སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྨྱོན་པའི་ལོ་ཐོ།6 | 2013/11/2 13:36:00

༑༑༑ རང་ལོ་སོ་གཅིག་པ། ༢༠༠༢ཆུ་རྟ་ལོའི། དཔྱིད་ཀར་ཕྲན་གྱིས། ཚུན་དང་ཤང་རྫོང་བཅས་ཀྱི་། འབྲེལ་ཡོད་སྡེ་ཚན་ལ་རེ་འདུན་ཞུས་པས། ཁང་པ་རྒྱབ་བྱེད་ཀྱི་ཤིང་ཆ་དང་། དངུལ་བཅས་གནང་བས་མ་ཚད། ཚུན་གྱི་ཨར་པོ་རྒྱབ་སྟེ། ཁང་པ་མཛོད་གཉིས་གྱང་བརྡུང་རོགས་བྱས། དེ་དུས་གྲྭ་བྱང་ཆུབ་རྒྱལ་མཚན་དང་། ཚུལ་ཁྲིམས་དགེ་ལེགས་ཕྲན་རང་བཅས། གུར་ཕུབ་སྟེ། ལས་གྲྭར་བལྟ་བསྐུལ་བྱས། དེའི་སྔོན་ལོ་ཤས་གོང་ནས། བླ་མ་དང་མཁན་པོ་སོགས། དགོན་པའི་འགན་ཁུར་རྣམས། རྒྱུན་ལྡན་གྲོང་པའི་དཀོར་ལ་གཡེང་། ཁོམ་སྐབས་ཁྱིམ་དུ་བཞུགས་མཛད་པས། གྲྭ་བཙུན་ཁག་གཅིག་དགོན་པ་གཞན་དུ་ཕེབས། བླ་མ་མཁན་པོ་དང་དབུ་མཛད་སོགས། གྲྭ་བཙུན་ཁག་གཅིག་ལོ་འཁོར་མོའི་དུས་ཚོད་མང་ཆེ་བ། གྲོང་པའི་ནང་དུ། ཤི་གསོན་དཀོར་ལ་མགོ་འཁོར། དེ་མིན་རྒྱུན་ལྡན་ཁྱིམ་དུ་བཞུགས་ཏེ། རྩ་འཐུ་ནས་བརྔ་ཞིང་རྨོ་སྐབས། ཁྱིམ་དུ་ལས་དཀའི་རོགས་པ་མཛད།  འབུ་བརྐོ་སྐབས་ཁྱིམ་དུ་ཕ་མ་སོགས། རྒན་རྒོན་ཡོད་ན་དེ་ཚོ་གཡོག་ མེད་ན་བརྫི་བོ་འགྲོ་བའམ་ཁྱིམ་སྲུང་བྱེད་པ་ལས། དགོན་པར་བསྡད་རྒྱུའི་བསམ་བློ་ཙམ་ཡང་མི་གཏོང་བས། དགོན་པ་ཞེས་མིང་ཙམ་ལས།དགོན་པར་སྒྲུབ་ཁང་ལྷ་མཆོད་ཀྱང་། བཞུགས་མཁན་མེད་པར་གྱུར་ཏེ། རྔ་གཤང་གི་སྒྲ་ཆད། སྨན་རག་གི་མཚོ་སྐམ་སོང་། སྡེ་རྣམས་དགོན་པར། འབུལ་བ་ཞལ་འདེབས་འབུལ་མི་སོང་ཀྱང་། འབུལ་ས་མེད་པ་དང་། དགོན་པར་ལྕི་ཤིང་བཀལ་ཀྱང་། རྩིས་ལེན་མཁན་མེད་པར་གྱུར་པས་མ་ཚད། སྔོན་སྲོལ་ལྟར་འདུ་འཚོགས་ཀྱི་ཟླ་དུས་ཚེས་གྲངས་མ་ནོར་བར། སྦྱིན་བདག་མང་ཚོགས་ཀྱི། དགོན་པའི་འཚོགས་འདུ་བར། བླ་གྲྭ་ཚོ་ལ་དྲོངས་རྒྱུའི་ཆེད་དུ། ཕྱེ་ཕུད་དང་ཤ་མར་ཆང་གསུམ་དངུལ་བཅས། བསྡུས་ནས་སྦྱིན་བདག་རྣམས། གཏོང་སྒོ་བྱེད་ལ་དགོན་པར་འགྲོ་དུས། དགོན་པར་བླ་གྲྭ་མིག་གི་མཐོང་རྒྱུ་མེད་པ་མ་ཚད། འདུ་ཁང་སྒོ་རྒྱབ་ནས། སྒོ་ཕྱེ་མཁན་མེད་ན་ཡང་། སྦྱིན་བདག་ཚོའི་བླ་མ་མཁན་པོ་དང་། གྲྭ་པ་རྣམས་དགོང་མོ་ཚུན། དགོན་པར་ཕེབས་རྒྱུའི་རེ་བའི་བསྒུགས་ཀྱང་། ཕེབས་མཁན་མེད་པའི། སྡེ་ཡི་ཙམ་པ་དང་། ཤ་མར་ཆང་གསུམ་བསྡུས་པ་རྣམས། སྐབས་རེ་མཚམས་པ་རྣམས་ལ་ཕུལ་བའམ། སྐབས་རེ་གྲོང་ཚོའི་ཡི་གེ་ཤེས་མཁན་རྣམས་འདུས་ཏེ། སྐྱེ་སྒོ་འདོན་བྱེད་དུ་གཏོང་དགོས་པ་སོགས།  