སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བོད་ལ་མི་ཆོས་ཀྱི་རིག་པའི་གཞུང་ལུགས་མེད་པ། | 2018/8/10 16:54:00
བོད་ལ་མི་ཆོས་རིག་པའི་གཞུང་ལུགས་མེད་པ། 
ཁྲི་སྲོང་ཡན་ཆོད་ལ་བོད་དུ། གཡུང་དྲུང་བོན་གྱི་རིག་པའི་གཞུང་ལུགས། ཐེག་པ་རིམ་དགུ། སྒོ་བཞི་མཛོད་ལྔ། ཕྱི་ནང་གསང་གསུམ་སོགས་ཆ་ཚང་བར་བཞུགས་པས་མ་ཚད། སྲིད་པའི་བོན་གྱི་རིག་པའི་གཞུང་ལུགས་ཏེ། སྲིད་དོན་གྱི་གཞུང་ལུགས་དང་། དམག་དོན་གྱི་གཞུང་ལུགས།༼༼ དེ་བཞིན་ཞིང་ལས་ཀྱི་གཞུང་ལུགས། ཞིང་ལས་དུས་བཞི་ལ་སོ་ནམ་རྨོ་རྐོ་རྔ་བསྡུ་་གང་འདྲ་བྱེད་དགོས་ལུགས་དང་། ཞིང་ལས་ཀྱི་ཡོངས་འབེབས་དེ་ཟ་གོས་སྤྱོད་གསུམ་དང་། དེ་མིན་གཞན་གང་གི་ཐད་ལ་སྤྱོད་དགོས་པ་དང་སྤྱོད་ལུགས་སྤྱོད་སྟངས་སོགས། ༼༼ འབྲོག་ལས་ཀྱི་གཞུང་ལུགས། འབྲོག་པའི་དུས་བཞིར་སྒོ་ཟོག་འཚོ་སྐྱོང་བཙའ་བརྫི་གང་འདྲ་བྱེད་ལུགས་དང་། ས་བབ་དང་གྲང་དྲོ་ལ་བསྟུན་ནས་སྐྱས་སམ་རུ་བ་སྤོ་ལུགས་དང་། རྐུན་ཇག་གཅན་གསུམ་འགོགས་ལུགས། འབྲོག་པའི་ཐོན་རྫས་ཀྱི་ཟ་གོས་སྤྱོད་གསུམ་དང་དེ་མིན་གང་ཐད་ལ་གཏོང་དགོས་མིན་སོགས། ༼༼ ཚོང་ལས་ཀྱི་གཞུང་ལུགས། ཞིང་འབྲོག་བཟོ་གསུམ་གྱིས་སོ་སོ་དང་འཚམས་པའི་ཚོང་དོན་གཉེར་ལུགས་དང་། རིན་གོང་དམའ་ཉོ་མཐོ་ཚོང་གང་འདྲ་དགོས་མིན་དང་། ཡུལ་བབ་དང་བསྟུན་པས་ཁེ་བསྐྱེད་བསོགས་སྲུང་སྤེལ་གསུམ་གང་འདྲ་དགོས་ལུགས་སོགས། ༼༼ བཟོ་ལས་ཀྱི་གཞུང་ལུགས། གསེར་དངུལ་ཟངས་ལྕགས་རྡོ་ཤིང་རྫ་སོགས་ཀྱི་བཟོ་རྩལ་གང་དག་སྦྱོང་སྤྱོད་སྤེལ་གསུམ་བྱེད་ལུགས་སོགས་དང་། ལྤགས་རིགས་དང་ཐག་རིགས་དར་རས་སོགས་བཟོ་རྩལ་སྣ་མིན་སྣ་ཚོགས་སྦྱོང་སྤྱོད་སྤེལ་གསུམ་བྱེད་ལུགས། ༼༼ ཞོར་ལས་ཀྱི་གཞུང་ལུགས། ཞིང་ལས་དང་འབྲོག་ལས་བཟོ་ལས་སོགས་ཀྱི་ཞོར་དུ་ཡོངས་འབེབས་བསགས་ལུགས། ལག་ཤེས་ཀྱི་གཞུང་ལུགས། ལག་ཤེས་འདྲ་མིན་སྦྱོང་སྤྱོད་སྤེལ་བའམ་གཉེར་ལུགས་ལྟ་བུ། ༼༼ རྗེ་བོའི་གཞུང་ལུགས། རྗེ་བོའི་མི་རིགས་དང་རྒྱལ་ཁབ་མི་དམངས་བཅས་ལ་འགན་འོས་གང་འདྲ་ཡོད་པ་དང་འགན་ཇི་ལྟར་ཁུར་དགོས་པ་སོགས་ལྟ་བུ། བློན་ཆེན་གྱི་གཞུང་ལུགས། དེ་བཞིན་བློན་ཆེན་གྱིས་མི་དམངས་སོགས་ལ་འགན་ཁུར་འོས་གང་དག་ཡོད་པ་ལྟ་བུ་སོགས། དམག་དཔོན་གྱི་གཞུང་ལུགས། དམག་དོན་གཞུང་ལུགས། ༼༼ སྡེ་དཔོན་གྱི་གཞུང་ལུགས། ལུང་པ་གཅིག་གི་དཔོན་གྱི་འགན་ཁུར་འོས་གང་འདྲ་ཡོད་པ་ལྟ་བུ་སོགས།༼༼ གྲོང་དཔོན་གྱི་གཞུང་ལུགས། གྲོང་པ་དེ་གའི་མི་དམངས་དང་རིག་གཞུང་སོགས་ལ་འགའ་ཁུར་འོས་གང་དག་ཡོད་པ་དང་། ཕ་མེས་ཀྱི་སྐད་ཡིག་དང་རིག་གཞུང་སྦྱོང་སྤྱོད་སྤེལ་གསུམ་སོགས་ལ་འགན་འོས་གང་འདྲ་ཁུར་དགོས་པ་ལྟ་བུ་སོགས། ༼༼ མི་དྲག་གི་གཞུང་ལུགས། གྲོང་པ་དེའི་མི་དྲག་དྲག་ཚོས་རང་སྡེའི་རྒན་བཀུར་གཞོན་གཅེས་དང་། ཕ་མེས་ཀྱི་སྐད་ཡིག་དང་རིག་གཞུང་སྦྱོང་སྤྱོད་སྤེལ་གསུམ་། མི་རིགས་མཐུན་སྦྲེལ་སོགས་ཇི་ལྟར་དགོས་ཚུལ་ལྟ་བུ།༼༼ ཡུལ་སྡེའི་གཞུང་ལུགས། ཡུལ་ལུང་ག་གེ་མོའི་མིག་དཔེ་ཡར་ལྟའི་སྒོ་ནས། ཁྲིམས་མཐུན་གྱི་ཡུལ་གྲོང་བར་གྱི་མཐུན་ལམ། སྐད་ཡིག་དང་རིག་གཞུང་སྦྱོང་སྤྱོད་སྤེལ་གསུམ། ཡ་རབ་རྒན་བཀུར་གཞོན་སྐྱེས་གང་འདྲ་དགོས་ལུགས་ལྟ་བུ་སོགས། ༼༼ ཡུལ་གྲོང་གི་གཞུང་ལུགས། གྲོང་ཚོ་གཅིག་གིས་ལོ་རེ་བཞིན་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་དང་། རྒན་བཀུར་གཞོན་གཅེས་ཕ་མེས་ཀྱི་ཡུལ་སྲོལ་སོགས་རྒྱུད་འཛིན་གྱི་ལས་འགན་སྒྲུབ་ལུགས་ལྟ་བུ་སོགས། གྲོང་པའི་གཞུང་ལུགས། གྲོང་པ་གཅིག་གིས་ཀྱང་གོང་ལྟར་མི་རིགས་འཆམ་མཐུན་དང་། གྲོང་པ་ཕན་ཚུན་བར་མཆམ་མཐུན་ཕ་མེས་ཀྱི་སྐད་ཡིག་དང་། རིག་གཞུང་སྦྱོང་སྤྱོད་སྤེལ་གསུམ་ལོ་རེ་བཞིན་གང་འདྲ་བྱེད་དགོས་ལུགས་ལྟ་བུ་སོགས། ༼༼ གྲོང་མཚེས་ཀྱི་གཞུང་ལུགས། གྲོང་ཚོ་དང་གྲོང་ཚོ་བར་མཐུན་སྦྲེལ་དང་། སྐད་ཡིག་དང་རིག་གཞུང་སྤེལ་རེས་སོགས་ཇི་ལྟར་དགོས་པ་ལྟ་བུ། ༼༼ ཁྱིམ་དུད་ཀྱི་གཞུང་ལུགས། ཁྱིམ་དུད་གཅིག་གིས་ནང་མཐུན་སྦྲེལ་དང་། རྒན་བཀུར་གཞོན་གཅེས། ཞིང་འབྲོག་བཟོ་ཚོང་སོགས་གཉེར་ལུགས། ཟས་གོས་སྤྱོད་གསུམ་སོགས་འཚོ་བ་གྲོན་ཆུང་ཇི་ལྟར་དགོས་ལུགས་དང་། ཆུད་ཟོས་དང་རྒྱས་སྤྱོས་བག་མེད་ལོངས་སྤྱོད་བྱེད་རུང་མིན་དང་། ཁྱིམ་མི་ཚང་མས་ཆང་རག་རྒྱུན་འཐུང་བྱེད་རུང་མིན་དང་། སྣ་ཐ་དང་དུ་བ་སོགས་སྤྱོད་རུང་མིན། དེ་དག་གི་ཕན་གནོད། ཤོ་ལྐུགས་རྒྱན་འཛུགས་ཀྱི་ལས་ངན་བྱེད་རུང་མིན་དང་། དེ་དག་གི་ཕན་གནོད། དེ་བཞིན་ཕ་མེས་ཀྱི་སྐད་ཡིག་དང་རིག་གཞུང་སྦྱོང་སྤྱོད་སྤེལ་གསུམ་གང་འདྲ་དགོས་མིན་སོགས། ༼༼ ཁྱིམ་མཚེས་ཀྱི་གཞུང་ལུགས། ཁྱིམ་མཚེས་བར་མཐུན་སྦྲེལ་བྱེད་ལུགས་དང་། སྐད་ཡིག་དང་རིག་གཞུང་ཡ་རབ་སྤྱོད་བཟང་སྤེལ་རེས་ཇི་ལྟར་དགོས་མིན། ༼༼ ཕ་ཡི་གཞུང་ལུགས། ཁྱིམ་དུད་གཅིག་གི་ཕ་རྒན་དེས་ཁྱིམ་མི་ཡོངས་ལ་འགན་གང་འདྲ་ཁུར་དགོས་མིན་དང་། ཁྱིམ་ཚང་དེའི་ཆེད་དུ་ཞིང་འབྲོག་བཟོ་ཚོང་གི་ལས་དཀའ་གང་འདྲ་གཉེར་དགོས་མིན། ཁྱིམ་ཚང་ནང་ལ་མཐུན་སྦྲེལ་ཡོངས་ཐབས་གང་འདྲ་དགོས་མིན། རྒན་བཀུར་གཞོན་སྐྱེས་ཇི་ལྟར་དགོས་མིན། དེ་བཞིན་ཁྱིམ་མི་ཡོངས་ཀྱིས་ཕ་མེས་ཀྱི་སྐད་ཡིག་དང་རིག་གཞུང་སྦྱོང་སྤྱོད་སྤེལ་གསུམ་ཇི་ལྟར་དགོས་མིན། ལོ་གཞོན་པ་ལ་ཡ་རབ་ཀྱི་ལས་དཀའ་བཀོད་བསྒྲིགས་ཇི་ལྟར་དགོས་མིན། བུ་ལ་མནའ་མ་མི་རིགས་སུ་འདྲ་ལེན་དགོས་མིན། བུ་མོ་སྟེར་ས་དང་འགྲོ་ས་མི་རིགས་གང་འདྲ་དགོས་མིན། མི་རིགས་སུ་འདྲ་དང་གཉེན་བསྒྲིགས་དགོས་མིན། ལོ་ན་གཞོན་པ་རྣམས་ལ་སྐད་ཡིག་གང་འདྲ་གོམ་གཤིས་སུ་འཇག་བཅུག་དགོས་མིན། མདོར་ན་ཁྱིམ་མི་ཡོངས་རྫོགས་མི་རིགས་ཀྱི་ངོ་བོ་དང་མི་རིགས་ཀྱི་གཤིས་ཀ་མ་འགྱུར་བར་འགན་ཁུར་འོས་པ་གང་དག་ཡོད་པ་སོགས། ༼༼ མ་ཡི་གཞུང་ལུགས། མ་ཡིས་ཀྱང་ཕ་ཡི་གོང་གི་འགན་འཁུར་འོས་དག་ལ་གཞོགས་འདིགས་གང་འདྲ་དགོས་མིན། གལ་སྲིད་ཕ་མེད་པ་ཡིན་ན། གོང་གི་ཕ་ཡི་འགན་འོས་མ་ཡི་ཁུར་ནས། ཐ་ན་ཁྱིམ་ཚང་དེར་ཕ་མེས་ཀྱི་སྐད་ཡིག་དང་རིག་གཞུང་སྦྱོང་སྤྱོད་སྤེལ་གསུམ་ཐད་གང་འདྲ་འགན་ཁུར་དགོས་མིན་དང་། རང་ཉིད་ནས་འགོ་གཙུགས་ཏེ། ཕ་མེས་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གང་འདྲ་དགོས་པ་སོགས། ༼༼ བུ་ཡི་གཞུང་ལུགས། བུ་ཆེ་ཆུང་ཡོངས་ཀྱི་ཕ་མར་དྲིན་དྲན་ཤེས་པ་དང་། དྲིན་ལན་འཇལ་ཤེས་པ་སོགས་དང་། གཞན་དང་མཐུན་སྦྲེལ་ཇི་ལྟར་དགོས་པ། ཕུགས་བསམ་ཇི་ལྟར་དགོས་པ། འཁྱམས་ཉུལ་ཁྲམ་པའི་འཚོ་བ་སྤྱོད་རུང་མིན། ཕ་མ་ཤ་ཉེ་སྲིང་མོ་གཅེན་གཅུང་ཚང་མར་འགན་ཁུར་འོས་གང་དག་ཡོད་མིན། ཞིང་འབྲོག་བཟོ་ཚོང་ཞོར་ལས་སོགས་ཇི་ལྟར་དགོས་མིན། ཕ་མེས་ཀྱི་སྐད་ཡིག་དང་རིག་གཞུང་སྦྱོང་སྤྱོད་དར་སྤེལ་ཇི་ལྟར་དགོས་མིན། མི་རིགས་སུ་དང་གཉེན་བསྒྲིགས་དགོས་མིན། རང་ནས་འགོ་གཙུགས་སྟེ་ཕ་མེས་ཀྱི་སྐད་ཡིག་ལ་བདག་པོ་གང་འདྲ་རྒྱབ་དགོས་མིན་སོགས། ༼༼ གཅེན་པོའི་གཞུང་ལུགས། གོང་དང་འདྲ་བ། གཅུང་པོའི་གཞུང་ལུགས། གོང་དང་འདྲ་བ། ༼༼ སྲིང་མོའི་གཞུང་ལུགས། ཕ་མ་དང་རྒན་རབས་ལ་སྲི་ཞུ། བྱིས་པ་སོགས་གཞོན་རབས་ལ་གཅེས་སྐྱོང་། མི་རིགས་སུ་དང་གཉེན་བསྒྲིགས་ན་འཚམས་པ་སོགས་དང་། རང་ནས་འགོ་གཙུག་སྟེ་ཕ་མེས་ཀྱི་སྐད་ཡིག་ཇི་ལྟར་སྦྱོང་སྤྱོད་སྤེལ་གསུམ་དགོས་མིན་སོགས་གོང་གི་བུ་དང་འདྲ་བར། གཅེན་མོའི་གཞུང་ལུགས། གཅུང་མོའི་གཞུང་ལུགས། བུ་མོའི་གཞུང་ལུགས། མིང་པོའི་གཞུང་ལུགས། ཕུ་བོའི་གཞུང་ལུགས། ནུ་བོའི་གཞུང་ལུགས། གཅེན་མོའི་གཞུང་ལུགས། ནུ་མོའི་གཞུང་ལུགས། ༼༼ མནའ་མའི་གཞུང་ལུགས། མནའ་མས་ཁྱིམ་མི་དེ་ཚོར་འདྲ་མཉམ་གྱི་བརྩི་མཐོང་ཇི་ལྟར་དགོས་མིན་དང་། སྡོད་རོགས་ཀྱི་ཕ་མ་དང་རྒན་རྒོན་ལ་ལྟ་ཚུལ་གང་འདྲ་དགོས་མིན། རྒན་བཀུར་གཞོན་གཅེས་ཇི་ལྟར་དགོས་མིན། རང་འགྲོ་སའི་ཁྱིམ་ཚང་དེར། ཕ་མེས་ཀྱི་སྐད་ཡིག་དང་རིག་གཞུང་སྦྱོང་སྤྱོད་སྤེལ་གསུམ་ཇི་ལྟར་དགོས་མིན། རང་གི་བུ་ཕྲུག་ཚོར་ཕ་མེས་ཀྱི་སྐད་ཡིག་ཇི་ལྟར་སློབ་དགོས་མིན་སོགས། ༼༼ ཞང་པོའི་གཞུང་ལུགས། ཁུ་བོའི་གཞུང་ལུགས། སྲུ་མོའི་གཞུང་ལུགས། ཕ་མྱེས་ཀྱི་གཞུང་ལུགས། མ་མྱེས་ཀྱི་གཞུང་ལུགས་སོགས། ༼༼ མདོར་ན་མི་སྐྱའི་གཞུང་ལུགས་སྣ་མང་ཕུད་སུམ་ཚོགས་པར་བཞུགས་ཡོད་པར་ངེས་ཏེ། སྲིད་པའི་སྨྲང་རབས་སོགས་ལས་དེ་དག་གི་དོན་ཏོག་ཙམ་སྟོན་པ་ལས་ཤེས་ལ། དེང་སང་བོད་ལ་ཕྱི་མའི་དོན་ཆེན་སྒྲུབ་ལུགས་སམ། ལྷ་ཆོས་ཀྱི་རིག་གཞུང་བོན་བན་གཉིས་ལ་ཤིན་ཏུ་མང་ན་ཡང་། ཚེ་འདིའི་དོན་ཆེན་ནམ མི་ཆོས་ཀྱི་རིག་གཞུང་མི་འདུག་ཟེར་ནའང་ཆོག། མི་ཆོས་ཀྱི་རིག་གནས་ཏོག་ཙམ་ཡོད་པ་ནི། ས་སྐྱ་ལེགས་བཤད་དང་། དགེ་ལྡན་ལེགས་བཤད། འབྱུང་ལྔའི་བསྟན་བཅོས་ལྟ་བུའི་མཚོན། བསླབ་བྱ་ཉུང་སྐོར་ཙམ་མ་གཏོགས། དངོས་སུ་མི་ཆོས་ཀྱི་རིག་པའི་གཞུང་ལུགས་རྩ་བ་ནས་མི་འདུག་སྟེ། དཔེར་ན་དགོན་པ་ཞིག་གི་བཅའ་ར་སྒྲིག་གསུམ་རིག་གཞུང་སྦྱོང་སྤྱོད་སྤེལ་གསུམ་བྱེད་ལུག་ཆ་ཚང་ཡོད་ཀྱང་། གྲོང་ཚོ་གཅིག་ལ་གྲོང་ཚོར་དེར་ཡ་རབ་སྲོལ་བཟང་ཇི་ལྟར་འཛིན་དགོས་པས་སྐོར་སྣ་གཅིག་མེད་པ་མ་ཟད། ཐ་ན་ཕ་མེས་ཀྱི་སྐད་ཡིག་དང་རིག་གཞུང་ཇི་ལྟར་སྦྱོང་སྤྱོད་སྤེལ་གསུམ་དགོས་པ་དང་། ཕ་མེས་ཀྱི་ཡུལ་སྲོལ་གོམ་གཤིས་བཟང་སྤྱོད་སོགས་ཙམ་དར་སྤེལ་དང་སྲུང་སྐྱོབ་ཇི་ལྟར་དགོས་ཚུལ་སྣ་གཅིག་མེད། ༼༼ དགོན་པར་བླ་མའི་འགན་ཁུར་གང་དག་ཁུར་འོས་ཡོད་པ་ཆ་ཚང་ཡོད་ཀྱང་། གྲོང་ཚོའི་མི་དྲག་གམ་གྲོང་དཔོན་གྱི་གྲོང་པ་དེར་ཕ་མེས་ཀྱི་སྲོལ་བཟང་གང་འདྲ་འཛིན་དགོས་ཚུལ་སོགས་སྣ་གཅིག་མེད། ༼༼ དགོན་པར་མཁན་པོས་དགོན་པ་དེར་ཆོས་ལུགས་ཆོ་ག་དང་སློབ་གསོ་སྤེལ་ལུགས་བསྟན་པ་སྐྱོང་ལུགས་སོགས་ཆ་ཚང་བའི་རིག་གཞུང་ཡོད་ཀྱང་། ཁྱིམ་དུད་ཀྱི་ཕ་རྒན་གྱིས། དུད་ཚང་དེར་ཕ་མེས་ཀྱི་སྐད་ཡིག་དང་རིག་གཞུང་སྦྱོང་སྤྱོད་སྤེལ་གསུམ་གང་འདྲ་དགོས་པ་དང་། ཁྱིམ་ཚང་དེར་འགན་གང་འདྲ་ཁུར་དགོས་ཚུལ་སྣ་གཅིག་མེད། ༼༼ དགོན་པར་སློབ་དཔོན་གྱིས་ཆོས་དང་རིག་གཞུང་སློབ་གསོའི་བསྟན་པ་འཛིན་ལུགས་ཆ་ཚང་ཡོད་ཀྱང་། ཁྱིམ་དུད་ཀྱི་ཨ་མས་ཁྱིམ་ཚང་དེར་ཕ་མེས་ཀྱི་སྐད་ཡིག་དང་རིག་གཞུང་སྦྱོང་སྤྱོད་སྤེལ་གསུམ་དང་། ཡུལ་སྲོལ་གོམ་གཤིས་ཀྱི་བསྟན་པ་འཛིན་ལུགས་སྣ་གཅིག་མེད། ༼༼ དགོན་པར་གྲྭ་པའམ་བཙུན་མས་སློབ་སྦྱོང་གང་དག་བྱེད་དགོས་པ་དང་། བླ་མ་མཁན་སློབ་ལ་བརྩི་འཇོག་གང་འདྲ་དགོས་མིན་དང་། མཆེད་གྲོགས་ལ་མཐུན་སྦྲེལ་ཇི་ལྟར་དགོས་མིན། སྤྱི་ཚོགས་ཐོག་བསམ་སྤྱོད་ཇི་ལྟར་དགོས་མིན་ཆ་ཚང་ཡོད་ཀྱང་། ཁྱིམ་དུད་ཀྱི་བུ་དང་བུ་མོས། ཕ་མར་བརྩི་འཇོག་ཇི་ལྟར་བྱེད་ལུགས་དང་། མིང་སྲིང་གཅེན་གཅུང་ལ་ཇི་ལྟར་གཅེས་སྐྱོང་དགོས་མིན། ཕ་མེས་ཀྱི་སྐད་ཡིག་དང་རིག་གཞུང་ལ་སྦྱོང་སྤྱོད་སྤེལ་གསུམ་གང་འདྲ་དགོས་མིན་སོགས། མདོར་ན་མི་ཆོས་རིག་པའི་གཞུང་ལུགས་ཀྱི་སྦྱོང་བྱ་སྣ་གཅིག་བོད་ལ་མི་འདུག་མོད། གཞན་ཕྱི་རྒྱལ་དང་རང་རྒྱལ་གྱི་རིག་པའི་གཞུང་ལུགས་མང་ཆེ་བ་ཚང་མ་མི་སྐྱ་ཕོ་མོའི་བྱ་བ་ལས་དཀའ་ཇི་ལྟར་སྒྲུབ་ཚུལ་དང་། བུ་ཕྲུག་ཚོར་ཆུང་དུས་ནས་ཕུག་བསམ་ཇི་ལྟར་དགོས་ཚུལ་རྐྱང་ཡིན་པས། ཕུལ་བྱང་གི་མི་སྣ་དང་། སྐད་གྲགས་ཅན་མང་ཆེ་ཤོས། མི་སྐྱ་ཕོ་མོ་རང་ཡིན་པ་ལས་ཆོས་ལུགས་པ་མིན། ང་ཚོའི་ཏང་ཡོན་ཚོར་མི་དམངས་ལ་ཞབས་འདེགས་ཞུ་ལུགས་སོགས། རིག་པའི་གཞུང་ལུགས་བོད་ཡིག་ཡོད་ནའང་ཏང་ཡོན་རང་ལས་གཞན་ལ་དར་ཁྱབ་མེད་ལ། དེའང་བོད་ཀྱི་རིག་པའི་གཞུང་ལུགས་དང་ཡུལ་སྲོལ་གོམ་གཤིས་དང་འབྲེལ་བ་མེད་པར་བསམ། དེའི་ན་བོད་རིགས་ཀྱི་མི་ཆོས་དང་ལྷ་ཆོས་གཉིས་ལ་མཁས་པས་མཁས་དབང་དང་། ལྷག་པར་དུ་མི་སྐྱ་མཁས་དབང་ཚོས་བོད་རིགས་མི་སྐྱ་ཕོ་མོ་རྒན་གཞོན་ཚོས་སློབ་སྦྱོང་བྱེད་འོས་པ་དང་། དེར་སློབ་སྦྱོང་བྱས་ན་དོན་ཡོད་པའི་མི་སྐྱའི་རིགས་པའི་གཞུང་ལུགས་ཤིག་རྩོམ་དགོས་ངེས་རེད་འདུག་ཞུའོ།། །། ཞུ་འོད་རྒྱས་པས་ཟླ་དགོན་རི་ཁྲོད་དུ་མགྱོགས་བྲིས་བྱས། ཆ་ཚང་དང་ཞིབ་རྒྱས་འབྲི་ཁོམ་མ་སོང་། 
Re:བོད་ལ་མི་ཆོས་ཀྱི་རིག་པའི་གཞུང་ལུགས་མེད་པ། | 2018/8/10 22:20:45
TXLMསྔོན་མ་དུས་རབས་དགུ་པ་མན་ནས་དུས་རབས་ཉི་ཤུ་པ་ཡན་ལ་བོད་ལ་མི་སྐྱའི་རིག་གཞུང་མེད་ན་ཡང་། རྒན་རབས་ཚོས་གཞོན་ནུ་རྣམས་ལ།
ཉིན་གུང་སྒྲུང་གཏམ་བཤད་དེ་འགྲོ་སྟངས་སློབས། ནུབ་མོ་གནའ་གཏམ་བཤད་དེ་བསམ་བློ་དང་བཟང་སྤྱོད་སློབ་གསོ་བཏངས། ཞར་ཞོར་དཔེ་སྟོན་གྱི་མི་ཆོས་སློབ་གསོ་གཏོང་ནས། ཡུལ་སྲོལ་གོམ་གཤིས་སོགས། མི་རབས་ནས་མི་རབས་བར་རྒྱུད་ཡོང་བ་རེད། དེང་སང་རྒན་རབས་ཀྱིས་མི་ཆོས་ཀུན་སྤྱོད་གཞན་ལ་སློབས་ཤེས་ཀྱི་མི་འདུག་ལ། ཚང་མ་གསར་རྗེའི་བུ་ཕྲུག་རེད། དེ་ནས་གཞོན་ནུ་ཚོར་དཔེ་བལྟ་ས་ཡ་རབ་བཟང་སྤྱོད་པ་མང་པོ་མེད་པ་དང་གཅིག། ཕ་མ་