སྤུ་རྒྱལ་གངས་དཀར།
                                                                                                                                                                                དབྲ་ཁྱུང་ཚང་གི་ནོར་མཛོད།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་སྤྱི་རིམ་སྨན་སྒྲུབ་ཆེན་མོ་ཐེངས་གསུམ་པ།
[ 2011-10-17 10:57:00 | By: དབྲ་ཁྱུང་ཚང་། ]
 


༧ གཤེན་སྲས་རིན་པོ་ཆེ་དབུས་བཞུགས་ཀྱི་བླ་སྤྲུལ་དགེ་བཤེས་རྣམ་པ།

    རྨ་མེད་གྱེར་གྱི་བསྟན་པའི་གཙུག་རྒྱན༧སྐྱབས་རྗེ་སྨན་རིའི་མཁན་སློབ་ཟུང་དང་དམུ་རིགས་གཤེན་གྱི་གདུང་འཛིན་ཡབ་སྲས་སོགས་བསྟན་འཛིན་གྱི་སྐྱེས་མཆོག་གང་ན་སུ་བཞུགས་པ་རྣམས་སྐུ་ཚེ་ཞབས་བརྟན་དང་། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཡངས་པའི་ཞིང་ཁམས་ཀུན་ཏུ་དར་ཞིང་རྒྱས་ཏེ་སྙིགས་མའི་དུས་ཀྱི་ནད་མུག་འཁྲུག་རྩོད་མ་ལུས་རྨེང་ནས་ཞི་བའི་ཕྱིར་དུ། ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་སྤྱི་རིམ་སྨན་སྒྲུབ་ཆེན་མོ་ཐེངས་གསུམ་པ་དེ་སྤྱི་ལོ་༢༠༡༡་ལོའི་ཟླ་བ་༩་ཚེས་༡༨་ཉིན་རེ་ནེ་དགོན་གཡུང་དྲུང་བསྟན་རྒྱས་གླིང་དུ་འཚོགས་པ་དང་། ཆབས་གཅིག་ཕྱོགས་ཁག་ནས་ཕེབས་པའི་བླ་གྲྭ་སྔགས་བཙུན་ལྔ་བརྒྱ་ཡས་མས་འདུ་འཛོམས་ཀྱིས་བླ་ཆེན་དྲན་པ་ནམ་མཁའ་དང་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས། དབལ་བོན་སྟག་ལ་མེ་འབར་གྱི་སྟོང་ཚོགས་སོགས་རྒྱས་འབུལ་བྱས། ལྷ་སྡེ་མི་མང་ལྟོས་སོ་ཅོག་གིས་ཇི་ལྟར་གསོལ་བ་བཏབས་པ་བཞིན་སྨན་སྒྲུབ་ཆེན་མོའི་བྱིན་འབེབས་ཀྱི་གདན་ཞུས་༧དཔོན་གསས་ཆེན་མོ་དམུ་རིགས་གཤེན་གྱི་གདུང་སྲས་གཙུག་ཕུད་རྣམ་གྲོལ་རྒྱལ་མཚན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག

 
དད་ལྡན་མང་ཚོགས།

དད་ལྡན་མང་ཚོགས།

   སྤྱི་ཚེས་༣༠ཉིན་ཕྱོགས་ཁག་ནས་འབྱོར་བའི་དད་ལྡན་ཁྲི་ཕྲག་གཉིས་ཡས་མས་ཙམ་ལ་ཕུར་པའི་སྨན་སྒྲུབ་གྱིས་བཀའ་དབང་ཟབ་མོ་བསྩལ། སྤྱི་ཚེས༡ཉིན་དམུ་རིགས་གཤེན་གྱི་གདུང་སྲས་མཆོག་དང་དེར་འདུས་བཙུན་པ་དང་བཙུན་མ་རྣམས་ལྷན་འཛོམས་ཀྱི་དྲན་རྟེན་སྐུ་པར་བསྒྲོན་ཏེ་རིན་པོ་ཆེ་མཆོག་སྟོན་འཁོར་རྣམས་ལྷ་ལྡན་ཉི་མའི་གྲོང་དུ་ཕྱིར་ཆིབས་བསྒྱུར་གྱིས་འདུས་སྡེ་ཡོངས་ནས་ཕེབས་བསྐྱལ་ཞུས།
སླར་སྤྱི་ཚེས་༢ཉིན་དེར་འདུས་ཀྱི་དད་ལྡན་རྣམས་སྨན་སྒྲུབ་ཆེན་མོའི་བྱིན་རླབས་ཀྱིས་ཚིམས་པར་བྱས་ཤིང་བཀྲ་ཤིས་དགའ་སྟོན་ངང་མཇུག་གྲུབ་པའོ།།

 
 
Re:ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་སྤྱི་རིམ་སྨན་སྒྲུབ་ཆེན་མོ་ཐེངས་གསུམ་པ།
[ 2011-11-07 16:45:59 | By: khyung ]
 
khyungདབྲ་ཁྱུང་ཚང་བཀྲ་ཤིས་བདེ་ལེགས།
 
 
Re:ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་སྤྱི་རིམ་སྨན་སྒྲུབ་ཆེན་མོ་ཐེངས་གསུམ་པ།
[ 2011-10-25 21:28:11 | By: bontsewang ]
 
bontsewangདབྲ་ཁྱུང་དགེ་བཤེས་ལགས་སྨན་སྒྲུབ་ཆེན་མོ་ལེགས་འགྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ།
 
 
Re:ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་སྤྱི་རིམ་སྨན་སྒྲུབ་ཆེན་མོ་ཐེངས་གསུམ་པ།
[ 2011-10-18 22:55:21 | By: danzengyixi ]
 
danzengyixi
རིན་པོ་ཆེས་ངོ་སྤྲོད་གནང་བར་བཀའ་དྲིན་ཆེ། མུ་མཐུད་ནས་བརླབ་ཆེན་གྱི་བྱ་བ་མཐའ་དག་ཡར་ངོས་ཟླ་ལྟར་འཕེལ་བའི་ཁ་གཡང་འབོད་དོ།
ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་སྤྱི་རིམ་སྨན་སྒྲུབ་ཆེན་མོ་ཐེངས་གསུམ་པ་བཀྲ་ ཤིས་དགའ་སྟོན་ངང་མཇུག་གྲུབ་པར་བཀྲ་ཤིས་རྟེན་འབྲེལ་ཞུའོ། །
གཤམ་དུ་དབྲ་ཁྱུང་ཚང་།་ལགས་ཀྱིས་ལན་སློག་པ་ནི་
ཁྱེད་འདིར་ཕེབས་པར་དགའ་བསུ་ཆེ
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.