སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྨྱོན་པའི་ལོ་ཐོ་3 | 2015/4/29 14:40:00

སྨྱོན་པའི་ལོ་ཐོ་གོང་མཐུད། དེ་ནས་ཉིན་ཤས་རྗེས། སང་ཉིན་འདུས་དགོས་པས། བརྡ་ཆ་འབྱོར་བ་ལྟར། མཁན་པོ་གཉིས་ཀྱིས། འགོ་ཁྲིད་འགའ་ཤས་དང་། སྔོན་མ་བརྡ་ཆ་རྒྱབ་པས། རུ་ཁག་རེའི་མི་གཉིས་རེ་དེ་བཅས། དགོན་པར་འོང་རོགས་ལབ་ནས། ཁ་སྤར་རྒྱབ་ཡོད་པ་ཐོས། ཕྱི་ཉིན་རུ་ཁག་གསུམ་པ་ནས། འགོ་ཁྲིད་དང་འཐུས་མི་སོགས། སུ་ཡང་མ་སླེབས་པ་ལས། དེ་མིན་བརྡ་ཆ་རྒྱབ་པ་རྣམས་འབྱོར་འདུག་ དེ་ནས་རྫོང་དང་ཤང་ཚུན་གྱི་འགོ་ཁྲིད་རྣམས། སླེབས་ནས་ཚོགས་འདུ་འཚོགས་སོང་། དེ་སྐབས་ཅུས་ཀྲང་གིས། གྲོང་ཚོ་གསུམ་པའི་འཐུས་མི་དང་། འགོ་ཁྲིད་བཅས། སུ་ཡང་མེད་པ་ཤེས་རྗེས། ད་རུང་གྲོང་ཚོ་གསུམ་པར། མི་ཞིག་ཐོངས་ལ་ཚོགས་འདུ་ལ་ཞུགས་དགོས་པས། བརྡ་ཆ་རྒྱབ། ལབ་སོང་བས། དེ་ནས་མཁན་པོ་གཉིས་དང་འགོ་ཁྲིད་བཅས་ཀྱི། ཁ་སྤར་རྒྱབ་པ་སོགས་ཀྱི་ཐབས་ལ་བརྟེན་ནས། ཚོགས་འདུ་ཡོངས་དགོས་པས་བརྡ་ཆ་གོ་ཐབས་བྱས་ཀྱང་། འཐུས་མི་དང་། འགོ་ཁྲིད་སུ་ཡང་མ་ཡོངས་བས། དེ་ཚོགས་འདུ་འཚོགས་སོང་། དེ་ནས་ཅུས་ཀྲང་དང་། ཧྲུའུ་ཅུའུ་གཉིས་ཀྱིས། སོ་སོའི་བསམ་ཚུལ་སྐད་ཆ་བདེན་པ་བཤད་དགོས། འབྲེལ་མེད་ཀྱི་དོན་གང་ཡང་བཤད་མི་ཆོག་ལབ་སོང་། དེར་ཕྲན་གྱིས་སྐད་ཆ་འདི་བཤད་པ་ཡིན། དེ་སྔོན་དགོན་པ་འགྱེལ་འདུ་འཚོགས་ཆད། དགོན་པའི་བླ་གྲྭ་འཐོར་ནས། དགོན་པར་མི་སུ་གཅིག་མེད་དུས། ངས་སློང་མོ་བྱས་པས་དངུལ་གྱིས། དགོན་པ་བསྐྱར་གསོ་བྱས་པ་ཡིན། དེ་སྔ་ཡན་ཆོད་ལ། ངས་དགོན་པར་བློ་དཀར་སེམས་དཀར་བྱས་ཏེ། བྱ་བ་སྒྲུབ་ཡོད་པ་ལས། རང་དོན་སྣ་གཅིག་སྒྲུབ་མ་མྱོང་ལ། དགོན་པའི་དངུལ་སོགས། དཔལ་འབྱོར་ལྐོག་ཟ་བྱེད་མ་མྱོང་། གལ་སྲིད་ངས་ལྐོག་ཟོས་བྱས་པ་ཡིན་ན། ངོས་ལ་བཤད་རོགས་གྱིས། དགོན་པའི་དོན་ལ་ཚེགས་དཀའ་ལས