དེ་དང་དེ་འདྲར་འགའ་འགའ་བྱུང་བ་དེའི་རྒྱུ་བྱས།  ༢༠༠ལོར་དགོན་པ་འཚོགས་སྐབས་ཤིག་ཏུ། དབུ་མཛད་ཡེ་ཤེས་རབ་གསལ་དང་། ཡོན་བདག་ཞིག་འཁྲུག་རྩོད་ཤོར་ནས། ཡེ་ཤེས་རབ་གསལ་གྱི། ཡོན་བདག་དེའི་མགོ་ལ་གྲི་རྒྱོབ་པ་དེའི་རྐྱེན་བྱས། གཞན་ཡང་དེ་མིན་གྱི། རྒྱུ་རྐྱེན་མང་པོས།  མཐར་དགོན་པའི་ལོ་དུས་ཀྱི་འདུ་འཚོགས་ཆད། འདུ་ཁང་གི་གྱང་འགྱེལ། རི་ཁག་གི་མང་ཚོགས་ཀྱི། གྱང་ཐིང་གཅིག་ཡར་བརྡུང་ཀྱང་། དགོན་པར་སྡོད་མཁན་དང་། བལྟ་མཁན་མེད་པས་སླར་ཡང་འགྱེལ། གྲྭ་བཙུན་རྒྱལ་བ་ཚུལ་ཁྲིམས་ཀྱི་མི་གླས་ཏེ། གྱང་ཐིང་གཅིག་ཡར་བརྡུང་ཀྱང་མར་འགྱེལ། དེ་ནས་ཚད་ཙམ་ལས། བསྐྱར་བཞེངས་མ་ཐུབ་པར་ལུས་པས། སྡེ་མང་་ཚོགས་ཀྱི་གླེང་ཕྱོགས་ལ། ༢༠༠༡་ལོའི་ཕར་ཆོད། དགོན་པའི་འབུ་ལྡོམ་བྱས་པས་དངུལ་རྣམས། མཁན་པོ་དང་དབུ་མཛད་གཉེར་པ་སོགས་ཀྱི། བགོ་བགོ་བྱས་ཏེ། ལྐོགས་ཟོས་བྱས་སོང་བ་རེད། ཅེས་དང་། དགོན་པ་བཤིགས་ནས་ཤིང་ཆ་རྣམས། དབུལ་པོ་ཚོ་ལ་ཁང་པ་རྒྱབ་བྱེད་སྟེར་དགོས། ཡང་ན་དགོན་པ་མར་བཤིག་ནས། ཤིང་ཆ་རྣམས་སློབ་གྲྭའི་ཁང་པ་རྒྱབ་བྱེད། བྱེད་དགོས།  ཞེས་སོགས་གཏམ་འཁྱལ་ལུང་པ་གང་བཤད་རྒྱུ་འདུག་    སྐབས་དེར་ཆུ་རྟ་ལོའི་དཔྱིད་ཀར་མང་ཚོགས་ཀྱི་རེ་བ་ལྟར། འགོ་ཁྲིད་རྣམ་པས། གོང་རིམ་སྙན་ཞུ་ཕུལ་དོན། ངེད་ནག་རུ་བསམ་གཏན་གླིང་གི་དགོན་པའི་དབུ་བླ། ཞིང་ལ་ཕེབས་སོང་བས། ངེད་དགོན་པར་འགོ་ཁྲིད་མཁན། དགོན་པའི་དབུ་བླ་མེད་པའི། དགོན་པར་གྲྭ་བཙུན་སྡོད་མཁན་མེད་པར་གྱུར། དེ་ནས་ལོ་དུས་ཀྱི་འཚོགས་འདུ་བ་ཆད། དེ་ནས་དགོན་པ་འགྱེལ་ཏེ། དགོན་པ་ཉམས་རྒུད་དུ་གྱུར་སོང་བས། ཁྱེད་གོང་རིམ་ནས། ངེད་ལྷ་མཐོང་མང་ཚོགས་ཀྱི་རེ་བ་ལྟར། དགོན་པའི་འགན་ཁུར་ཀྲུའུ་རིན་འདམ་བསྐོ་བྱེད་ལ། ལས་དོན་ཡོང་རོགས་ཞུས་པ་བཞིན།  