སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
དཔལ་རྒྱལ་བ་ཙོང་ཁ་པར་རབ་བཞིན་བརྗོད་པའི་རྒྱན་གྱི་སྒོ་ནས་བསྟོད་པ།།
[ 2016/1/24 16:41:00 | By: ཁ་བ་རྐང་གླིང་། ]
 

དཔལ་རྒྱལ་བ་ཙོང་ཁ་པར་རབ་བཞིན་བརྗོད་པའི་

         རྒྱན་གྱི་སྒོ་ནས་བསྟོད་པ།།                 

 

རིགས་རང་བཞིན་བརྗོད་པ།།

 

རྒྱལ་བའི་དབུ་ཡི་དབུ་སྐྲ་ཞར།།

དབུ་ལ་གསེར་ཏོག་དབུ་ཞྭ་མཆོད།།

ལུས་ལ་གོས་གཟན་དམར་པོས་མཛེས།།

དེ་འདྲའི་རྒྱལ་བའི་རིགས་ལ་དད།།

 

བྱ་བ་རང་བཞིན་བརྗོད་པ།།

 

དགེ་ལྡན་རྒྱལ་བའི་དགོན་དུ།།

རྩོམ་ཚེ་རྣ་བའི་བུ་རམ།།

འཆད་དུས་ལོག་རྟོགས་སེལ་བས།།

སེམས་ཀྱིས་བླ་མར་འཚལ་ལོ།།

 

ཡོན་ཏན་རང་བཞིན་བརྗོད་པ།

 

མཁས་པ་ལྷག་ཏུ་མང་ཡང་།

ཉིད་ཀྱི་གསུངས་རྩོམ་མཇལ་བས།།

སེམས་ཀྱི་དད་པ་ཞེས་པ།།

དབང་མེད་ཁྱེད་ཕྱོགས་ཤོར་སོང་།


 
 
༦༦༧
[ 2020/3/10 15:54:10 | By: ཚེ་རྟེན་སྒྲོལ་མ་(སྐུ་མགྲོན) ]
 
ཚེ་རྟེན་སྒྲོལ་མ་(སྐུ་མགྲོན)ཡོན་ཏན་རང་བཞིན་རྗོད་པའི་“ཡོན་ཏན་”ཞེས་པ་གང་ལ་ངོས་འཛིན་དགོས་
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.