན་འཚོགས་བྱས་ན་སྙམ་ལབ་པས། འོ་ལགས་སོ་ཟེར་བ་དང་། གཏོང་བགོ་བྱེད་ལུགས་གྲོས་བྱས་པས། སྔོན་མ་དགོན་པར། ཉིན་གསུམ་ལ་གཏོང་བགོ་བྱེད་དུས། སྦ་ཚོ་གསུམ་གྱི་ཉིན་རེ་གཏོང་བགོ་བྱེད་རེད། ད་ལྟ་ཉི་མ་ལྔ་ལ་གཏོང་བགོ་བྱེད་དགོན་ན།  འཆར་གཞི་གསར་པ་བཞག་དགོས་གདའ་ཟེར།  དེ་སྐབས་གྲོས་བྱེད་སར། རུ་ཁག་གསུམ་པས་གྲྭ་པ། བསྟན་ཚུལ་དང་། བློ་གྲོས། བོན་དྲག་དཀོན་མཆོག་བཀྲ་ཤིས་སོགས་འདུག་པས། ཁོང་གསུམ་གྱི་བླ་མས་གསུང་པ་ལྟར། ཉིན་ལྔ་ལ་གཏོང་བགོ་མ་བྱས་ན། སྟག་ལ་ཐོན་མ་རེད་ཟེར་སོང་།  དེ་ནས་དུད་གྲངས་བརྩིས་པས། དེ་སྐབས་གཏོང་བགོ་ནང་ཞུགས་ཐུབ་པས། དུད་བཞི་བཅུ་འདུག་པས། དེ་ཚོ་ལྔ་བྱས་པས། དུད་བརྒྱད་རེ་ཐིམ། ཚོ་ལྔ་དེའི་དང་པོ་སུ་ཡིན་རྒྱན་འཕང་པས། ཉིན་དང་པོ་ནོར་བུ་རྒྱལ་མཚོ་གྲས་དང་། ཉིན་གཉིས་པར་འགོ་ཁྲིད་བཀྲ་ཤིས་གྲས། ཉིན་གསུམ་པར་འགོ་ཁྲིད་འཆི་མེད་གྲས། ཉིན་བཞི་པར་འགོ་ཁྲིད་བདེ་ཆེན་གྲས། ཉིན་ལྔ་པར་ཨ་བདོ་རྒྱལ་མཚོ་གྲས་བཅས་བབས། སང་ལོ་ཉིན་དང་པོ། འགོ་ཁྲིད་བཀྲ་ཤིས་གྲས་དང་། ཉིན་ལྔ་པར་ནོར་བུ་རྒྱལ་མཚོ་གྲས་ཀྱིས། གཏོང་བགོ་བྱེད་རྒྱུ་བྱས། དེ་ནས་དགོན་པར་ཡར་འོང་། ཕྱི་ཉིན་ཡང་རུ་ཁག་བཞི་པར་སོང་བས། དེ་སྐབས་འགོ་ཁྲིད་རྒྱལ་མཚོ་བརྗེས་ནས། ཨ་ར་འགོ་ཁྲིད་རྒན་པར་བསྐོས་འདུག་པས། དེར་ཕྲན་གྱི་ཨ་ར་ལ་འཚོགས་འདུ་འཚོགས་རོགས་བཤད་པས། ཁོང་གི་འགོ་ཁྲིད་གཞན་གཉིས། སྡེ་ལ་ཆ་མི་མངག་སོང་བས། ཉིན་ཚད་ཙམ་ནས། སྡེ་ཚང་མ་འཛོམ་འདུག་ཟེར་བས། དེར་ཕྲན་དང་ཨ་ར་གཉིས་སོང་ནས། ཕྲན་གྱི་དང་པོ་འགན་འཁྲི་ཡི་གེ་དེ་སྟོན་ནས། འགྲེལ་བཤད་བྱས་དེ་ནས། དགོན་པར། ལྕི་ཤིང་དང་བསང་ཤུག་ཆད་དེ་མེད་ཚུལ་དང་། གསོན་པོའི་བསྐང་གསོལ་ལམ་ལྷ་དང་། ཤི་བོའི་བསྔོ་འབྲས་དང་ཞེ་དགུ་སོགས། རང་ཡུལ་གྱི་དགོན་པ་ལའང་འབུལ་དགོས་ཚུལ་རེ་བ་བཏོན་པ་དང་། ད་ལྟ་དགོན་པའི་འདུ་ཁང་ལ། ཞལ་ལ་རྒྱབ་བཞིན་ཡོད་ཀྱང་། ཞལ་ལ་ས་མ་འདང་བའི། ཁྱེད་ཚོའི་སང་ཉིན་ནས་དགོན་པར། ཞལ་ས་གྲུས་ཏེ་བསྐྱལ་འོང་རོགས་ལབ་པ་དང་།  