སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༈་གྲུབ་རྗེ་དཀའ་ཐུབ་པ་ཆེན་པོ་སྐུ་དྲིན་ལས  3 | 2013/9/15 14:51:00

ཉིན་ལྟར་ཕྲན་གྱི་ཞོག་པ་དང་། སྔོན་འགྲོ་བཀའ་ལུང་བརྒྱ་མཚོ་ཁྲིད་པ་དང་། ཕྱི་དྲོ་རྒྱུག་ལེན་ནས་གྲོས་བསྡུར་བྱེད་པ་ཡིན། བསམ་དགེའི་སྔ་དྲོ། འམ་ཕྱི་དྲོ་གང་རུང་ལ།  བཀའ་ལུང་བརྒྱ་མཚོ་བསྐྱར་ཁྲིད། ཐིང་གཅིག་ཁྲིད་མཛད་པ་རེད། དེ་སྐབས་ཕྲན་གྱིས། གཡུང་དྲུང་བསམ་གཏན་གླིང་གི་སྒྲུབ་གྲྭའི། དགེ་སྤྱོད་ཉམས་ལེན་མཛད་ཚུལ། ཞེས་པ་འདི་བྲིས་པ་འདི་ལྟར་སྟེ།

གཡུང་དྲུང་བསམ་གཏན་གླིང་གི་སྒྲུབ་གྲྭའིདགེ་སྤྱོད་ཉམས་ལེན་མཛད་ཚུལ༎

ཐུན་ཚོད་      

ཆུ་ཚོད་  

   དགེ་སྤྱོད་ཉམས་ལེན་མཛད་རིམ༎ 

ཐོར་ཐུན་

༥་༣༠/ ༦་༣༠ 

སྔོན་འགྲོའི་ངག་འདོན་དང་བླ་མའི་རྣལ་འབྱོར་འདོན་ ཐུན་སྐྱོང་༎

༦་༣༠/  ༧་༣༠

བསང་ཉུང་འདུས་བྱ་   ཡི་དམ་གཞུང་བསྲང་འཛབ་བར་བཏང་༎

༧་༣༠/་༣  

  ཇ་མཆོད་འདོན་ཞོག་ཇ་བཞེས༎ སྲིད་རྒྱལ་ཐུགས་བསྒྲུབ་འདོན་ལ། དྲིལ་ནག་ཚོགས་འབུལ། བསྐང་ཆེན་བཏང་།

སྔ་ཐུན

༨་/  ༡༠    

    བོན་འཆད་ཉན་བྱ༎

༡༠༠་་་༡༡་༠༠ 

ནང་སྦྱོང་བྱ༎

༡༡་༠༠/༡༢་༠༠

  རིགས་གནས་དཔེ་ཁྲིད་བྱ༎

༡༢་༠༠/ ༡༣་༠༠   

  གུང་ཚིགས་གསོལ་རིང་ རྣམ་ཐར་ཀློག།

 

 

 

ཕྱི་ཐུན་

༡༣་༠༠/ ༡༣་༣༠      

           བཀའ་ལུང་གསན་ཞུ་བྱ༎

༡༣་༣༠/ ༡༥་༠༠   

         ཡོན་རྒྱབ་ཡོད་ན་བཅ་དེ་མིན་བསག་སྦྱོང་བྱ།།

 

༡༥་༠༠/༡༦་༠༠

       ཡོན་རྒྱབ་ཡོད་ན་འདོནདེ་མིན་བསྐྱར་ཁྲིད་བྱ་ བློ་རྒྱུག་འབུལ༎

 

༡༦་༠༠/ ༡༦་༣༠

                ཕྱི་ཇ་བཞེས༎

 

༡༦་༣༠/  ༡༧་༣༠

ཞེ་དགུ་ལ་མཆོད་སྦྱིན་བྱགཞུང་འདོན་བཀའ་སྐྱོང་གཏོར་འབུལ་ནས་མཐར་ཕྱུང་༎                                    ཚེ་སྒྲུབ་བདུད་ཟློག་ཚེ་དབང་སྨོན་ལམ་བསྟན་པ་རྒྱས་སྨོན

 

༡༧་༣༠/ ༡༩་༠༠   

       རིག་གནས་རྒྱུག་འབུལ་ བློ་ལེན་ ནང་སྦྱོང་བྱ༎

 

