སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཡེ་གཤེན་སུམ་བརྒྱ་དྲུག་ཅུ་སྐོར།
[ 2015/9/26 18:07:00 | By: lodoe ]
 

ཡེ་གཤེན་སུམ་བརྒྱ་དྲུག་ཅུ་སྐོར་གང་དང་གང་ཡིན་ནམ།

གཟི་བརྗིད་ལྟར་ན། བརྒྱད་ཚོ་ཞེ་ལྔ་ཀུན་བསྡོམས་པས་སུམ་བརྒྱ་དྲུག་ཅུའོ། ། ༡ སྐྱེ་འགག་མེད་པའི་གཤེན་བརྒྱད།༢ རྒྱུ་ལས་གྲུབ་པའི་གཤེན་བརྒྱད། ༣ འཁོར་བ་སྤང་བའི་གཤེན་བརྒྱད། ༤ གཙུག་ཕུད་ཐོབ་པའི་གཤེན་བརྒྱད།  ༥ གཏིང་ཟློག་འཁོར་བ་སྤང་བའི་གཤེན་བརྒྱད། ༦ བཀའ་རྟགས་འཛིན་པའི་གཤེན་བརྒྱད། ༧ བྱ་རུ་ཐོབ་པའི་གཤེན་བརྒྱད། ༨ བུམ་པ་ཐོགས་པའི་གཤེན་བརྒྱད།  ༩ དབང་དང་ལྡན་པའི་གཤེན་བརྒྱད། ༡༠ བདེན་པར་སྟོན་པའི་གཤེན་བརྒྱད། ༡༡ ཚད་མེད་ཨ་གཤེན་བརྒྱད།  ༡༢ རྨད་དུ་བྱུང་བའི་གཤེན་བརྒྱད།  ༡༣ རྫུ་འཕྲུལ་ལྡན་པའི་གཤེན་བརྒྱད།  ༡༤ ཡེ་ཤེས་རྣོན་པོའི་གཤེན་བརྒྱད། ༡༥ ཕོ་བྲང་བསྐྱེད་པའི་གཤེན་བརྒྱད།   ༡༦ དཀའ་བ་ཐུབ་པའི་གཤེན་བརྒྱད། ༡༧ ནམ་མཁའ་གཡུ་ཡི་གཤེན་བརྒྱད། ༡༨ ཕྲེང་བ་ཐོགས་པའི་གཤེན་བརྒྱད། ༡༩ དཀའ་རྟགས་ཐུབ་པའི་གཤེན་བརྒྱད།  ༢༠ མཚན་རྟགས་ཐོབ་པའི་གཤེན་བརྒྱད།༢༡ ངོ་མཚར་སྟོན་པའི་གཤེན་བརྒྱད།   ༢༢ མཚན་དང་ལྡན་པའི་གཤེན་བརྒྱད།   ༢༣ འོད་དང་ལྡན་པའི་གཤེན་བརྒྱད།   ༢༤ སྲིད་པ་མི་འགྱུར་གཤེན་བརྒྱད། ༢༥ གཏོ་ཡི་གཤེན་བརྒྱད།  ༢༦ ཡིད་ཀྱི་གཤེན་བརྒྱད། ༢༧ དབང་བསྒྱུར་གཤེན་བརྒྱད། ༢༨ སྟེང་འོག་སྐྱོང་བའི་གཤེན་བརྒྱད། ༢༩ ཕྱོགས་མཚམས་སྐྱོང་བའི་གཤེན་བརྒྱད། ༣༠ ལྷ་སྲིན་དབང་སྡུད་གཤེན་བརྒྱད། ༣༡ ཕྱྭ་ཚེ་སྒྲུབ་པའི་གཤེན་བརྒྱད། ༣༢ དབལ་གྱི་རྒྱལ་པོའི་གཤེན་བརྒྱད། ༣༣ སྦྱིན་པའི་རྒྱལ་པོའི་གཤེན་བརྒྱད།  ༣༤ རྣམ་པར་དག་པའི་གཤེན་བརྒྱད།  ༣༥ བཟོད་ཐུབ་རྒྱལ་པོའི་གཤེན་བརྒྱད།   ༣༦ བསམ་གཏན་རྒྱལ་པོའི་གཤེན་བརྒྱད། ༣༧ བརྩོན་འགྲུས་རྒྱལ་པོའི་གཤེན་བརྒྱད། ༣༨ སྟོབས་དང་ལྡན་པའི་གཤེན་བརྒྱད། ༣༩ སྙིང་རྗེའི་རྒྱལ་པོའི་གཤེན་བརྒྱད།  ༤༠ སྨོན་ལམ་ཐེབས་པའི་གཤེན་བརྒྱད། ༤༡ ཐབས་དང་ལྡན་པའི་གཤེན་བརྒྱད། ༤༢ ཤེས་རབ་རྒྱལ་པོ་གཤེན་བརྒྱད།   ༤༣ བདག་དོན་གྲུབ་པའི་གཤེན་བརྒྱད།   ༤༤ གཞན་དོན་འབྱུང་བའི་གཤེན་བརྒྱད། ༤༥ མཐར་ཕྱིན་གྲུབ་པའི་གཤེན་བརྒྱད། བརྒྱད་ཚོ་ཞེ་ལྔ་དེ་བརྒྱད་ཀྱིས་བསྒྱུར་ན་སུམ་བརྒྱ་དྲུག་ཅུ་ཁྲིགས་སེ་འགྲིག་པའོ། །༼གཟི་བརྗིད་བོད་ལྗོངས་དེབ་དགུ་པ་ཨང་༥༤ནས༦༧བར་ལས་བཏུས།༽

གཉིས་པ་ཁམས་ཆེན་ལྟར་ན།  ཁམས་ཆེན་ལྟར་ན། གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡེ་ཤེས་ཐིག་ལེ་ནས། དོན་གྱི་འོད་ལྡན་ཡན་ཆད༢༡༣བར་བླ་ན་མེད་པའི་སྒྲས་བརྒྱན་པ་ཤ་སྟག་དང་། དེ་མཚམས་གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱི་འདང་ངར་གྱི་རྗེ་ནས་ས་ཏྲམ་བཞེར་བར་སེམས་དཔའ་རྐྱང་པའི་སྒྲས་བརྒྱན་པ༦༦ཡོད། དེའི་གོང་འོག་གཉིས་ཀ་བསྡོམས་ན༢༧༩ཡོད་ལ། དེ་ཡན་ཆད་མཚན་རེ་རེ་བཞིན་དུ་བགྲང་པ་ཡིན། དེའི་སྟེང་དུ། གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་གཏོ་གཤེན་བཅུ་གཉིས། དེ་བཞིན་འདུར་གཤེན་བཅུ་གཉིས། གནམ་བོན་བཅུ་གཉིས། ས་བོན་བཅུ་གཉིས། ལྷ་བོན་བཅུ་གཉིས། སྨྲ་མི་བོན་བཅུ་གཉིས་བཅས་བཅུ་གཉིས་ཅན་དྲུག་དེ་བསྡོམས་པས་༧༢འབྱུང་། དེ་གོང་གི་༢༧༩ཐོག་ཏུ་བསྣན་པས༣༥༡འབྱུང་། དེའི་སྟེང་དུ་ཞུ་བའི་གཤེན་བརྒྱད་བསྣན་པས་༣༥༩ཡོང་བ་ལས་སུམ་བརྒྱ་དྲུག་ཅུ་མི་འབྱུང་བར་སྣང་། ༼ཁམས་ཆེན་ཀ་སྡེ་ཁྲོ་ཁྱུང་ཤིང་པར་ཨང་༢༠ནས༥༢བར་དང་ཁྱུང་པོ་སྟེང་དགོན་སྒོ་མཛོད་དཔེ་རྙིང་ཁམས་ཆེན་ཀ་སྡེ་ཨང་༢༡ནས༥༤བར་ན་གསལ།༽ཁྲོ་ཁྱུང་ཤིང་དཔར་དང་སྟེང་དགོན་པར་མའི་ཁམས་ཆེན་གཉིས་ཀ་ནས་དེ་ལྟར་གྲངས་གནས་༣༥༩གཅིག་མཐུན་དུ་བྱུང་བས་སྔོན་རྗེ་ཡིས་གཟིགས་པའི་པའི་ཁམས་ཆེན་ལྟར་ན་གཅིག་ཆད་སོང་བར་མངོན། གང་ཡིན་ཟེར་ན་རྗེ་ཡི་བསྡུས་འགྲེལ་ཏི་སེའི་དཔེ་ཚོགས་༡༠ཨང་༥༣ལས་ཡེ་གཤེན་ཐིག་ལེ་ནས་སྨྲ་མི་བོན་བཅུ་གཉིས་ཡན་ཆད་ན། སུམ་བརྒྱ་ང་གཉིས་དང་དེ་ལ་ཞུ་བའི་གཤེན་བརྒྱད་བསྣན་པས་སུམ་བརྒྱ་དྲུག་ཅུའོ། །ཞེས་སྔོན་གྱི་མཁས་པས་གསུངས་སོ། ། ཞེས་གསལ། བོན་གཤེན་རྔ་ཐོག་ནི་དེའི་ཁོངས་སུ་མི་བགྲང་པར་ཀུན་མཁྱེན་གྱིས་སྐབས་དང་པོ་ལས་གསལ་པོར་གསུངས་ཡོད། ཞུ་བའི་གཤེན་བརྒྱད་ནང་ནས་གཏོ་བུ་འབུམ་སངས། ཡིད་ཀྱི་ཆེའུ་ཆུང་། བསམ་བ་འོད་ལྡན་སོགས་ནི་མི་འདྲ་བ་གཉིས་ཡོད་ན་མ་གཏོགས་མཚན་གྲངས་རེ་རེ་ནས་བྱུང་བ་དང་ཞུ་བའི་གཤེན་བརྒྱད་ནས་བགྲང་པ་གཉིས་སུ་བྱུང་སྙམ་འོན