སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བོད་ཀྱི་མགུལ་ལྷ་བཅུ་གསུམ།
[ 2015/9/26 18:05:00 | By: lodoe ]
 

བོད་ཀྱི་མགུལ་ལྷ་བཅུ་གསུམ་གང་དང་ཡིན་ནམ།

 ཡུལ་ཁ་རག་གཙང་སྟོད་ཀྱི་གཙང་ལྷ་ཕུ་དར་གཉན་པོ་ནི། སྐུ་ལ་འོད་ཀྱི་རལ་ག་གསོལ་ཞིང་ཕྱག་ན་མདུང་དར་དཀར་པོ་བསྣམས་ཏེ་ཅང་ཤེས་ཀྱི་རྟ་ལ་ཆིབས་པ། ཡུལ་ཡར་ལུང་སོ་ཀའི་ཡར་ལྷ་ཤམ་པོ་ནི། སྐུ་ལ་དར་དཀར་གྱི་རལ་ག་གསོལ་ཞིང་ཕྱག་ན་གནམ་ལྕགས་སྲིན་རྐང་བསྣམས་ཏེ་ལྷ་རྟ་ངང་ཞུར་ལ་ཆིབས་པ།  ཡུལ་སྟོད་ལུང་རལ་གསུམ་ན་སྟོད་ལྷ་ཟེ་ཟེ་གཉན་པོ་ནི། སྐུ་ལ་དར་དཀར་གྱི་བེར་ཆེན་གསོལ་ཞིང་ཕྱག་ན་ལྕགས་མདའ་འོད་ཆེན་བསྣམས་ཏེ་འབྲོང་བུ་དར་མ་ལ་ཆིབས་པ། ཡུལ་སྐྱིད་རོང་གི་སྐྱི་ལྷ་ཕུ་དར་གཉན་པོ་ནི། སྐུ་ལ་གཞའ་ཚོན་གྱི་སླག་པ་གསོལ་ཞིང་ཕྱག་ན་གན་ལྕགས་རལ་གྲི་བསྣམས་ཏེ་བྱ་རྒོད་ཐང་དཀར་ལ་ཆིབས་པ། ཡུལ་དབྱི་མ་ཡུལ་དྲུག་གི་དབྱི་ལྷ་ཕུ་དར་གཉན་པོ་ནི། སྐུ་ལ་དར་དམར་གྱི་རལ་ག་གསོལ་ཞིང་ཕྱག་ན་གནམ་ལྕགས་རལ་གྲི་བསྣམས་ཏེ་ལྷ་རྟ་སྙན་དཀར་ལ་ཆིབས་པ།  ཡུལ་འོལ་ཡུག་འོལ་མཁར་གྱི་འོལ་ལྷ་རྒྱལ་བཟང་ནི། སྐུ་མདོག་དཀར་སེར་ལ་མཐིང་བེར་གསོལ་ཞིང་ཕྱག་ན་ཉི་ཟེར་ཞགས་པ་བསྣམས་ཏེ་གཡུ་འབྲུག་སྔོན་པོར་ཆིབས་པ། ཡུལ་ནུབ་ཡུལ་གླིང་དྲུག་གི་ནུབ་ལྷ་བརྟན་དྲུག་གཉན་པོ་ནི། སྐུ་སྨུག་དབལ་གྱི་རལ་ག་གསོལ་ཞིང་ཕྱག་ན་རལ་གྲི་བསམ་ཆོད་བསྣམས་ཏེ་ནུབ་རྟ་གྲོ་ཞུར་ལ་ཆིབས་པ། ཡུལ་ཐང་རོ་རལ་གསུམ་གྱི་གཉན་ཆེན་ཐང་ལྷ་ནི། སྐུ་ལ་དར་དཀར་གྱི་རལ་ག་གསོལ་ཞིང་ཕྱག་ན་ཤེལ་གྱི་དར་མདུང་བསྣམས་ཏེ་ཅང་ཤེས་རྟ་ལ་ཅིབས་པ། ཡུལ་རྐོང་ཡུལ་གླིང་གྲགས་ཀྱི་རྐོང་ལྷ་མཐོང་དྲུག་གཉན་པོ་ནི། སྐུ་ལ་ཤེལ་ཁྲབ་དཀར་པོ་གསོལ་ཞིང་ཕྱག་ན་དར་དཀར་རླུང་རྟ་འཚུབ་པ་བསྣམས་ཏེ་ལྷ་གཡག་དཀར་པོ་ལ་ཆིབས་པ།  ཡུལ་དག་ཡུལ་དབྱི་སྣ་ན་དག་ལྷ་གཉན་པོ་ནི། སྐུ་ལ་ཤེལ་བེར་དཀར་པོ་གསོལ་ཞིང་ཕྱག་ན་གཡུ་ཡི་འདན་དཀར་བསྣམས་ཏེ་ལྷ་རྟ་མགྱོགས་པོ་ལ་ཆིབས་པ། ཡུལ་ཆིབས་ཡུལ་གོང་གསུམ་གྱི་ཆིབས་ལྷ་བྱ་རྨང་གཉན་པོ་ནི། སྐུ་ལ་གཡུ་འབྲུག་གི་སླག་པ་གསོལ་ཞིང་ཕྱག་ན་གཡུ་ཡི་གཡུང་དྲུང་བསྣམས་ཏེ་སེང་གེ་དཀར་པོ་ལ་ཆིབས་པ། ཡུལ་ཉང་ཡུལ་ཤིང་ནགས་ཀྱི་ཉང་ལྷ་ཕུ་དར་ནི། སྐུ་ལ་དར་དམར་གྱི་རལ་ག་གསོལ་ཕྱག་ན་བསེ་དར་འབྲུག་རིས་བསྣམས་ཏེ་སྔོན་པོ་འགབ་༼རྟ༽ནག་ལ་ཆིབས་པ། ཡུལ་གྲོང་ཡུལ་སྟོད་ཀྱི་གྲོང་ལྷ་དྲང་རྗེ་གཉན་པོ་ནི། སྐུ་ལ་དར་དཀར་གྱི་འཇོ་བེར་གསོལ་ཞིང་ཕྱག་ན་དར་མདུང་དཀར་པོ་བསྣམས་ཏེ་ལྷ་རྟ་ངང་ཞུར་ལ་ཆིབ་པ་བཅས་སོ།༼ལྷ་རྒོད་དྲག་བདར་ལས་བཏུས།༽

 
 
Re:བོད་ཀྱི་མགུལ་ལྷ་བཅུ་གསུམ།
[ 2016/1/14 14:03:33 | By: monlam ]
 
monlamའདིར་མགུལ་ལྷ་ ༡༣ གྱིས་ཚད་ཀྱི་མི་འདུག
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.