༡༩་༠༠/ ༡༩་༣༠

         དགོང་ཐུག་བཞེས༎  གསུར་དང་བསྔོ་སྨོན་

༡༩་༣༠/ ༢༢་༠༠   

      བསག་སྦྱོང་དང་ རྩ་གཞུང་ བློ་ལེན༎

 

སྲོད་ཐུན་

     ༢༢་༠༠/༢༢་༣༠    

ངག་འདོན་དང། གཅོད་བཏང་། བླ་མའི་རྣལ་འབྱོར་འདོན་ལ་ཐུན་སྐྱོང་༎

༢༢་༣༠/ ༥་༣༠

  ཉལ་བ་གཉིད་ཀྱི་འོད་གསལ་བཟུང་༎

 སྒྲུབ་གྲྭ་ངལ་གསོ་སྐབས། དགོན་པ་གནས་སྤོས་དགོས་ཚུལ་གྱི་རེ་འདུན་ཡི་གེ། ཚུན་དང་ཤང་ལ། རེ་འདུན་ཞུས་ནས། མོས་མཐུན་ཐོབ་པ་དང་། དགོན་པ་སྤོ་རྒྱུ་ལ། བློ་བབ་ཡོད་པས། མིང་རྟགས་བཀོད་པས། ཡི་གེ་དེ་ཁུར་ནས། རྫོང་ཆོས་དོན་ཅུས། འཐབ་ཕྱོགས་གཅིག་འགྱུར་པུའུ། སྐབས་འདིའི་རྫོང་དཔོན་རིན་ཆེན་ནོར་བུ་དང་། ཧྲུའུ་ཅི་ལུའུ་ཏྲིམ་མིན་བཅས་ལ། རེ་འདུན་ཡི་གེ་དེ། ཐིང་མང་ཕུལ་ནས། དགོན་པ་གནས་སྤོས་མ་བྱས། ཐབས་མེད་ཡིན་ཚུལ་གྱི། རེ་འདུན་ཡང་ཡང་ཞུས་པ་ཡིན་ཏེ། ཟླ་༣་པའི་ཚེས་༣༠་ཉིན། དགོན་པ་གནས་སྤོས་ཀྱི། རེ་འདུན་ཡི་གེ་ཕྲན་གྱིས་བྲིས་པ་དེ། ཚུན་བཅའ་སྡོད་ལས་བྱེད་ཟླ་ཚེ་ལ་བསྟན་པས། ཟླ་ཚེས་ཡི་གེ་དེར་ནང་དོན། འཁྲི་སྣོན་བྱེད་རོགས་བྱས་པ། དགོན་པར་རང་ཤག་ཏུ་གློག་གླད་ཐོག་མཚན་མོ་འབྲི་བཅོས་བྱས། དེ་མཚམས་ཤང་གི་ཧྲུའུ་ཅི་བཀྲ་འདུས་སར། ཐིང་གསུམ་ཁུར་ཀྱང་མ་ཐུག་མཐར།  ཟླ་༤་་པའི་ཚེས་༣་ཉིན་རེ་འདུན་ཡི་གེ་དེར། ཧྲུའུ་ཅི་བཀྲ་འདུས་ཀྱིས་ནང་དོན་འཁྲི་སྣོན་བྱས་པ། བཟོ་བཅོས་བྱས་ཏེ་ངས་དགོན་པའི་ཐམ་ག་རྒྱབ་པ་དང་། ཚེས་༥་་ཉིན་ཕྱི་དྲོ་ཚུན་ཀྲི་པུ་རྣམ་རྒྱལ་སར། ཁུར་བས་རྣམ་རྒྱལ་གྱིས། མོས་མཐུན་ཡི་གེ་ཁྱེད་ཀྱིས་བྲིས་ཟེར་བས། དེར་ངས་ལྷ་མཐོང་ཚུན་ཀྱི་དགོན་པ་གནས་སྤོས་ལ། བློ་བབས་མོས་མཐུན་ཡོད་པས་མ་ཚད། དགོན་པ་གནས་སྤོས་མ་བྱས་ན། དགོན་པ་འགྱེལ་བས། ཉེན་ཁ་ཤིན་ཏུ་ཆེ་བས། ཁྱེད་གོང་རིམ་གྱིས། དགོན་པ་གནས་