སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བོད་རྒྱུད་ཤཱཀ་ཐུབ་ཆོས་འབྱུང་། | 2016/7/31 21:33:00
བོད་རྒྱུད་ཐུབ་ཆོས་ཀྱི་བྱུང་བ་བརྗོད་པ། 
ཁྲི་འབུམ་ལོ་ཡི་གོང་གི་བོད་རིགས་ཀྱི། སྐྱབས་ཀྱི་ཐོག་མ་གཡུང་དྲུང་བོན་ཆོས་ལས། བསྒྱུར་དང་བཅོས་ནས་འཆོས་པས་དམ་པའི་ཆོས། གངས་རིའི་ལྗོངས་འདིར་དར་བས་བོད་རྒྱུད་ཆོས། འདི་ཡིས་ཕུང་དཀྲུགས་བྱས་ཚད་བཤད་མི་ལོང་། ཁྲི་སྲོང་ཡན་གྱི་བོན་རྒྱལ་རིམ་བྱོན་གྱིས། གཤེན་རབ་བསྟན་པར་གུས་བཀུར་བྱས་འབྲས་སུ། རྒྱལ་འབང་བདེ་སྐྱིད་ལྡན་པའི་ལོ་རྒྱུས་དེ། བོན་བན་རྒྱལ་རབས་ཆོས་འབྱུང་ཀུན་ལས་གསལ། ལྷག་པར་ཁྲི་བདུན་འཇའ་ལུས་དེངས་པས་ཚུལ། རྒྱལ་རབས་ཀུན་ལས་གསལ་ཕྱིར་འདིར་མི་སྨྲ། མཁན་སློབ་ཆོས་གསུམ་བེ་རོ་ཙ་ན་ཡིས། ངན་གཡོ་ལྐོག་ཇུས་ཐེངས་མང་བྱས་ནས་སུ། བོན་གྱི་བླ་གྲྭ་ཚང་མ་བཙན་བཀུགས་ཀྱི། དམག་མིས་མཐའ་བསྐོར་བོན་གཞུང་དཔེ་ཆ་ཀུན། ཁོ་ཚོར་རྩིས་འབུལ་དགོས་པའི་བཙན་བཀའ་ཕབས། གཡུང་དྲུང་བོན་གཞུང་ཁོ་ཚོས་བཙན་གྱིས་འཕྲོགས། བོན་གཤེན་རྒྱང་འབུད་བོན་བློན་དམར་བསད་བཏང་། བོན་ཆོས་ཕལ་ཆེར་ཆོས་སུ་མིང་བསྒྱུར་བྱས། བོན་གྱི་ལྷ་སྐུ་ཡི་གེ་མཆོད་རྟེན་སོགས། རྟེན་གསུམ་མཐོང་ཚད་མེ་བསྲེགས་ཆུ་ལ་སྐུར། བོན་གཤེན་རེ་འགས་སྲོག་རྡོས་ལྐོག་ཉར་བོན། སྨོན་ལམ་བཏབས་ནས་གཏེར་ལ་སྦས་སྐུང་ལས། ཕ་ཆོས་ཉར་ཚགས་མི་ཕོད་དུས་སྐབས་སུ། བན་ཆོས་རྐུན་ཁོམ་རྐུ་རྒྱུ་རྙེད་སྲིད་དམ། དཔེར་ན་རིག་གནས་གསར་བརྗེའི་དུས་སྐབས་སུ། བན་བོན་རྟེན་གསུམ་མེ་བསྲེགས་ཆུ་སྐུར་སྐབས། གཞན་ཆོས་རྐུ་བས་བསམ་པ་འཁོར་སྲིད་དམ། དམག་སྲིད་དབང་འཛིན་མཁན་སློབ་ཆོས་གསུམ་གྱིས། གཡུང་དྲུང་བོན་དཔེ་བཙན་འཕྲོགས་བྱེད་པའི་དོན། ཐུབ་པའི་ཆོས་ལ་ཐེག་དམན་སྒྲ་བཅོམ་ལས། ཡང་དག་སངས་རྒྱས་ཐོབ་བྱེད་མེད་མཐོང་ནས། བོན་གཞུང་ཐེག་པའི་ཡོངས་རྩེ་རྫོགས་ཆེན་སོགས། རྐུ་བཤུ་བསྒྱུར་བཅོས་བྱེད་བསམ་མ་ཡིན་ནམ། མ་གཞི་བོད་རྒྱུད་བན་དེའི་ཐུབ་ཆོས་འདི། ཐེག་ཆེན་ཚད་མ་ཞང་ཞུང་རྐུས་ལུས་ལ། སྔགས་གཞུང་མུ་སྟེགས་ལས་རྐུན་མགོ་བོ་སྦྱར། རྫོགས་ཆེན་བོད་ནས་རྐུན་དེ་གློ་རྙིང་བྱས། བོད་ཀྱི་རིག་གནས་ལྔ་ཡི་ཡན་ལག་བཏགས། ར་མགོ་ལུག་སྦྱར་ཐུབ་ཆོས་མིང་ཙམ་ལས། ཤཱཀྱའི་ཆོས་ལུགས་ལྟ་གྲུབ་མིང་ཡང་མེད། ཚད་མ་ཐེག་ཆེན་རྒྱན་དྲུག་མཆོག་གཉིས་ཀྱིས། ཞང་ཞུང་བོན་ལས་ཤཱཀྱ་འདས་རྗེས་རྐུན། བོད་མི་ལོ་ཙྪ་ཟེར་བའི་ཁྲམ་པ་ཚོས། སྔ་ཕྱིར་སྔགས་གཞུང་མུ་སྟེགས་པ་ལས་བསྒྱུར། པད་འབྱུང་བེེ་རོ་ཁྲི་སྲོང་ལྡེ་བཙན་གྱིས། རྫོགས་ཆེན་བོད་ཀྱི་བོན་ལས་རྐུ་འཕྲོགས་བྱས། མ་ཚད་རིག་གནས་ལྔ་སོགས་བོན་གཞུང་ལས། རྒྱ་གཞུང་མེད་པས་རང་རྐུབ་རང་རྡོལ་གསལ། སྙན་ངག་མེ་ལོང་རྒྱ་གཞུང་མུ་སྟེགས་ཅན། དེ་ཕྱིར་བོད་འདིར་ཤྭཀྱའི་བསྟན་པ་མེད། བལ་དང་རྒྱལ་གར་ཤར་བྱང་ལྷོ་རྒྱུད་སོགས། རྒྱལ་ཁབ་འགའ་ལ་ཡོད་པའི་ཤཱཀ་ཐུབ་ཆོས། ཉན་ཐོས་ཐེག་དམན་སྒྲ་བཅོམ་ཐོབ་བྱེད་ལས། སྔགས་རྫོགས་ཐེག་ཆེན་མེད་པ་མཐོང་ཆོས་ལ། བོད་འདིར་བོན་དང་ཐུབ་ཆོས་མུ་སྟེགས་གཞུང་། གང་ཡང་བསྲེས་པས་བོད་རྒྱུད་ཕུང་གསུམ་ཆོས། མཁན་སློབ་ཆོས་གསུམ་རྗེས་སུ་བོད་ལ་དར། དེ་ཕྱིན་རྒྱ་ལ་དཔེ་བྱས་རྡོ་རིང་བཞེངས། ཕས་རྒོལ་དམག་དཔོན་ཤྭཀྱའི་དགེ་སློང་བྱས། སྲོག་ཁྲིམས་གཅོད་པས་དཔོན་པོའང་དགེ་སློང་བྱས། དགེ་བཅུ་ཆོས་བཤད་མཁན་པོའང་དེ་ཚོ་ཡིན། དེས་ན་རྡོ་རིང་བོན་སྐོར་བཀོད་སྲིད་དམ། རྙིང་མ་ས་སྐྱ་བཀའ་རྒྱུད་དགེ་ལྡན་སོགས། ལྟ་གྲུབ་ཀླུ་ཐོག་གཉིས་ལ་ཐུག་པ་བདེན། ཁོང་གཉིས་རྒྱུད་ཁུངས་ལྷ་ཀླུར་གཏུགས་པ་ལས། ཤྭཀྱའི་སྲས་ལ་མི་གཏུགས་ཅི་ཡི་ཕྱིར། རྙིང་མའི་སྔགས་རྫོགས་ཤྭཀྱར་མི་གཏུགས་པར། ཇོ་མོའི་བྱིས་པར་གཏུགས་དོན་ཅི་ཡི་ཕྱིར། འགོ་ཁུངས་གཡུང་དྲུང་བོན་ལ་ཐུག་པའི་ན། བཤད་འདོད་མེད་ནས་གསང་བ་མ་ཡིན་ནམ། མདོར་ན་ཤྭཀྱ་ཐུབ་པས་མ་གསུང་པའི། ཐེག་ཆེན་རྫོགས་ཆེན་ཐེག་པ་རིམ་དགུ་སོགས། ཚང་མ་གཡུང་དྲུང་བོན་ལས་རྐུ་འཕྲོགས་ཆོས། ཁྱོད་ཚོས་རང་མཚང་རྫུན་རྐུབ་བརྡོལ་དོག་གིས། བོན་པོར་ནང་པའི་བོན་གཞུང་ནང་པའི་གྲལ་ནས་ཕུད། དུས་རབས་ཉེར་གཅིག་མ་ཤར་སྔོན་ཆད་ལ། བོན་གཞུང་མ་མཐོང་མུན་པའི་མཛུབ་སྟོན་གྱིས། བོན་པོར་འཚེ་བས་ཆོས་ཞེས་ཅལ་འདྲོག་གཏམ།། སྲོག་ཁྲིམས་གཅོད་མཁན་ཤྭཀྱའི་དགེ་སློང་འགས། ཆབ་སྲིད་སླད་དུ་བོན་ལ་ཞྭ་མོ་བཀབས། གཅིག་ལ་གཅིག་བཤད་བོད་ཁམས་ཀུན་དུ་གྲགས། བ་གླང་རྫི་བོ་ཡན་གྱི་བོན་པོ་ལ། བོན་ནག་ཞེས་ཟེར་ཁ་ལག་མི་བསྲེ་དོག ཉེར་གཅིག་དུས་རབས་འདི་ཡི་གོང་རོལ་ན། འཛམ་གླིང་མཁས་པའི་གཙུག་རྒྱན་སྨན་རི་བའི། ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག འཛམ་གླིང་བོན་གྱི་གཙུག་རྒྱན་སྨན་རི་བའི། ཁྲི་འཛིན་མཁན་ཆེན་བསྟན་པའི་ཉི་མ་གཉིས། སྔ་རྗེས་མཚན་དཔེ་བཞད་པས་ཐུགས་བསྐྱེད་ལས། བོན་བསྟན་ཉི་ཟླའི་འོད་ཟེར་མཁའ་མཐར་སྤྲོས། གོ་ལའི་ཕྱོགས་བཅུར་བོན་བསྟན་རྒྱལ་དར་གཙུགས། སྨིན་གྲོལ་གྲྭ་སློབ་ཡང་སློབ་བསྟན་འཛིན་གཤེན། ཁྲི་འབུམ་བྱེ་བས་གླིང་བཞིར་བོན་བསྟན་སྤེལ། བོན་དཔེ་པར་སྐྲུན་བོན་གཞུང་ངོ་སྤྲོད་དེ། བོན་འདི་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་དྲིན། མི་རིགས་མང་པོའི་བོན་དཔེ་ཀུན་མཐོང་རྗེས། ནང་པ་སངས་རྒྱས་གཡུང་དྲུང་བོན་ཞེས་པ། གཤེན་གྱི་བསྟན་པ་སངས་རྒྱས་ལག་འཆང་ཞིག འཛམ་གླིང་བོད་དཔྱོད་ཡོངས་ཀྱིས་བརྟགས་ཞིབ་ཀྱིས། མི་ལོ་ཁྲི་ཕྲག་གོང་ནས་གཡུང་དྲུང་བོན། ཡོད་པ་མཐོང་ཐོས་བྱུང་རྗེས་ཕྲག་དོག་གིས། སྟོན་པ་གཤེན་རབ་གཡུང་དྲུང་བོན་ཞེས་པ། ཉི་ཟེར་ལག་པས་འགེབ་ལྟར་མེད་པར་སྨྲ། དེ་ནི་བན་གཟུགས་ཆབ་སྲིད་ཁོག་འཆང་འགའ། སྙིང་ནས་བྲེད་སྐྲག་སྐྱེ་བས་རྟགས་མཚན་ཡིན། རྒྱུ་མཚན་བོད་རྒྱུད་བན་ཆོས་བོན་གཞུང་ལས། རྐུ་འཕྲོགས་བྱས་པ་དངོས་ར་འཕྲོད་པས་སོ། དཀར་པོ་འཚོལ་གྱིས་རྒྱུད་སྐུར་རྫུན་ཧམ་ཚིག བོན་ཆོས་འབྱུང་ཁུངས་ཞེས་པས་ཡི་གེ་ལ། ལན་གྱིས་ཚུལ་དུ་ཐོས་ཆུང་བླུན་པོ་དེ། ཉུངས་དཀར་ཟེར་བས་ཤར་མར་བྲིས་ནས་སྤྲིངས།། །། 


Re:བོད་རྒྱུད་ཤཱཀ་ཐུབ་ཆོས་འབྱུང་། | 2016/7/31 21:51:49
སྐུ་མགྲོན་pULw50(སྐུ་མགྲོན)ཡག་པོ་འདུག
རྩོམ་པ་པོ།:སྐུ་མགྲོན་pULw50(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.