ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
མཁས་དབང་ཞིག་ལ་དྲི་བ་དང་དྲན་སྐུལ། | 2015/6/11 12:22:00
མཁས་དབང་ཞིག་ལ་དྲི་བ་དང་དྲན་སྐུལ།
རིས་མེད་པ།
སྤྱིར་དེང་སང་རྒྱལ་སྤྱི་དང་རྒྱལ་ནང་གི་མཁས་དབང་མང་ཞིག་གི་ཞིབ་འཇུག་ལ་ཟུར་ཙམ་མཐོང་ཡོང་དུས་དཔེ་མི་སྲིད་པའི་རིས་མེད་ཀྱི་དཔྱད་གཏམ་ཞིག་དང་དགའ་འོས་པའི་མིག་གཉིས་ཀ་ལྡན་པའི་བོད་མི་འགའ་ཡོད་པའི་སྣང་བ་ཞིག་བྱུང་། དེ་ཚོས་གཙོ་བོའི་དམིགས་འབེན་ལ་མ་ཡོ་ན་ཕྲན་ཙག་ཙིག་ཡར་མར་འཁྱུག་སྲིད་པ་ཡིན་སྟབས་ཧ་ལས་དགོས་དོན་མེད་མོད། ཡིན་ནའང་དེ་ཚོ་རིམ་བཞིན་མ་དག་རྒྱུན་འབྱམས་སུ་སོང་ན་ནམ་ཞིག་བཤད་དགོས་པ་ཡིན་ལ་བཤད་དཀའ་བའི་གནས་སུ་འགྱུར་བ་དངོས་པོའི་རང་གཤིས་ཤིག་ཡོང་དང་ཡོང་བཞིན་གདའ་མོད། དེར་བརྟེན་དེ་ཚོ་དྲན་སྐུལ་དང་དྲི་བ་བྱེད་རྒྱུ་ནི་སུ་དང་གང་ལ་ཡང་འོས་འགན་དང་རང་དབང་ཡོད་པ་བཞིན་འདི་ནས་དེ་བཞིན་ད་རེས་ཟུར་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པ་གྲགས་ཅན། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་སྟོང་སྐོར་ཚེ་རིང་ཐར་ལགས་ལ་གུས་ས་འབུ་ཉམ་ཆུང་ཞིག་གིས་དྲི་བ་ཞིག་དང་དྲན་སྐུལ་ཞིག་དང་གཉིས་ཞུ་བར་སྤོབས།
༡ དྲི་བ་ནི། རིན་སྤུང་ཚུལ་བསྟན་གྱི་འཕྲིན་སྟེགས་ནས་སྤེལ་བའི(<<གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་ལ་དཔྱད་པ།>>སྟོད་ཆ།)ཞེས་པའི་ནང་ལ་འདི་ལྟར(སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་ནི་དབེན་ས་ཁ་དགོན་པའི་གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་གྲས་ཡིན་པས)ཞེས་དང་ད་དུང(གཡུང་དྲུང་གླིང་གི་མཁན་པོ་ཉི་མ་བསྟན་འཛིན)ཞེས་དེ་ལྟར་བཤད་འདུག་པ་འདི་གཉིས་གཙོ་བོ་གཞུང་གི་ཁ་བྱང་གི་དོན་དང་འགལ་བསྡད་པ་ཞིག་མིན་རུང་བླ་མ་དེ་གཉིས་དང་པོ་དེ་གཡས་རུའི་སྟོན་པའི་གྲལ་དང་ཕྱི་མ་དེ་གཡུང་གླིང་གི་མཁན་པོ་ཡིན་པའི་ཡིག་ཆ་གང་ལ་ཁུངས་ཅི་འདྲ་བཙལ་བ་ཡིན་ཞེས་དྲི་བ་ཡིན།
༢ དྲན་སྐུལ་ནི། རོས་བླ་མར་ཁ་ཏ་ཟེར་བ་བཞིན་ཡིན་རུང་དོན་དུ་བཤད་ན་སྦྲ་ཆེན་ལ་མ་རྔམ། སྦྲ་ཆུང་ལ་མ་བརྙས་ཟེར་བ་ལྟར་ཡོད་སྲིད་པར་སྙམ་ནས། དང་པོ་གཡས་རུ་སྟོན་པ་བཅོ་བརྒྱད་ཀྱི་དྲུག་པ་གཉོས་ཚུལ་ཁྲིམས་རྒྱལ་མཚན་ཟེར་བ་སྤྱི་ལོ༡༡༤༤ལོར་འཁྲུངས་ཤིང<<སྣོད་བཅུད་ཀྱི་གཞུང>><<མཛོད་འགྲེལ>><<ས་ལམ་གཞུང>>སོགས་མཛད་མྱོང་བ་དང་། ཡང་བོན་གྱི་རྒྱལ་མཚན་རྣམ་ལྔའི་ཡ་གྱལ་སྒ་སྟོན་ཚུལ་རྒྱལ་ནི་སྤྱི་ལོ༡༣༣༦ལོར་འཁྲུངས་ཤིང་ཁོང་གིས<<སྟོན་པའི་ཐིག་རིམ་གྱི་འགྲེལ་བ>><<མཛོད་ཕུག་གི་འགྲེལ་བ>><<གཞི་ལམ་འབྲས་བུའི་རྣམ་འབྱེད>><<གཏེར་གྱི་ཁ་བྱང>><<བསྟན་པ་བོན་གྱི་ཤན་འབྱེད>>སོགས་མཛད། ཁོང་གིས་གཡས་རུ་དབེན་ས་སོགས་ལ་གྲྭ་སྐོར་ཕེབས་མྱོང་པ་ཙམ་ལས་སྟོན་པ་བཅོ་བརྒྱད་ཀྱི་གྲལ་དུ་མིན། བླ་མ་དེ་གཉིས་མི་གཅིག་མིན་ལ་ཟུར་ཁ་ཤས་ཤིག་ལས་མ་ལྟས་ན་ནོར་ཚབས་ཆེ་བ་ལྟ་བུ་སྣང་།
གཉིས་པ་ཉི་མ་བསྟན་འཛིན་ནི་སྤྱི་ལོ༡༨༡༣ལོར་འཁྲུངས་ཤིང་སྨན་རིའི་མཁན་རབས་ཉེར་གསུམ་པ་ཡིན། གཡུང་གླིང་དུ་བཤད་གྲྭ་བཙུགས་པའི་ལོ་རྒྱུས་ཡོད་རུང་དགོན་དེ་ཡི་སྤོན་སློབ་དང་མཁན་པོ་བྱེད་མྱོང་ཚུལ་རང་རྣམ་དང་དགོན་གྱི་མཁན་རབས་དཔོན་སློབ་རིམ་བྱོན་སོགས་ལ་གསལ་མི་འདུག་ཅེས་ཞུ་བ་ཡིན། 

  • ཤོག་བྱང་། བོན་ 
  • དཔྱད་གཏམ་སྤེལ་བ།
    སྒྲིག་འཇུག...
    སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
    Powered by Oblog.