མ་ཚད་ད་ལོ་དགོན་པ་འཚོགས་རྒྱུ་དེ། བསྐྱར་གསོ་བྱེད་དགོས་པས། དེའང་གྲོས་བཟོ་རོགས་ལབ་པ་ཡིན། དེ་སྐབས་གྲོང་དཔོན་ཚུན་ཀྲང་ཨ་ར་ནས། དགོན་པ་འཚོགས་རྒྱུ་དེ་དང་པོ་གྲོས་བྱ། དེའང་ནམ་འཚོགས་རྒྱུ་དུས་ཚོད། ཞག་གྲངས་འདོན་རྒྱུ་སོགས་།  བླ་མ་ཁྱེད་ཀྱི་དང་པོ་གསུང་ཤོག་ཟེར། དེར་ངས་སྔོན་མ་ཁྱེད་ཚོའི་དབྱར་ཁ། ཞི་ཁྲོ་གསར་མ་འདོན་སྐབས། སྦྱིན་བདག་ཡིན་པ་ཐོས་པས། ཁར་སེང་རྒྱལ་མཚོ་བརྗེ་འགྲོ་ཁ། ངས་ཐིང་འགའ་ལ་ལབ་ཀྱང་། སྡེ་དང་འགོ་ཁྲིད་མི་ཁོམ་ཟེར་ནས་ལུས་སོང་། ད་དབྱར་ཀ་རུ་ཁག་དང་པོ་དང་། ལྔ་པས་སྦྱིན་བདག་བྱེད་རྒྱུ། གཏན་འཁེལ་བྱས་ཚར་བས། ད་ཁྱེད་རུ་ཁག་བཞི་པས་བོད་ཟླ་་༡༡་པའི་ནང་ད་ལོ་གེ་ཁོད་ཀྱི་དབལ་ཆུ་བཀོལ་རྒྱུ་དང་།  སང་ལོ་ནས་བྱམས་མའི་བསྒྲུབ་པ་ལ། ཞག་མ་བདུན་ཙམ་གཏོང་བགོ་བྱས་ན་སྙམ་ལབ་པས། ཁོང་ཚོའི་ཞག་གྲངས་སྦ་ཚོ་བཞི་ཡོད་པས། སྔོན་མ་ནས་གཏོང་བགོ་ཉིན་བཞི་རེད། ད་ལྟའང་དེ་ལྟར་བྱེད་རོགས་ཟེར་བས། དེར་ཕྲན་གྱི་སང་ལོ་ནས། ཉིན་བཞི་ལ་འཚོགས་ན་ཆོག་ ད་ལོ་དབལ་ཆུ་སྐབས། མ་མཐར་ཉིན་ལྔ་འདོན་དགོས་ལབ་པས།  ཁོང་ཚོའི་གཏོང་བགོ་བྱེད་ལུགས་ཐད། ཕྱེ་ཕུད་དང་བླ་གྲྭའི་གསོལ་ཆས་ནི། རུ་ཁག་གི་དུད་ཚང་མ་ནས་བསྡུས། དགོན་པར་གཏོང་བགོ་བྱེད་མཁན། ཉིན་དང་པོར་གཡུ་ལོ་རྒས་སྦྲ་ཚོ། ཉིན་གཉིས་པར་རྒྱས་ཐོ་ནང་སྦྲ་ཚོ། ཉིན་གསུམ་པར་གེ་རིང་གཤིས་སྦྲ་ཚོ། ཉིན་བཞི་པར་ནོར་འོ་མ་སྦྲ་ཚོ་བཅས་དང་། ཉིན་ལྔ་པར་གང་དགོས་རྗེས་ནས་བལྟ་ཟེར། ཞལ་ལ་ས་ནི་སང་ཉིན་ནས་དགོན་པར་བསྐྱལ་འོང་ཟེར། དེ་ནས་ཕྲན་དགོན་པར་ཡར་འོང་བ་ཡིན། ཚེས་་༢༧་་ཉིན་སླར་ཡང་བྱམས་མའི་སྒྲུབ་པར་བསྡད། ཚེས་་༢༧་་༢༨་་ཉིན། སྡེ་མང་ཆེ་བས་ས་བཀྱལ་འོང་པས། ཚེས་༣༠་ཉིན་ཞལ་ལ་རྒྱབ་ཚར་གླ་ཆ་དང་ཟས་རིན་ཁྱོན། སྒོར་༡༧༢༠་་སྤྲད།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.