སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ངའི་ཕུག་བསམ་གཉིས་གཉུགས་བུད་སོང་། | 2018/4/11 13:36:00
ངའི་ཕུག་བསམ་གཉིས། གཅིག། རྫོགས་ཆེན་བཀའ་རྒྱུད་སྐོར་བཞིའི་བླ་རྒྱུད་མཉམ་མེད་པ་ཡན་དང་། རྫོགས་ཆེན་ཡོངས་རྩེ་ཀློང་ཆེན་བླ་རྒྱུད་མཉམ་མེད་པ་ཡན་ཆོད། དེ་བཞིན་གསང་སྔགས་སྤྱི་སྤུངས་སྐོར་གསུམ་གྱི་བླ་རྒྱུད་མཉམ་མེད་པ་ཡན་ཆོད་བཅས་ཀྱི་བླ་རྒྱུད་རྣམ་པའི་རྣམ་ཐར་ལོ་རྒྱུས་འཚོལ་བསྡུ་གང་ཐུབ་བྱེད་དེ། དེ་ཚོ་དུས་རབས་གང་དུ་བྱོན་པ་རགས་ཙམ་གཏན་ལ་ཕབ་རྒྱུ་དང་། ཡབ་ཡུམ་དང་བཅས་པའི་འཁྲུངས་སའི་ས་གནས། བོན་ཞུ་སའི་བླ་མ་དང་བཅས་པའི་སློབ་སྦྱོང་གནང་སའི་ས་གནས། དེ་ནས་སྒོམ་སྒྲུབ་དང་སྦྱོང་པ་ཉམས་ལེན་གནང་སའི་ས་གནས། མཐར་སྐུ་གཤེགས་སའི་ས་གནས་བཅས། ད་ལྟའི་རྒྱལ་ཁབ་གང་གི་ཁོངས་སུ་གཏོགས་པ། རྒྱ་ཁབ་དེའི་ད་ལྟའི་ཞིང་ཆེན། ལྗོངས། གྲོང་ཁྱེར། ས་ཁུལ། རྫོང་། ཤང་ཚུན་སོགས་ས་གནས་གང་དུ་ཡོད་པ་དེའི་སྤར་རིས་དང་བཅས་པའི་ལོ་རྒྱུས་དེབ་གསུམ་ཙམ་བཟོ་ཨེ་ཐུབ་ཀྱི་འབད་བརྩོན་ལོ་ཤས་བྱས་ཀྱང་འབྲས་བུ་ནམ་མཁའི་མེ་ཏོག་ཏུ་གྱུར་པ་མ་ཟད། ད་ནི་དེ་ཕྱོགས་ལ་བསམ་གཞིགས་ཀྱང་བྱེད་མོས་མེད་པར་ཟླ་གཅིག་ཙམ་སོང་། གཉིས་པ། སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན། བསྟན་འཛིན་རྣམ་དག་རིན་པོ་ཆེས། མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆེན་ཁག་གི་གཞི་ལམ་འབྲས་བུའི་རྣམ་བཞག་སྐོར་གྱི་ཁྲིད་གདམ་སྒྲ་སྒམ་བཟོས་ཡོད་པ་ཚང་མ། ཡིག་ཐོག་ཏུ་ཕབ་སྟེ་དེབ་འགའ་ཞིག་བཟོས་ཏེ་སྤར་བསྐྲུན་བཟོ་རྒྱུ་བཅས་ཡིན་མོད། ད་ལོ་ནས་བསམ་གཏན་ཚེར་མ་ཞིག་གི་རྐྱེན་ལས་ད་ཕུག་བསམ་དེ་གཉིས་ལུས་ཐོག་འདི་ལ་འགྲུབ་ཐུབ་ས་མ་རེད། གལ་སྲིད་གཞན་ཞིག་གིས་ངའི་ཕུག་བསམ་དེ་དག་སྒྲུབ་འདོད་ཡོད་ན། ཁྲིད་ཀ་སོགས། ཞུ་དག་ཐད་ཞབས་ཞུ་གང་ཐུབ་ཞུ་འདོད་ཡོད།། 
ཟླ་དགོན་རི་ཁྲོད་དུ། ཞུ་འོད་རྒྱས་པས།༢༠༡༨…༤…༡༡
Re:ངའི་ཕུག་བསམ་གཉིས་གཉུགས་བུད་སོང་། | 2018/4/11 14:23:03
TXLMསྒྲུབ་མི་ཐུབ་པས་རྒྱུ་མཚན་གཙོ་བོ་ཡོན་ཚད་ཀྱི་མི་འདངས།
དེ་ནན་འཇོན་ཐང་དམན།
དེ་ནན་ནུས་པས་མ་ཞོག
Re:ངའི་ཕུག་བསམ་གཉིས་གཉུགས་བུད་སོང་། | 2018/4/11 15:17:38
TXLMད་རུང་མ་རྒྱུད་ཀྱི་བླ་རྒྱུད་ལ་བསམ་གཞིག་མང་དུ་བཀྱེས། ཧེ་ཧེ་ད་ནི་ཡོན་ཚད་དང་འཇོན་ནུས། བཅས་ཀྱི་འ་མ་སོང་དགོངས་དག་་་་
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.