སྤོས་བྱེད་ཆོག་པས། ཆོག་མཆན་གནང་བས་རེ་བ་ཆེ་ཆེ་ཟེར་བ་བྲིས་པ་ཡིན། ཡི་གེ་དེར་རྣམ་རྒྱལ་ནས་ཐམ་ག་རྒྱབ་སྟེ། ཚེས་༦་ཉིན་ཤང་གི་ཧྲུའུ་ཅི། བཀྲ་འདུས་ཀྱིས་ནག་རུ་བསམ་གཏན་གླིང་། དགོན་པ་གནས་སྤོས་བྱེད་རྒྱུ་ལ། བློ་བབས་མོས་མཐུན་ཡོད་པས། ཡི་གེ་འབྲི་རོགས་བྱས་ཏེ། ཤང་ཏང་ཨུད་ཀྱི་ཐམ་ག་རྒྱབ་པ་དང་། ཤང་ཀྲང་འཇམ་དབྱང་དབང་མོས། ཤང་སྲིད་གཞུང་གི་ཐམ་ག་རྒྱབ་རོག་བྱས། ཚེས་༨་ཉིན། སྙན་ཞུ་ཡི་གེ་སྔ་ཕྱི་བཟོ་བཅོས་ཐིང་དྲུག་བྱས་པས། དགོན་པའི་རེ་འདུན་ཡི་གེ་དང་། ཚུན་དང་ཤང་གི་ཡི་གེ་བཅས། རྫོང་ཆོས་དོན་ལས་ཁུང་ལ་ཕུལ། ཚེས་༩་ཉིན་གོང་ནས་ཆོག་མཆན་ཐོབ་པའི་ཆེད་དུ། སྔོན་མ་དགོན་པར་བླ་གྲྭ་སྡོད་མཁན་མེད་སྐབས། ཁང་པའི་ནང་གི་ཐིག་ཆུ་ཕོན་ཆེན། འདུ་ཁང་ཞབས་ཀྱི་བརྩིག་རྨིང་རྩར་ཡུན་རིང་འཁྱིལ་བས། དེར་བརྩིག་རྨིང་སྟེང་གི་གྱང་རླན་ནས་ཟད་དེ། ཁྱི་ཐར་བའི་སྒོ་ལྟ་བུ་མིག་མང་པོ་བུག་སྟེ། ཐོག་ཁའི་ཁང་པར་སྡོད་མི་ཕོད་པར་གྱུར་འདུག་པས། ༢༠༠༣་ལོར་ཕྲན་དང་གྲྭ་ཆུང་ཁ་ཤས དེ་མིན་གཞན་འགའ་བཅས་ཀྱིས་བརྩིག་རྨིང་ཞབས་ལ། རྡོ་བརྩིག་དེ་ནས་གྱང་ཟད་སོང་བ་ལ་རྡོ་བརྩིག་འདག་པ་སྦྱར་ཀྱང་། གཡས་གཡོན་གྱི་གྱང་སྐྱོན་མ་བྱུང་བ་དེ་ཚོས་ལྗིད་ཁུར་བ་ལས། རྡོ་བརྩིག་བྱས་པ་གྱང་ལ་ཡར་མ་འབྱར་བར་ཁྲ་སིང་བུག་འདུག་པ་དེ། ད་ལྟ་རྡོ་བརྩིག་དེ་ཚོ་མར་བཤིགས་པ་ཡིན་པས། དེར་ཡང་ཕྲག་དོག་ཅན་ཚོས་བླ་མའི་སྒྲུབ་གྲྭ་བ་གྲྭ་པ་ཐམས་ཅད་ལ། འདུ་ཁང་བཤིགས་བཅུག་ནས་ད་འདུ་ཁང་རྙིང་པ་བཤིགས་ཚར་འདུག་ཅེས། གང་ས་ལ་དྲིལ་བསྒྲགས་བཟོས་འདུག་ ཚེས་༡༠་ཉིན་ཆོས་དོན་ཅུས་ལ་སོང་བས། དེར་འདི་དགོན་པ་གནས་སྤས་ཞེས་བྲིས་འདུག་པས། རེ་འདུན་སྙན་ཞུ་འདི་ལོ་མི་འདུག་པས། སླར་ཡང་དགོན་པའི་རེ་འདུན་ཡི་གེ་ དགོན་པ་རྙིང་བཅོས་བཟོ་སྐྲུན་བྱེད་ཆོག་པས། སྙན་ཞུ་ཞེས་འབྲི་དགོས་པ་དང་། དེ་ལ་ཚུན་ཤང་བཅས་ཀྱི་མོས་མཐུན་ཁ་གསལ་དང་། མིང་རྟགས་བཀོད་རོགས་ཞུ་དགོས་ཟེར་བས། དེར་ཡང་ཡི་གེ་འབྲི་བསྐྱར་དུ་བྲིས་ནས། ཚུན་དང་ཤང་ནས་མོས་མཐུན་ཡི་གེ་ཞུས་རྗེས་ཚེས་༢༣་ཉིན་རྫོང་ཆོས་དོན་ཅུས་ལ། རེ་འདུན་ཡི་གེ་བཞག་པ་ཡིན། ཚེས་༡༨་ཉིན་ཚུལ་ཉི་དང་ཕྲན་གཉིས་རྩེ་དྲུག་ཏུ་ཉི་དགའ་རིན་པོ་མཇལ་དུ་སོང་། ཚེས་༢༢ཉིན་གྲྭ་ཁྲི་གཙུག་རྒྱལ་མཚོ་དང་ཁྲི་གཙུག་ཡོན་ཏན་གཉིས། རྩེ་དྲུག་ཏུ་མ་བསྡད་པར། རང་དགོན་དུ་འབྱོར་ནས། སྒྲུབ་གྲྭར་ཞུགས་བཅུག་རོགས་ཟེར་བས། ཕྲན་གྱི་རྩེ་དྲུག་སློབ་དཔོན་བསྟན་པ་ལ་བཀའ་འདྲི་ཞུས་པས། ཁོང་གཉིས་དེ་གར་སྡོད་འདོད་ཡོད་ན། ནག་རུ་དགོན་གྱི་སྒྲུབ་གྲྭར་ཞོག ་གསུང་པ་བཞིན་བཞག་ དེ་ནས་ཉིན་ལྟར་སྒྲུབ་གྲྭར། ཞོག་པ་དཔེ་ཁྲིད། ཉིན་གུང་ལུང་འདོན་པ། ཕྱི་དྲོ་རྒྱུག་ལེན་པ། ཞོར་དུ་འདོན་ཆ་བསྐོར་འགའ་བཅའ་འདོན་བཅས་སློབས། མཁན་པོ་བསམ་དགེ་དཔེ་ཁྲིད་ཚར་ནས། ཉིན་ལྟར་གྲོང་གསེང་དུ་བྱོན་འགྲོ་བ་དང་། སྐབས་རེ་དགོང་མོ་ཆང་གྱིག་དུམ་གང་རེ་བསྣམས་ཏེ། དགོན་པར་ཕེབས་ཡོང་བ་དང་། མང་ཕལ་ཆེར་མི་འབྱོར་བས་སྐབས། ཕྲན་གྱི་བསྐྱར་ཁྲིད་བྱས། ཉིན་བདུན་རེའི་མཚམས། ངལ་གསོ་སྐབས་སྒྲུབ་གྲྭ་ལ། སྔོ་དང་ཟས་རིགས་ཉོ་ཞོར། དགོན་པ་གནས་སྤོས་ཆོག་མཆན་ཞུས་པ་ཡིན། ཚེས་༣༠་ཉིན་དགོན་རྙིང་པར་དྭངས་ར་སྤྲུལ་སྐུ་གདན་འདྲེན་ཞུས་ཏེ། དབལ་གསས་ཀྱི་དབང་གནང་རོགས་ཞུས་པ་དང་། དེ་སྔོན་དུ་དགོན་པ་གསར་རྒྱབ་སོགས་གང་འདྲ་ཡོང་མིན། གྲྭ་ཡས་རབ་ཀྱིས་དགོང་རྟགས་ཞུས་པས། འདི་སྐད་གསུང་འདུག་སྟེ། ཨེ་མ་ཧོ། བསླུ་མེད་མཆོག་གསུམ་རྒྱལ་མཚོའི་ངོ་བོར་འདུད། གསལ་སྟོང་ཟུང་འཇུག་རྫོགས་པ་ཆེ། རྩ་བའི་བླ་མའི་ཞབས་ལ་གུས་འདུད་ནས། དྲན་ཤར་རིག་པ་མ་འགགས་འདི་སྐད་ཤར། སྤྱིར་ན་ནག་རུ་དགོན་གྱི་བསྟན་པ་ནི། གྲ་རྒྱས་སྙན་གྲགས་ཆེན་པོ་མི་ཡོང་སྟེ། མི་ནུབ་བསྟན་པའི་རང་ཚུགས་ཟིན་ཙམ་འབྱུང་། འབྲུག་གསས་ཆོམ་པའི་ལས་མཐའ་གྲུབ་པ་དང་། སྲིད་རྒྱལ་དྲེལ་ནག་བསྐང་ཚོགས་ཁྲི་ཚོ་དྲུག་    