་ཀྱང་བརྟག་གོ། དཔལ་ཆེན་དང་རྗེ་རིན་པོ་ཆེ། ཀུན་མཁྱེན་སོགས་ཀྱིས་སུམ་བརྒྱ་དྲུག་ཅུའི་མཚན་གྲངས་གཟིགས་ས་ཁམས་ཆེན་འདི་ཡིན་པ་ལས་གོང་གི་གཟི་བརྗིད་ལས་ཐོན་པའི་ཡེ་གཤེན་སུམ་བརྒྱ་དྲུག་ཅུ་དེ་མིན་སྙམ། གཟི་བརྗིད་ནས་བརྒྱད་ཚན་ཞེ་ལྔ་བྱས་ཏེ་གྲངས་སུམ་བརྒྱ་དྲུག་ཅུ་ཐམ་པ་ཁྲིགས་སུ་ཚང་བར་ཡོད། གཞུང་གཉིས་ཀ་ནས་མཚན་གྲངས་ཐོག་མར་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡེ་ཤེས་ཐིག་ལེ་ནས་འགོ་བརྩམས་ཏེ། མཚན་གྲངས་ཉི་ཤུ་ཡས་མར་འདྲ་མཚུངས་སུ་བཀོད་ཡོད། གཟི་བརྗིད་ནས་མཚན་གྲངས་གོ་རིམ་ལྟར་ན་ཁམས་ཆེན་དུ་འཁྲུགས་པ་ལྟར་བྱུང་ཡོད་ལ། ཁམས་ཆེན་ནས་མཚན་གྲངས་གོ་རིམ་ལྟར་ན་གཟི་བརྗིད་དུ་འཁྲུགས་པ་ལྟར་བྱུང་ཡོད། ཁམས་ཆེན་དུ་འཁོད་པའི་ས་ཏྲམ་བཞེར་ལྟ་བུ་གཟི་བརྗིད་དུ་འཁོད་མེད། དོན་ངོ་མ་བྱས་ན་ཁམས་ཆེན་ནས་མཚན་རྐྱང་རེ་རེ་བཞིན་དུ་བགྲང་པ་༢༨༠ཐམ་པ་ཡོད་དགོས་འདུག་ལ། བཅུ་གཉིས་ཚན་པ་དྲུག་ཏུ་བྱས་ཡོད་པ་ལ་དོན་གཉིས་ཡོད། དེ་གོང་དུ་བསྣན་པས་སུམ་བརྒྱ་ང་གཉིས་དང་དེ་སྟེང་ཞུ་བའི་གཤེན་བརྒྱད་བསྣན་ན་སུམ་བརྒྱ་དྲུག་ཅུ་འབྱུང་གསུངས་ཀྱང་འདིར་བརྩིས་སའི་གཞུང་དུ་མཚན་རེ་རེ་བགྲང་པ་ནས་གཅིག་མ་ཚང་བར་མངོན། གཟི་བརྗིད་དང་ཁམས་བརྒྱད་གཉིས་ཀ་ནས་བླ་ན་མེད་པའི་སྒྲས་བརྒྱན་པ་མཚུངས་མིན་ཅི་རིགས་སུ་ཡོད་པས་གཅིག་གྱུར་བྱུང་མེད། ཞིབ་ཕྲ་གཟིགས་འདོད་ན་གཞུང་གཉིས་ཀྱི་ཨང་གྲངས་གོང་གསལ་ལྟར་གཟིགས་པར་ཞུ།

 
 
Re:ཡེ་གཤེན་སུམ་བརྒྱ་དྲུག་ཅུ་སྐོར།
[ 2015/10/19 20:22:34 | By: སྐུ་མགྲོན་1JAl1P(སྐུ་མགྲོན) ]
 
སྐུ་མགྲོན་1JAl1P(སྐུ་མགྲོན)ཞིབ་དཔྱོད་འདི་རིགས་ཧ་ལས་པའི་ཡག་པོ་འདུག
བཀའ་དྲིན་ཆེ་ཞུ། ། ཨ་རིའི་བོན་འཁྱམས་སྤྲང་པོ་ཞིག་ནས། །
 
 
Re:ཡེ་གཤེན་སུམ་བརྒྱ་དྲུག་ཅུ་སྐོར།
[ 2015/9/27 20:23:30 | By: སྐུ་མགྲོན་wBRe7I(སྐུ་མགྲོན) ]
 
སྐུ་མགྲོན་wBRe7I(སྐུ་མགྲོན)བཀའ་དྲིན་ཆེ། ཞུང་གིས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.