སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རྩོམ་བརྡ།
[ 2016/10/1 13:01:00 | By: ལྷ་གཡག་དར་མ། ]
 
རྩོམ་བརྡ།

རིགས་ཀྱི་བླ་སྲོག་ངོ་མ་སྟེ་སྐད་ཡིག་གཉིས་པོའི་དོན་ལ་ཤི་འཐམ་རོ་འཐམ་བྱེད་བཞིན་པའི་རྩོམ་པ་པོ་དང་སྨྱུག་ཐོགས་པ་རྣམས་ཀྱི་སྙན་ལམ་དུ་ཞུ་གསོལ།

    ༢༠༡༦ལོར་ངེད་ཁྱུང་པོ་སྟེང་ཆེན་གྱི་ཡུལ་དུ་སྨན་རྩིས་ཁང་དངོས་སུ་དབུ་བརྙེས་པ་དང་། ཐེངས་དང་པོའི་ཁྱུང་རིག་གནས་དཔྱད་གླེང་ཚོགས་འདུ་འགོ་ཚུགས་པ་བཅས་བཀྲ་

ཤིས་པའི་དོན་བཟང་བྱུང་བར་བརྟེན།  ང་ཚོས་ཨ་བྲས་ཐེག་ཚོད་མདའ།  སྲེ་མོང་གིས་ཐེག་ཚོད་གཞུ་ཟེར་བ་ལྟར་༼  ཁྱུང་པོའི་སྨན་རྩིས། ༽ ཟེར་བའི་དེབ་ཅིག་བཀྲ་ཤིས་རྟེན་འབྲེལ་གྱི་ཚུལ་དུ་འདོན་རྒྱུའི་འཆར་གཞི་ཡོད་པས་རྣམ་དཔྱོད་ཀྱི་བློ་རིག་གློག་ལྟར་མྱུར་བའི་ཤེས་ལྡན་པ་ཚོས་རང་གཞན་ཀུན་ལ་ཕན་པའི་སྨན་རྩིས་དཔྱད་གླེང་དང་།འཚོ་བའི་རྒྱུན་ཤེས། ཚོར་བའི་ཀློང་ནས་

འཁྲུངས་པའི་སྙན་རྩོམ།   འདས་མ་ད་གསུམ་ལ་མཁས་པའི་རང་ཡུལ་གྱི་སྨན་པ་གྲགས་ཅན་གྱི་

ལོ་རྒྱུས་མདོར་བསྡུས་སོགས་སྤྱི་ཟླ་༡༠་པའི་ཚེས་༢༥ཚུན་ཆད་འཕྲོད་ཐབས་བྱེད་རོགས་ཞུ།

 ངེད་རྩོམ་སྒྲིག་ཚོགས་ཆུང་གིས་རྩོམ་ཡིག་གང་ཞིག་འགོད་མིན་ཐད་ཞིབ་དཔྱོད་བྱས་མཐར་གཏན་འཁེལ་བྱེད་པ་ལས་འདིར་འབྱོར་ཚད་ཐམས་ཅད་འཁོད་པའི་ངེས་པའང་མེད་པས་དེ་ལུགས་ཐུགས་ལ་འདོགས་གནང་མཛོད།  དོར་བྱ་གཙོ་བོ་ནི་ཆབ་སྲིད་ལས་འགལ་བའི་རིགས་དང་ཆོས་ལུགས་

ཕན་ཚུན་ཟུར་ཟ་བྱས་ཅིང་མཐུན་སྒྲིལ་ལ་གནོད་པའི་རིགས་ཡིན།  དེར་བརྟེན་ཚད་གཞིའང་

ངེས་ཅན་ལྡན་དགོས་པའི་ཁར་བཅོས་ཐལ་སོགས་མི་ཤོར་བའི་ཆེད་དུ་རྩ་བའི་ཞུས་དག་རང་རང་གིས་ཞིབ་ཏུ་བགྱིས་ནས་གཤམ་དུ་བཀོད་པའི་ཡིག་སྒམ་ནང་བསྐུར་རོགས་ཞེས་ཞུ་བ་བཅས།   

རྩོམ་བསྐུར་ཡུལ །   

ཡིག་སྒམ།   dingqingdanzeng@163.com

སྐད་འཕྲིན།   dingqingdanzeng       13659513796

ཐེངས་འདིའི་གཙོ་སྒྲིག་མིང་འཛིན་པ།    ལྷ་གཡག་དར་མ།       གཡུང་དྲུང་རྒྱལ་མཚན།

  ཁྱུང་པོའི་སྨན་རྩིས་རྩོམ་སྒྲིག་པས་། ༢༠༡༦ལོའི་ཟླ་༩པའི་ཚེས་༢༨ཉིན་མུ་ཙུག་སྨར་།

 
 
Re:རྩོམ་བརྡ།
[ 2016/12/18 16:00:37 | By: qiongmuwei ]
 
qiongmuweiབུ་རྒོད་རེད།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.