མ་འོང་དུས་སུ་བསྟན་འཛིན་རིམ་གྱི་འབྱུང་། མི་ཉམས་བསྟན་པའི་མེ་རོ་གསོ་བར་བྱེད། རྟག་ཏུ་རུ་ཏྲའི་རྒྱལ་མཚན་རྩེ་མོའི་སྟེང་། གསེར་གྱི་ཏོག་ཐོབ་བསྟན་པ་རྒྱས་པར་འབྱུང་། དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། བསྟན་པ་རིན་ཆེན་རྒྱུན་རིང་དར་ཞིང་རྒྱས། བདག་གི་མངོན་ཚིག་ལུང་གི་ཕྲིང་བ་འདིས། སངས་རྒྱས་བསྟན་པའི་སྲི་ཞུ་འགྲུབ་པར་ཤོག། ཅེས་པ་ཤེལ་ཞིག་ཀུན་བཟང་བསྟན་འཛིན་ནམ། ནམ་མཁའ་རང་གྲོལ་རྩལ་གྱིས་ཉམས་སྣང་ངོར་ཐོལ་བྱུང་དུ་སྨྲས་པ། ཐ་ཚན་མུ་ཙུག་སྨར་རོ། ཞེས་པ་གནང་འདུག་གོ། ༢༠༠༩་ལོར་དགེ་བཤེས་ཆེན་མོ་དགེ་ལེགས་སྦྱིན་པ་མཆོག་གིས། ཡོང་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེར། ནག་རུ་དགོན་པའི་བསྟན་པ་ལ། ཕྱག་མོ་ཞུས་འདུག་པ་ལའང་། སྲིད་རྒྱལ་དྲེལ་ནག་ལ་འབུམ་ཚོགས་དང་། ཁྲོ་བོ་འབྲུག་གསས་ཆོམ་པའི། སྲུང་བཟློག་བསད་པ་སྦྱིན་བསྲེགས་བཅས། དགོས་ཚུལ་གསུང་གནང་འདུག་ལ་ད་ཐིང་ཡང་། དེ་གཉིས་ཐུགས་བརྟག་བབས་རྒྱུ་གཅིག་འདུག་གོ་ དེ་ནས་དགོན་ས་བཀྲིས་སུམ་མདོར་གདན་འདྲེན་ཞུས་ནས། བཀྲིས་སྨོན་ལམ་ཞུས་པ་དང་། དེ་ནས་ཕྲན་གྱིས་བསྟན་རྒྱས་སྨོན་ལམ་ཞུས་པས། འདི་སྐད་གསུངས་སོ། གཤེན་རྒྱལ་མཆོག་དང་རྒྱལ་སྲས་འཕག་ཚོགས་དགོངས། གཤེན་བསྟན་འོད་བརྒྱ་རབ་རྒྱས་མི་འགྱུར་ཞིང་། བདག་མེད་རྩ་བ་རང་རིག་རང་གྲོལ་ནས། གསེར་ཁྲི་གསོ་ཞིང་མདོ་སྔགས་བསྟན་པ་འཛིན། བཤད་སྒྲུབ་བསྟན་པས་སྙིགས་དུས་འགྲོ་བ་སྐྱོང་། ལུང་རྟོགས་གསེར་གྱི་འཁོར་ལོས་བོན་བསྟན་སྤེལ། རྒྱུད་འཛིན་གྲྭ་སློབ་སྟོང་གསུམ་ཞིང་གང་ནས། འཁོར་བ་དོང་སྤྲུག་ཡེ་སངས་རྒྱས་པར་ཤོག་ དོན་གཉིས་ལྷུན་གྲུབ་དགེ་བའི་མཐུ་དཔལ་གྱིས། རྣམ་དག་གཤེན་གྱི་བསྟན་པ་རིན་པོ་ཆེ། འཛིན་སྐྱོང་སྤེལ་མཛད་དཔལ་ལྡན་བླ་མ་རྣམས། སྐུ་ཚེ་གེགས་མེད་ཡུན་དུ་བརྟེན་པ་དང་། རྒྱུད་འཛིན་གྲྭ་སློབ་བཤད་སྒྲུབ་འཕེལ་བ་དང་ བསྟན་སྦྱིན་མངའ་ཐང་ལོངས་སྤྱོད་རྒྱས་པ་དང་། བསྟན་པ་ཡུན་རིང་གནས་པའི་བཀྲིས་ཤོག་ ཅེས་པ་ཤེལ་ཞིག་ཀུན་བཟང་བསྟན་འཛིན་གྱིས། ཉམས་སྣང་ཇི་བཞིན་ཐོལ་བྱུང་སྨོན་པ་དགེ་ཞེས་གནང་ངོ་། དེ་ནས་སྤྱི་ཟླ་༥་པའི་ཚེས་༡་་ཉིན། ཁ་སྤར་རྒྱབ་སྟེ། བླ་གྲྭ་ཐམས་ཅད་དགོན་པར། ལྡོམ་བུ་འགྲོ་རྒྱུ་གྲོས་བྱེད་ལ། ཚེས་༣་་ཉིན། ཤོག་ལབ་པ་དང་། ཚེས་༣་་ཉིན། བསམ་དགེ་ ཚུལ་ཉི་ དཔལ་མཆོག་བཅས་སླེབས་པས། གྲོས་བྱས་སྐབས། བསམ་དགེ་སྦྲ་ཆེན་ལ་བྱོན་རྒྱུ་དང་། ཚུལ་ཉི་ཁྲ་ལྕམ་ཝ་གསུམ་ལ་བྱོན་རྒྱུ། སྔོན་ནས་ཚུལ་བློ་རུ་ཐ། འབོ་ཐ། ག་ཐ། དམུ་ཐ། གཡམ་ཐ། སྤུ་ཐ། བཅས་ལ་བྱོན་རོགས་བྱེད་ཟེར་བ་དང་། དཔལ་མཆོག་སྤུ་ཐོག་ཁར་བྱོན་རྒྱུ་བཅས་གྲོས་མཐུན་བྱུང་ལ། ཕྲན་ནི་གཅིག་ནས་དགོན་པ་གནས་སྤོས་ཀྱི། ཆོག་མཆན་ཞུ་འགན་ཁུར་དགོས་པ་དང་། གཉིས་སུ་སྒྲུབ་གྲྭ་ལ་དཔེ་ཁྲིད་བྱས་ཏེ། སྡོད་དགོས་ཟེར་ལ། ཁོ་ཚོའི་རོགས་པ་གྲྭ་པ། ངས་བཀོད་བསྒྲིགས་བྱས་ཤོག་ཟེར་བས།  ཚེས་༤་ཉིན་། སྔ་དྲོ་རྫོང་ཨུད་ཧྲུའུ་ཅི་ལེག་ཏྲམ་མིང་དང་། རྫོང་དཔོན་རྙིང་པ་རིན་ཆེན་ནོར་བུ་མཇལ་ཏེ། དགོན་པ་གནས་སྤོས་ཀྱི་རེ་འདུན་ཞུས། ཉིན་གུང་། གྲྭ་རྒྱལ་ཚུལ། སྨོན་ལམ། དཔལ་ལྷ། ཀུན་དགའ་བཅས་འབུ་ལྡོམ་འགྲོ་རོགས་རྫས། ཚེས་༦་ཉིན། ཕྲན་དང་ཚུལ་ཉི་གཉིས། རྫོང་དཔོན་རིན་ཆེན་ནོར་བུ་མཇལ་བས། ཁོས་དགོན་པ་གནས་སྤོས་ཐད། རྫོང་ཨུད་ཚོགས་འདུ་ཐོག་ གཏམ་བཤད་བྱས་པ་ཡིན་གསུང་། ཚེས་༧་ཉིན། རྫོང་ཆོས་དོན་ཅུས་དང་། འཐབ་ཕྱོགས་གཅིག་འགྱུར་པུའུ། སོགས་ལ་ཞུས་པས། རྫོང་ས་ཆའི་ལས་ཁུང་དང་། རྫོང་འཛུགས་སྐྲུན་ལས་ཁུང་བཅས་སུ་ཡང་། རེ་འདུན་ཞུ་དགོས་ཟེར་བས། ཚེས་༨་ཉིན། འབུ་ལྡོམ་འགའ་ཤས་ཆོག་དེ་ཉིན། བྱང་རྒྱལ་དང་ཕྲན་གཉིས། རྫོང་ས་ཆ་དོ་དམ་ལས་ཁུང་དང་། རྫོང་འཛུགས་སྐྲུན་ལས་ཁུང། ཞིང་འབྲོག་ལས་ཁུར་བཅས་སུ། སོང་ནས་རེ་འདུན་ཐིང་མང་ཞུས། ཡང་ཚེས་༡༠་ཉིན། རྫོང་ཆོས་དོན་ལས་ཁུང་དང་། རྫོང་འཐབ་ཕྱོགས་གཅིག་འགྱུར་པུའུ། བཅས་ལ་རེ་འདུན་ཞུས་པས། རྫོང་ཆོས་དོན་ཅུས་ཀྱི་གསེར་འོད་དང་། ནོར་བུ་གཉིས་ཀྱིས། བློ་འདོན་གྲོས་འདོན་གྱིས། རོགས་རིམ་ཆེན་པོ་བྱས་པ་དང་། རྫོང་ཨུད་རྒྱུན་ལས་ཨུ་ཡོན་དང་། རྫོང་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི། པུའུ་ཀྲང་ལིད་ཞོ་ཅུན་གྱིས། རྫོང་ས་ཆ་དོ་དམ་ཅུས་དང་། རྫོང་འཛུགས་སྐྲུན་ཅུས། རྫོང་ཞིང་འབྲོག་ཅུས་བཅས་ལ། ཁ་སྤར་རྒྱབ་སྟེ། འབྲེལ་བ་བཟོས་ཏེ། སང་ཉིན་འབྲེལ་ཡོད་ལས་ཁུང་ཁག་ ནག་རུ་བསམ་གཏན་གླིང་ལ། དགོན་པ་སྤོ་དགོས་མིན། བརྟག་དཔྱད་བྱེད་པར། འགྲོ་རྒྱུའི་བཀོད་བསྒྲིགས་མཛད། ཚེས་༡༡་ཉིན། རྫོང་ཆོས་དོན་ཅུས་ནོར་བུ་དང་། དེ་མིན་འགོ་ཁྲིད་རྒྱ་རིགས་གཅིག་ འཐབ་ཕྱོགས་གཅིག་འགྱུར་པུའུ། ཞིང་འབྲོགས་ཅུས། འཛུགས་སྐྲུན་ཅུས། ས་ཆ་དོ་དམ་ཅུས་བཅས་དང་། ཤང་གི་དབུ་ཁྲིད་དང་ཚུན་གྱི་དབུ་ཁྲིད། སོགས་ཡོང་ནས། དགོན་པ་རྙིང་པ་ལ་བལྟས་པ་དང་། དགོན་པ་གསར་པར་བརྟག་དཔྱད་བྱས། ཚེས་༡༤་ཉིན། སྟེང་ཆེན་དགོན་དུ། སྒྲུབ་གྲྭར་ཟུར་ཞུགས། ནག་རུ་དགོན་པའི་གྲྭ། ཡས་རབ་ཀྱིས། སྟེང་ཆེན་གྲོང་བརྡལ་ནས། ཕྲན་ལ་ཁ་སྤར་རྒྱབ་སྟེ། བླ་མ་ཁྱེད་སྟེང་ཆེན་འདིར། གཅིག་འོང་རོགས། ངས་གཅིག་བཤད་རྒྱུ་ཡོད་ཟེར། དེར་ཕྲན་དགོན་པ་ནས་ དེར་སོང་བས། ཡེ་རབ་ཀྱིས། ང་སྟེང་ཆེན་དགོན་ནས། སྒྲུབ་གྲྭ་མ་ཐོན་བར་དུ། བླ་མ་དང་མཁན་པོ་ཁྱེད་གཉིས་ཀྱིས། སྒྲུབ་གྲྭ་ལ་དཔེ་ཁྲིད་མཛོད་ནས། སྒྲུབ་གྲྭ་ལ་འགན་ཁུར་ཏེ། ཕྱི་ཕྱོགས་ཀྱི་དགེ་བཤེས་སོགས་གདན་འདྲེན་མ་ཞུ། ང་སྒྲུབ་གྲྭ་ཐོན་མཚམས། ངས་ཞབས་ཞུ་ལོས་སྒྲུབ། ཆོས་འཇིགས་རྟེན་གཉིས་ཀ་ལ་མཁས་པ། དཔའ་བློ་ཁོག་ཆེ་བ། ཕྱི་ཐུབ་ནང་ཐུབ་ཀྱི་རྒྱབ་རྩ་ཡོད་པ། འཇོན་ཐང་ཡོད་པ་ཁ་མཁས་ལྕེ་བདེ། གོང་འོག་བར་གསུམ་ལ་འབྲེལ་བ་ཡོད་པ། མགོ་བདེ་དྲན་འཕྲུལ་ཤེས་པ། ལས་དཀའ་ལ་ཉམས་མྱོང་ཡོད་པའི། ཚུལ་ཁྲིམས་བློ་གྲོས་སྟེང་ཆེན་དགོན་ལ། དམིགས་གསར་དགེ་བཤེས་གཏོང་རོགས་ཞུས་ཏེ། དགོན་པ་གནས་སྤོས་དང་བཟོ་སྐྲུན་བྱེད་རྒྱུ་ལ། བལྟ་བསྐུལ་དོ་དམ་བྱེད་མཁན་དང་། ཤིང་ཆ་ཉོ་སྒྲུབ་བྱེད་མཁན། ཚུལ་བློ་མར་གདན་འདྲེན་ཞུས། ཁྱེད་བླ་མ་དང་། མཁན་པོ་གཉིས་ཀྱིས། ཨར་པོ་བལྟ་བསྐུལ་བྱེད་ཐུབ་མ་རེད་ཟེར་བས། ངས་འོ་ཡ་སྔོན་མ་བུམ་སྒྲུབ་སྐབས། དགོན་པ་སྤོ་རྒྱུ་གྲོས་བྱེད་དུས། མཁན་པོ་བསམ་དགེའི། ཚུལ་བློ་ཁོང་མར་གདན་འདྲེན་ཞུ་རྒྱུ། གྲོས་འགོ་བཏོན་ཀྱང་། བླ་གྲྭ་དང་མང་ཚོགས་བཅས་ཀྱིས། རེ་བ་མ་བཏོན་པས། ད་བར་ལུས་སོང་། ངས་ཀྱང་ཁོང་མཚན་ཉིད་སྦྱོང་རྒྱུ་ཐད། དགེ་བ་ལ་བར་ཆད་ཡོང་དོག་གིས། སློབ་སྦྱོང་ལ་བར་ཆད་བྱེད་བསམ་པ་མེད་ཀྱང་། ད་ཁྱེད་ཀྱི་དེ་འདྲ་གསུང་ན། ངས་མར་གདན་འདྲེན་ཞུ་ཆོག་ལབ་པ་ཡིན། ཁོང་གིས་ཚུལ་བློ་དང་ངེད་གཉིས། ནག་རུ་དགོན་དུ་མར་གཏོང་རོགས། ཞེས་གང་སྔ་རྒྱ་མཚོ་རིན་པོ་ཆེ་ལ་ཞུ་དགོས། དེ་ཡང་ཞུ་མཁན་བླ་མ་ཁྱེད་ངེས་པར་དུ་འོང་དགོས། ཞུ་དུས་ལྷན་དུ་མཁན་པོ་བསམ་དགེ་སོགས་བླ་གྲྭ་འགའ་དང་། ཚུན་ཙུའུ་ཡི་འགོ་ཁྲིད་འགའ་རོགས་པ་ཁྲིད་ཤོགས་ཟེར།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.