། བསམ་གྱིས་མི་ཁྱབ་པ་རྒྱག་པ་ཡིན། དཔལ་འབྱོར་ཐད། ངས་དགོན་པ་བཞག་པ་ཚང་མ་རྩིས་གཏུག་དགོས་ན། ཁྲི་བརྒྱ་ཕྲག་གི་ཚད་ས་མེད། མདོར་ན་ངས་རེ་བ་ལ། གཅིག་ནས་ང་ལ་མཚམས་ཁང་རྒྱག་སའི་ས་ཆ་དང་། གཉིས་ནས་མཚམས་ཁང་རྒྱག་བྱེད། མ་དངུལ་ཏོག་ཙམ་སྤྲད་རོགས་ཞུ་རྒྱུ་དང་། གསུམ་ནས་དགོན་པ་ནས། གྲྭ་ཐོ་མི་འཐེན་རྒྱུ་བཅས། ངས་རེད་བ་དེ་གསུམ་ཡོད་ལབ་པ་ཡིན། དེར་མཁན་པོ་བསམ་གཏན་དགེ་ལེགས་དང་། ཡེ་ཤེས་རབ་གསལ་གཉིས་ཀྱིས། ཁྱེད་རང་དགོན་པ་ནས་དོན་འགྲོ་བ་རེད། དེ་ལ་དགོན་པའི་དངུལ་སྤྲད་དགོས་དོན་ཡོད་མ་རེད་ལ། སྤྲད་རྒྱུ་རྙེད་མ་རེད། དགོན་པའི་ཉེ་བསྐོར་དུ། མཚམས་ཁང་རྒྱག་སའི་ས་ཆ་སྤྲད་རྒྱུ་བློ་མི་བབས།  དེ་སྔ་ངེད་ཚོ་མཉམ་དུ་མ་འགྲིག་པ་རེད། ད་རུང་མཉམ་དུ་དགའ་མོ་ཞིག་ འོང་རྒྱུ་མ་རེད་ལབ་བྱུང་། དེ་ནས་འདན་ཁུག་གྲྭ་ནམ་མཁའ་ཡེ་ཤེས་དང་། ཁོས་ཕ་རྒན་འདན་ཁུག་བསྟན་པ་དང་། ཙུའུ་བཞི་པས་ཨ་ཉོག་ཨ་ཀྲུག་གསུམ་གྱིས། དེར་མཐུན་ནས། མཁན་པོ་གཉིས་ཀྱིས་བཤད་པ་བདེན་པ་རེད་ལ། བླ་མ་མཁན་པོ་མཉམ་དུ་མི་འགྲིག་འདུག་པས། བླ་མ་དགོངས་པ་གནང་རྒྱུ་བློ་བབས་སོགས།འགའ་འགའ་བཤད་སོང་། དེ་མིན་ཚང་མར་སྐད་ཆ་ཤོད་ལབ་སོང་ཀྱང་། ཁར་སེང་ཡི་གེ་བཞག་ཡོད་པ་ལྟར་ཡིན་ཟེར་བ་ལས། སྐད་ཆ་ཅི་ཡང་མི་བཤད་འདུག་། གྲྭ་པ་འགས་བླ་མ་དགོན་པའི་འགན་ཁུར་ལས། དགོང་ཞུ་མོས་མཐུན་ཡོད། ཅེས་པ་ཙམ་ལས་གང་ཡང་ལབ་མ་སོང་། དེ་མཚམས་འདན་གྲྭ་ནམ་མཁའ་ཡེ་ཤེས་ཀྱིས་བཤད་རྒྱུ་གྲབ་སྒྲིགས་ཡོད་པས་སྒོ་ནས། ཕྲན་ལ་བདེན་པ་ཁྱད་བསད་བྱས་ཏེ། རྐུ་མ་ཇག་པ་དམ་ཉམས་སོགས།  སེམས་ལ་ཅི་དྲན་དྲན་དང་། ཁ་ནས་ཅི་འཕྲོས་འཕྲོས་བཤད་དེ། བསམ་བཞིན་དུ་མ་ཉེས་ཁ་གཡོག་གི། ཞྭ་མོ་མང་པོ་བཀབ་བྱུང་བས། དེ་ལ་ཕྲན་གྱི་དོན་དག་དེ་ཚོ། རེ་རེ་བཞིན་ཁུངས་སྐྱེལ་ར་སྤྲོད་དགོས་ཚུལ་བཤད་དེ། ངེད་གཉིས་ཁ་འཐབ་བཀྱེ་སྐབས། ཅུས་ཀྲང་ནོར་བུས། ཁྱེད་ཚོ་ལ་། ཁར་སེང་ནས་ཐེར་འདོན་གྱིས་ཞེས། དུས་ཚོད་སྤྲད་པ་ཡིན། དེ་དུས་ཁྱེད་ཚོ་ལ་ཐེར་འདོན་བྱེད་རྒྱུ་ཅི་ཡང་མི་འདུག་། དེ་རིང་དོན་དག་ཐག་གཅོད་དགོས་པས། དོན་མེད་རྫུན་གཏམ་བཤད་དེ། ཁ་རྩོད་གཏུག་མི་ཆོག། དེ་རིང་དེའི་སྐོར་རྩ་བ་ནས་བཤད་མི་ཆོག་ ངོ་མ་སུ་ལ་བཤད་རྒྱུ་ཡོད་ན། ཁྱེད་ཚོ་རྗེས་སུ་མི་དམངས་ཁྲིམས་ཁང་ལ། སོང་ནས་ཞུ་ཆོག་གི་རེད་ཟེར་ནས། བཀའ་གནང་བྱུང་བ་དང་། དེ་ནས་ཅུས་ཀྲང་ནོར་བུས་ཁྱེད་ཚོ་ལ། བླ་མས་དགོན་པའི་རྒྱུ་ལྐོག་ཟོས་བྱས་ས་ནི། བཤད་རྒྱུ་མི་འདུག་། དེ་བཞིན་དགོན་པ་ལ་གནོད་པ་འདི་བྱས་དེ་བྱས། བཤད་རྒྱུ་མི་འདུག་ བཤད་རྒྱུ་ཡོད་པ་ནི། བླ་མས་དེ་སྔ་དགོན་པའི་འགན་ཁུར་ནས། དགོན་པ་དར་རྒྱས་གཏོང་བ་རེད། བཤད་རྒྱུ་མང་པོ་འདུག་ལ། ད་ལྟ་བླ་མ་མཁན་པོ་ཁྱེད་ཚོ།  མཉམ་དུ་མ་འགྲིག་ས་རང་བཤད་རྒྱུ་འདུག་པས། མ་འགྲིག་ན་ཁ་ཁ་བྱེད་རྒྱུ་རེད། ཁ་ཁ་བཟོ་དུས་དངུལ་ཏོག་ཙམ། སྤྲད་དགོས་རྒྱུ་རེད། མ་ཟད་བླ་མ་ལ་ནོར་འཁྲུལ་ཡོད་ནའང་། དེ་སྔ་ཡན་ཆོད་ལ་དགོན་པའི།འགན། གཙོ་བོ་ཁུར་མཁན་ཞི་རེད་འདུག་ལ། ཐ་ན་དགོན་པ་གནས་སྤོས་ཀྱི། ཆོག་མཆན་ཞུ་རྒྱུའི་ཐད་ནས་ཀྱང་། དཀའ་ལས་མང་པོ་རྒྱབ་སོང་། ད་ལྟ་མཚམས་ཁང་རྒྱབ་བྱེད། དངུལ་ཏོག་ཙམ་ཕར་སློག་དགོས་ས་རེད། ཟེར་སོང་། དེར་ཀྲུའུ་པུ་རྣམ་རྒྱལ་དང་། ཚུན་ཀྲང་ཨ་ར་གཉིས་ཀྱིས་ཀྱང་། དེ་རེད་དངུལ་ཏོག་ཙམ་སྤྲད་དགོས་རྒྱུ་རེད། ཟེར་སོང་། དེ་ནས་ཕྲན་དང་ལོ་བཅུ་ལ་དགོན་པ་ནང་མཉམ་དུ་གཤིབ་པས། གྲྭ་རྒན་བ་ས་ཚུལ་ཁྲིམས་འོད་ཟེར་དང་། ཨ་རྔ་བྱུང་ཆུབ་རྒྱལ་མཚན། བ་ས་ཚུལ་ཁྲིམས་བློ་ལྡན་གསུམ་གྱིས། བླ་མས་དེ་སྔ་དགོན་པ་ཞིག་གསོ་བྱས་ཏེ། གོང་འཕེལ་གཏོང་ཡོད་པ། ཚང་མས་ཤེས་གསལ་ལྟར་རེད་ལ། ཁྱེད་ཚོས་དེ་ཚོ་ལ་བསམ་མནོ་རྩ་བ་ནས། མ་བཏང་བར། ད་ལྟ་གོང་འོག་བར་གསུམ་ཚང་མ། ཁ་མཐུན་ནས་བདེན་པ་ཁྱད་