ཚོས་ཀུན་སྤྱོད་བོད་གཤིས་མེད་པ་དང་གཉིས། བོད་ཀྱི་མི་སྐྱའི་རིག་གཞུང་སྦྱང་བྱ་གཞུང་ལུགས་མེད་པ་དང་གསུམ་ལ་རྟེན་ནས། གཞོན་ནུ་ཚོས་མིག་དཔེ་བལྟ་ས་ནི་ཕྱི་རྒྱལ་དང་རང་རྒྱལ་གྱི་འཁྲབས་བཞག་པས་བརྙན་ལ་གྱུར་པ་དང་གཅིག། མི་རིགས་གཞན་གྱི་བྱེད་སྟངས་ལ་ལད་མོར་བྱེད་པ་དང་གཉིས། སློབ་གྲྭའི་སྐབས་དང་དུས་རྒྱུན་འགྲོགས་འདྲིས་མི་རིགས་གཞན་ལ་དཔེ་བལྟ་མང་བ་བཅས་ལས། ད་ལྟ་དང་མ་འོང་པར། ཕ་མེས་ཀྱི་སྐད་དང་ཡི་གེ་ཆས་དང་རིག་གཞུང་ཡུལ་སྲོལ་གོམ་གཤིས། ཡ་རབས་བཟང་སྤྱོད་སོགས། གང་འདྲ་སྦྱོང་སྤྱོད་སྤེལ་གསུམ་དགོས་པ་མི་ཤེས་པར་གྱུར་ཉེན་ཆེ་འདུག་སྙམ།
Re:བོད་ལ་མི་ཆོས་ཀྱི་རིག་པའི་གཞུང་ལུགས་མེད་པ། | 2018/8/10 23:18:28
TXLMཁྱིམ་ཚང་གི་རིག་གཞུང་ནང་ཁྱིམ་མི་རྒན་གཞོན་ཚང་མས། གཙང་སྦྲ་འཕྲོད་སྟེན་གང་འདྲ་གང མིན། ལུས་རྩལ་སྦྱོང་བརྡར་གང་འདྲ་གང་མིན། ཟས་སྤྱོད་སྤངས་བླང་གང་འདྲ་གང་མིན་སོགས་ཡོད་དགོས་ལ། རིག་པའི་གཞུང་ལུགས་དེ་དག་རྒྱལ་ཁབ་ཀྱི་ཁྲིམས་མཐུན་ཡིན་དགོས། དེ་ལྟར་མིན་ན་བོད་ནང་མི་གཅིག་ལའང་མི་ཆོས་སློབ་གསོ་སྤྲོད་མི་ཐུབ་ལ། ཆོས་ལུགས་ལ་སྤྱིར་དད་པ་དགོས་ཚུལ་དང་ལས་འབྲས་སྲུང་ཚུལ་ཙམ་ནི་ཡོད་དགོས་ངེས་ལས། བན་དང་བོན་སོགས། ཆོས་ལུགས་གྲུབ་མཐའ་ཕྱོགས་རེ་བར་དད་དགོས་ཚུལ་གླེང་ན། བོད་རིགས ཡོངས་རྫོགས་ལ། སློབ་གསོ་དེ་མྱོང་མི་ཐུབ། དེར་རྟེན་ཆོས་ལུགས་ཀྱི་ཕྱོགས་ལྷུང་ཕར་ཞོག་བོན་བན་དང་ནང་པ་སོགས་ཀྱི་སྒེར མིང་རྩ་ནས་མ་དོན་པས་སློབ་གསོ་ཞིག་ཡིན་དགོས་ལ། མདོར་ན་རྒྱལ་ཁབ་ཀྱི་ས་མཚམས་ལས་རྒལ་བའི་རིག་གཞུང་ཅིག་དང་། ཆོས་ལུགས་ཀྱི་གྲུབ་མཐའ་ལས་རྒལ་བས་རིག་གཞུང་སྤྱི་ཙམ་པ་ཞིག་ཡིན་དགོས།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.