སྤྱི་ལོ། ༢༠༠༢ལོའི་སྤྱི་ཟླ་༤པའི་ཚེས་༢༨་ཉིན། སྟེང་ཆེན་རྫོང་དང་། ཞེ་གཞུང་ཤང་བཅས། དགོན་པ་བཅོས་བསྒྲིགས་བབས་ཏེ། དགོན་པར་བསྡད་དགོས་ཟེར་ཡང་། དགོན་པར་ཚོགས་འདུ་འཚོགས་ས། ཁང་པ་མེད་སྟབས། མཐའ་ཞུ་ཐང་ལ་ཚུན་ཀྱི་ཁང་པ་ནང་། དགོན་པའི་བླ་གྲྭ་ཡོངས་དང་། ཚུན་ཙུའུ་འགོ་ཁྲིད། མི་དྲག་བཅས་ཚོགས་འདུ་འཛོམས་ཏེ། དགོན་པའི་བླ་གྲྭ་ཐམས་ཅད་དང་། ཚུན་ཙུའུ་ཡི་འགོ་ཁྲིད་ཡོངས་ཀྱི། འདམ་ཤོག་འཕེན་ནས། དགོན་པ་དམངས་གཙོ་བདག་གཉེར། ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་། ཀྲུའུ་རིན་གཞོན་པ། ཨུ་ཡོན་བཅས་འདམ་བསྐོ་བྱེད་དེ། དགོན་པའི་འགན་ཁུར་གསར་འཛུགས་བྱེད་དགོས་ཟེར། དེ་ནས། ཉིན་ལྔ་ལ་ཚོགས་འདུ་འཚོགས་ཤིང་། གྲོས་བསྡུར་བྱས་པ་དང་། མང་ཚོགས་དང་འགོ་ཁྲིད། བླ་གྲྭ་བཅས་ཀྱི་བསམ་འཆར་བསྡུ་ལེན་བྱས་པ་རྒྱུད། དེ་ནསདེ་སྔའི་ཀྲུའུ་རིན་གཞོན་པ་བསམ་དགེ་དང་། ཨུ་ཡོན་མཐའ་ཞུ་བླ་མ། གཡུང་དྲུང་གྲགས་པ།  ཨུ་ཡོན་དབུ་མཛད་ཡེ་ཤེས་རབ་གསལ། ཨུ་ཡོན་དབུ་མཛད་གཡུ་ལྷ་བཅས་དང་། ད་ཐིང་གསར་དུ་འདམ་བྱ་ལ། ཚུལ་ཁྲིམས་ཉི་མ་དང་། ཕྲན་རང་བཅས་། འདམས་ཤོག་འཕང་པས། ཕྲན་འདམ་ཤོག་ཐོབ་གྲངས་མང་ཤོས་ཀྱི་ཐོག་ནས། དགོན་པ་དམངས་གཙོ་བདག་གཉེར། ཨུ་ཡོན་ལྷན་ཁང་གི་ ཀྲུའུ་རིན་ལ་འདམ་བསྐོ་བྱས་པ་དང་།   བསམ་དགེ་ཀྲུའུ་རིན་གཞོན་པ་དང་། ཨུ་ཡོན་གཡུང་དྲུང་གྲགས་པ། ཚུལ་ཁྲིམས་ཉི་མ། ཡེ་ཤེས་རབ་གསལ་བཅས་ངེད་མི་ལྔ་ལས་གྲུབ་པ། དགོན་པ་དམངས་གཙོ་བདག་གཉེར། ཨུ་ཡོན་ལྷན་ཁང་གསར་འཛུགས་བྱས་པ་དང་། ལས་དོན་རུ་ཁག་གིས་མཛུབ་སྟོན་བྱས་པར། ད་ཐིང་འདམ་ཐོན་བྱུང་བའི་བླ་གྲྭ་རྣམས། གོང་རིམ་ཤང་དང་རྫོང་ལ་སྙན་ཞུ་འབུལ་ཏེ་ཆོག་མཆན་ཐོབ་དགོས་པས། གནས་སྐབས་རིང་གོང་རིམ་ནས་ཆོག་མཆན་མ་ཐོབ་བར་དུ། དེ་སྔའི་དགོན་པའི་འགན་ཁུར་རྣམས་ཀྱི་སྔར་ལྟར་དགོན་པའི་འགན་ཁུར་དགོས། གོང་རིམ་ནས་ཆོག་མཆན་ཡི་གེ་མར་དགོན་པར་གནང་ནས་འཕྲོད་བྱུང་བ་དང་། དེ་ནས་ད་ཐིང་འདམ་ཐོན་བྱུང་བའི་དགོན་པའི་འགན་ཁུར་རྣམས་ཀྱི་འགན་ཁུར་ཏེ། དགོན་པར་བྱ་བ་ལས་དཀའ་སྒྲུབ་དགོས་ཟེར་བས། དེ་ལྟར་དགོན་པའི་ལས་དཀའ། གནས་སྐབས་རིང་ངས་བྱེད་ཐབས་མ་བྱུང་བར་ལུས་སོང་བ་དང་། དེ་རྗེས་༢༠༠༣་ལོར་ཟླ་༡༠་པར་ཆོག་མཆན་ཡི་གེ་རྫོང་ནས་སྤྲད་པ་རེད།  

 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.