བསད་བྱེད་མི་རུང་ལ། བླ་མ་དགོན་པ་ནང་ལ་བསྡད་ན་ནི། ཁོང་རྣམ་པ་འགའ་རེ་མི་དགའ་འདུག་པས། དགོངས་པ་གནང་ན་དགའ་ས་གདའ། འོན་ཀྱང་མཚམས་ཁང་རྒྱབ་བྱེད་ཀྱི། མ་དངུལ་དགོན་པས་གནང་དགོས་ས་ཡོད་རེད། ཟེར་བ་ཡི་གེ་བྲིས་ནས་ཕུལ་སོང་ལ། ཁ་ནས་ཀྱང་བཤད་སོང་། དེར་མཁན་པོ་བསམ་གཏན་དགེ་ལེགས་དང་། ཡེ་ཤེས་རབ་གསལ་གཉིས་དང་ཅུས་ཀྲང་ནོར་བུ། ཧྲུའུ་ཅུའུ་ཉི་མ་གྲགས་པ། ཀྲི་པུའུ་རྣམ་རྒྱལ། ཚུན་ཀྲང་ཨ་ར་བཅས།  ཟུར་དུ་སོང་ནས་གྲོས་བྱས་དོན་ལྟར། ཕྲན་ལ་དགོན་པའི་ཉེ་སྐོར་དུ་མཚམས་ཁང་རྒྱབ་ས་མི་སྤྲད་རྒྱུ།  ཕྲན་གྱིས་ལོ་གཉིས་ནང་ དགོན་པར་ཁྱོན་སྒོར་ཁྲི་ཉི་ཤུ་བཞག་པ་ལས། སྒོར་ཁྲི་བཅུ་ཚུར་སློགས་རྒྱུ་དང་། དགོན་པར་ཕུལ་ཀྱང་མ་བླང་པས་གཡར་བས་མིང་ཐོག་ནས་བཞག་པས་དངུལ་ཁྲི་བཞི་ལྷག་དེ་ཚུར་མི་སྤྲད་རྒྱུ་བཅས། གྲོས་མཐུན་བྱས་ཚུལ་བཅས། ཅུས་ཀྲང་གིས་བཤད་བྱུང་བས། དེར་ཕྲན་གྱིས་ཡང་ན མཚམས་ཁང་དགོན་པའི་ཉེ་བསྐོར་དུ་རྒྱག་རྒྱུ་ཡིན།  ཡང་ན་ངས་དགོན་པར་གཡར་བས། དངུལ་ཚུལ་སྤྲད་དགོས་ཟེར་བ་ཡིན། དེ་ནས་ཡང་མཁན་པོ་གཉིས་དང་། དཔོན་པོ་དེ་ཚོ་ཟུར་དུ་སོང་ནས། གྲོས་བྱས་སོང་ལ། ཚུར་ཡོང་ནས། ཅུས་ཀྲང་ནོར་བུས། ཚུན་འགོ་ཁྲིད་དང་། མཁན་པོ་གཉིས། ངེད་རྫོང་དང་ཤང་གི་འགོ་ཁྲིད་བཅས་གྲོས་བྱས་པ་ཡིན། ད་དོན་དག་ཐག་གཅོད་རྒྱུ་ཡིན། མཐའ་ཞུ་འོད་ཟེར་གྱི་དགོན་པའི་ཉེ་བསྐོར་དུ། མཚམས་ཁང་རྒྱབ་མི་ཆོག་རྒྱུ་དང་། དམིགས་གསལ་དུ། མཚམས་ཁང་རྒྱབ་ས་གཟི་ཀའི་རི་ཁྲོད་ནས་ས་ཆ་སྤྲད་རྒྱུ། དགོན་པའི་ཁྱོན་སྒོར་ཁྲི་བཅུ་སྤྲད་རྒྱུ་དང་། དེའི་ཐོག་ཁོས་དགོན་པ་ལ། གཡར་བས་སྒོར་ཁྲི་བཞི་དེ་ཕར་སྤྲད་རྒྱུ། དགོན་པ་ནས་གྲྭ་ཐོ་མི་འཐེན་པར། རང་འཇག་བཞག་རྒྱུ། དེ་སྔའི་དགོན་པའི་འགན་ཁུར་ལས། འཐེན་རྒྱུ་བཅས་ཚང་མ་བློ་ཨེ་བབས་བཤད་སོང་བས། ཚང་མས་བློ་བབས་ཟེར་སོང་། དེར་ཕྲན་གྱིས་ཀྱང