སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
12 ཁྱུང་ནག་བསམ་གཏན་གླིང་གི་ལོ་རྒྱུས། | 2015/5/6 17:21:00

དཔྱད་གཞི་ངག་རྒྱུད། མ་ནུ་བསོད་གྲགས་ཀྱིས། ༼་་ང་ཆུང་དུས་ནག་རུ་དགོན་འདུ་ཁང་སོགས། གསར་དུ་བཞེངས་ཚར་མི་འདུག་ལ། ཁང་ཁ་ཤས་གཞི་ནས་བཟོ་བཞིན་འདུག་ ངས་ཤེས་ཙམ་ནས་ནག་རུ་དགོན་པའི་བླ་མ་སྟག་དབང་དང་། དེ་རྗེས་གཡུང་དྲུང་ཚེ་དབང་མཛད་སོང་། མཐའ་ཞུ་བླ་མ་གཡུང་དྲུང་ཚེ་དབང་སྐབས དགོན་པས་གཉེར་པ་མཁར་ནེ་དགེ་རྒན་མཛད་ནས། དགོན་པའི་འཚོ་རྟེན་ཆེད། སྔར་དགོན་པའི་ས་ཆ་ཡིན་པར་གྲགས་པས། རྟགས་བརྒྱད་ཁར་ཞིང་སྐེམ་སློགས་པ་རེད། དེར་ཟན་མཆུ་མེ་ཏོག་གཏེ་བོ་བྱས་པས། ཟན་མྱང་དུད་དགུ་མས། སྟེང་ཆེན་ཁར་གྱོད་གཏུག་སྟེ། རྟགས་བརྒྱད་ཁ་ནི། ཟན་མྱང་གཉིས་དུད་དགུ་མའི་རྩ་ས་ཡིན་པས། དགོན་པའི་བདག་མི་ཆོག་ཅེས་ཁ་མཆུ་རྒྱག་སོང་། དེས་མ་ཚད་ཟན་མྱང་གཉིས་ཀྱིས་མཁར་ནེ་དགེ་རྒན་གྱི་དགོན་པའི་རྒྱུ་ཟོས་པ་སོགས། སྐུར་པ་མང་པོ་བཏབ་པ་རེད་ཅེས་གོ་རྒྱུ་འདུག་ མཐར་ནག་རུ་དགོན་པ་གྱོད་ཕམ་ནས་ས་ཆ་ཤོར་སོང་བ་དང་། མཁར་ནེ་དགེ་རྒན་དགོན་པ་ལས་དགོངས་པ་ཞུས་ཏེ། རྫོང་ཁྲོད་དུ་སྐུ་མཚམས་བཞུགས་སོང་།  དེ་རྗེས་ནག་རུ་དགོན་པའི་བླ་མ་བདུད་འདུལ་སྤྲུལ་སྐུ། དེ་རྗེས་མཐའ་ཞུ་གྲགས་སྡིས། མཐའ་ཞུ་གྲགས་སྡིས་སྐབས། ནག་རུ་དགོན་པའི་མཁན་རབས་དང་པོ་མཁར་པ་ཚང་། ཚུལ་ཁྲིམས་ཕུད་ཚོགས་སྒྲུབ་གྲྭའི་མཁན་པོ་བསྐོས་ཏེ། སྒྲུབ་གྲྭ་དབུ་ཚུགས་སོང་། སྒྲུབ་གྲྭ་དབུ་ཚུགས་པ་དང་། མཁན་པོ་རིན་པོ་ཆེ་རྒྱལ་ཚབ་བློ་གྲོས་རྒྱལ་མཚོ་དང་ལྷན་དུ། ག་ཐ་འབོ་ཐ་དམུ་ཐ་རྒྱུད་ཧོར་ཁག་བཞི་ནས། ལྷ་སར་ཕེབས་ནས། ཧ་ལམ་ལོ་གཅིག་ཙམ་འགོར་སོང་། དེའི་རིང་བདུད་འདུལ་སྤྲུལ་སྐུས། སྒྲུབ་གྲྭར་དཔེ་ཁྲིད་མཛད་པ་རེད། དེ་རྗེས་མཁན་པོ་དགོན་པར། ལོ་གཅིག་ཙམ་བཞུགས་རྗེས་སླར་ཡང་། སྒྲུབ་གྲྭའི་བཞུགས་ཤག་སོགས་ཀྱི་ཆེད་དུ། འབོ་ཐ་དམུ་ཐ་ག་ཐ་སོགས་ནས། ཧོར་ཁག་བཞི་ལ་གདུལ་བྱར་ལོ་གཅིག་ལྷག་ཕེབས་ནས། མར་བྱོན་དུས་དཔལ་ཟླ་ནས་བཅིང་བཀྲོལ་བཏང་བ་གོ་ཐོས་བྱུང་། དམངས་གཙོ་བཅོས་བསྒྱུར་མ་བྱས་པར། དགོན་པ་སྔགས་དགོན་ཡིན་ཞིང་། གྲྭ་པ་དང་སྐྱ་བོ་ཚང་མ་འཚོགས་པ་རེད། ལོ་རེར་ཚོགས་ཐེངས་ཆེ་བ་གཉིས་ཡོད་རེད། ནག་སྟོད་སྨད་གཉིས་ཀ་སྲོལ་འདུག་་་༽༢༠༠༧་་ལོར་མ་ནུ་བསོད་གྲགས་ནས་བཤད་པའོ།  འབོ་ནོར་བུ་ནས་གསུང་པར་༼་་ནག་རུ་དགོན་པའི་སྒྲིགས་གཞི་༡༩༥༧་ལོར་ཙམ་དུ། ནག་རུ་དགོན་དུ་སྒྲུབ་གྲྭ་ཚུགས་པ་རེད། དེ་ནས་མཁན་པོ་སྟོད་ལ་གདུལ་བྱར་ཕེབས་པས། སྒྲུབ་གྲྭ་མཐར་ཕྱིན་ལོང་མ་བྱུང་བར་འཐོར་སོང་བ་བཤད་རྒྱུ་འདུག ནག་རུ་དགོན་ལ་འཚོགས་རྒྱུ་ནི། བོད་ཟླ་བཅུ་པར་དགུ་ཆུང་འཚོགས་སྐབས། དུད་ཆེ་བས་འགན་ཁུར་སྟེ། རྩ་བ་རྩིས་སྤྲད་ལོ་མའི་གཏོང་བགོ་བྱེད་སྲོལ་ཡོད་འདུག། ཉིན་བདུན་ལ་འཚོགས་སྐབས། དགོན་པའི་བླ་མ་གྲགས་སྡིས་དང་། མཁན་པོ་ཚུལ་ཁྲིམས་ཕུད་ཚོགས། དབུ་མཛད་མཐོ་པོ་སོང་། དགེ་བསྐོས་གཡུང་དྲུང་ནོར་བུ། མཆོད་དཔོན་བ་འགོ་སྦྱིན་པ་སོགསམཛད་པ་རེད། འཚོགས་མཁན་ཞང་མགོན་གཉིས་དུད་མི་རེ་དང་། ནག་རུ་སྟོད་དུད་མི་རེ་འཚོགས་སྲོལ་ཡོད་རེད། དེ་སྐབས་དགོན་པ་སེར་སྐྱེམ་པ་རེད། འདས་མཆོད་འཚོགས་སྐབས། སེར་ཕྲིང་ཕེབས་ནས། ལི་ཤུ་སྐུ་གདན་སྲོལ་ཡོད་རེད། དེ་སྐབས་གཏོང་བགོ་ཤོག་ཁ་རེའི་ལོ་རེ་བྱེད་པ་རེད། འཚོགས་མི་ནི་གོང་ལྟར་ནག་རུ་སྟོད་སྨད་གཉིས་ཀྱི་དུད་མི་སྐྱ་སེར་གང་ཡོད། འཚོགས་སྲོལ་ཡོད་རེད་ལ། འཁྱམས་པོ་འཁྱམས་རྒྱུ་འང་ཡོད་རེད། ནག་རུ་རྫོང་ལ་འདོན་རྒྱུ་ཙག་ཙིག་བད་དེ་ཅན་འདོན་པ་དང་། འཚོགས་མི་བན་བོན་གཉིས་ཀ་འཚོགས་སྲོལ་འདུག་། ནག་རུ་རྫོང་སོང་སྒྲུབ་ཁང་བོན་པོ་བཞག་པ་དང་། ལོ་གཅིག་ལ་མདོས་ཆེན་སྐབས། ནག་རུ་རྫོང་ནས་སྦྱིན་བདག་བྱེད་དེ། བོན་པོ་ཡི་གེ་གང་ཤེས་འཚོགས་པ་རེད། དེ་སྐབས་རྫོང་དཔོན་ནི་བན་དེ་རེད་ལ། དགོན་པ་ལ་ནི་མི་ཕན་འདུག་ དགོན་པའི་བླ་མ་ནི་མཐའ་ཞུ་གྲགས་སྡིད་རེད། མཁན་པོ་ཚུལ་ཁྲིམས་ཕུད་ཚོགས་ཡིན་ཀྱང་། འགན་ནི་ཆེན་པོ་ཁུར་ལོང་མ་བྱུང་།་་༽ འབོ་ནོར་བུ་ནས་༢༠༡༠་་ལོའི་ཟླ་༡༡་པའི་ཚེས་༡༣་ཉིན། མིང་རྟགས་འཁོད་པའི་ཡིག་ཆའོ།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.