་བློ་བབས་ཟེར་བ་ཡིན། དེ་ནས་ཅུས་ཀྲང་ནོར་བུས། ཚུན་གྱི་འགོ་ཁྲིད། ཀྲི་པུའུ་རྣམ་རྒྱལ་དང་། ཚུན་ཀྲང་ཨ་ར་གཉིས་མ་གཏོགས། གཞན་འགོ་ཁྲིད་དང་འཐུས་མི་སོགས། མི་སྐྱ་ཚང་མ་སོ་སོར་འགྲོ་ཆོག་། གྲྭ་པ་ཚོས་དགོན་པའི་འགན་ཁུར་འདམ་བསྐོ་བྱེད་དགོས་ཟེར་སོང་། དེ་ནས་གྲྭ་པ་ཚོས་འགན་ཁུར། བླ་མ་མཐའ་ཞུ་དཔལ་མཆོག་ མཁན་པོ་བསམ་གཏན་དགེ་ལེགས། ཚུལ་ཁྲིམས་ཉི་མ། ཡེ་ཤེས་རབ་གསལ་བཅས། འདམ་རྗེས་སོ་སོར་བྱེར་སོང་། དེ་ནས་ཤང་གི་ཧྲུའུ་ཅུའུ་ཉི་མ་གྲགས་པ་སོགས། ཤང་གི་ལས་བྱེད་ཐམས་ཅད་ཡང་ཕྱིན་སོང་། དེ་མིན་ཅུས་ཀྲང་སོགས་དགོང་མོ་དངུལ་མ་བྱུང་བར། སྒུགས་སོང་ལ། དགོན་མོ་དངུལ་འབྱོར་བ་དང་། གན་ཡིག་ཐོག་མིང་རྟགས་འགོད་མི། ཅུས་ཀྲང་ནོར་བུ། ཀྲུའུ་པུའུ་རྣམ་རྒྱལ། ཚུན་ཀྲང་ཨ་ར། ཕྲན་དང་། མཁན་པོ་བསམ་གཏན་དགེ་ལེགས། ཡེ་ཤེས་རབ་གསལ་བཅས་ཡོད་སྐབས། མཁན་པོ་གཉིས་ཀྱིས། མཐའ་ཞུ་འོད་ཟེར་ཁོས་གྲྭ་ཐོ་མ་འཐེན་ན། བློ་མི་བབས། ཁོ་དགོན་པ་ནས་གྲྭ་ཐོ་འཐེན་མི་དགོས་པ་དང་། དགོན་པའི་སྒྲིགས་ཁུར་མི་དགོས་པ། ཁོས་དགའ་ཞིག་རེད་མ་སོང་། ལབ་སོང་། དེར་ཅུས་ཀྲང་གིས་ད་རེས་ཚང་མ་ཡོད་སར། བསམ་འཆར་མི་འདོན་པ་ཅི་ཡིན། དེ་སྔ་ཉིན་མང་པོ་ལ་དེ་འདྲ་མི་ཟེར་བ། ད་གཞི་ནས་བློ་མི་བབ་ཟེར། ད་གན་ཡིག་བྲིས་ཚར་བ་རེད། མ་གཞི་བླ་མ་ཁོང་ལ་དྲིས་ཟེར་སོང་བས། དེར་ངས་ཁར་སེང་ནས་ཞུས་པ་ཡིན། ད་རེས་ཚོགས་འདུ་ཐོག་ལའང་། བཤད་པ་ཡིན། སུ་གཅིག་གྲྭ་ཐོ་འཐེན་དགོས་ཟེར་མཁན་མི་གདའ། ད་མཁན་པོ་གཉིས་ཀྱིས། དེ་འདྲ་ཟེར་ན་ད་གྲྭ་ཐོ་འཐེན་རྒྱུ་གྱིས། ལབ་པ་ཡིན། དེ་ནས་གྲོས་མཐུན་སོང་བ་དང་། ཅུས་ཀྲང་ནོར་བུས། མཐའ་ཞུ་ཁྱེད་ཀྱིས། ཟླ་བ་གཅིག་ནང་ལ་སྤོས་སོང་ལབ་བྱུང་བས། འོ་ཡ་ལབ་པ་ཡིན། དེ་ནས་ཚོགས་འདུ་བྱེར་སོང་ སྔ་ཕྱི་ཚོགས་འདུ་སྐབས་སུ། གཉེར་ཨ་ཉོག་ཚེ་དབང་དང་། མཁན་པོ་གཉིས་ཀྱིས་ཞྭ་མོ་མང་པོ་བཀབ་བྱུང་བ་མ་ཟད། ཁོང་གཉིས་ཀྱིས་གྲྭ་པ་ཚོ་དང་། འཐུས་མི་དེ་ཚོས། ཕྲན་ལ་སྐད་ཆ་འདྲ་མིན་མང་པོ་བཤད་པས། རེ་བ་བྱས་ཡོད་ས་འདུག་ཀྱང་། གྲྭ་པ་ནང་ནས། འདན་གྲྭ་ནམ་མཁའ་ཡེ་ཤེས་ཀྱིས། གསོན་མིག་ཐལ་འགེབས་མང་པོ་བྱས་བྱུང་བ་ལས། གཞན་གྲྭ་པ་སུ་གཅིག་གིས་ཀྱང་། བདེན་པ་ཁྱད་བསད་བྱས་མ་བྱུང་བས། ཕྲན་གྱིས་གྲྭ་འཛིན་ཡོད་པའི་གྲྭ་རྒན་འདི་ཚོས།  གོང་འོག་བར་གསུམ་གྱིས། གནོན་ཤུགས་ཆེན་པོས་འོག་ཏུ་ཡང་། ལས་རྒྱུ་འབྲས་ལ་བརྩི་སྲུང་བྱེད་པ་ལས། བདེན་པ་ཁྱད་གསོད་བྱེད་དེ། གསོན་མིག་ཐལ་འགེབས། བྱེད་མཁན་མི་འདུག་བསམ་པ་བྱུང་། དེ་མིན་མི་སྐྱ་ནང་ནས་ཀྱང་། བདེན་པ་ཁྱད་བསོད་བྱེད་མཁན་ནི་མ་བྱུང་ངོ་། ཡེ་ཤེས་རབ་གསལ་དང་། གཉེར་ཨ་ཉོག་ཚེ་དབང་། ནམ་མཁའ་ཡེ་ཤེས་གསུམ་དང་། བདེན་པ་དཀར་ནག་ཕྱེ་རྒྱུ་ཐད། སྐད་ཆ་བཤད་རྒྱུ་རྗེས་སུ་ལུས་སོང་བ་མ་གཏོགས། ད་ནི་འདི་ནས་དགོན་པའི་སྐོར་བཤད་ཚར་སོང་ལ། བཤད་མཚམས་ཡང་བཞག་རྒྱུ་ཡིན། བཤད་དགོས་དོན་ཡང་མ་མཆིས། དེ་ནས་མཚམས་ཁང་གཟི་ཀའི་རི་ཁྲོད་དུ། རྒྱག་ཆོག་ཟེར་བ་ཙམ་ལས། ས་ཆ་གཏན་འཁེར་མ་བྱུང་ཡང་། ཕྲན་གྱིས་ཉིན་ཤས་ལ། ཤིང་ཆ་ཉོ་སྒྲུབ་བྱས་པ་ཡིན། དེ་ནས་གྲུབ་རྗེ་ནམ་མཁའ་རིན་པོ་ཆེས། སྔོན་ནས་གཏམ་སྟོད་ཟླ་དམུ་དགེ་དགོན་ལ་སྡོད་དགོས་པའི།  བཀའ་གནང་ཡང་གུས་པ་ནི། དེ་སྔ་ནག་རུ་དགོན་པར། མི་ཚེ་ཚད་ཀའི་རིང་། ཞབས་རྒྱུ་སྒྲུབ་པ་ཡིན། འོན་ཀྱང་རང་གི་བསམ་པར་སྡེ་དགོན་གཉིས་ལ། ཕན་འབྲས་མི་དམན་པ་ཐོན་ཡོད་པར་འདོད་ཀྱང་།  ཕྲག་དོག་ཟེར་བ་འཇིགས་སུ་རུང་བ་དེས། བདེན་པ་ཁྱད་བསད་དང་། གཟུགས་མེད་གྲིབ་བཟོ་བྱེད་དེ། མི་དཀར་ལ་ཞྭ་ནག་འགེབས་པའི་རྐྱེན་ཙམ་ལ་གྱུར་འགྲོ་ཡི་འདུག་ལ། ཐ་ན་རང་སྲོག་ཤོར་བའི། ཉེན་ཁ་ཡང་འབྱུང་གི་འདུག་པས་མ་ཚད། ད་དུང་རང་ལ་བརྟག་ན། བློ་བདེ་བའི་དགེ་སྦྱོར་ཡང་། ཅུང་ཟད་འགྲུབ་མི་འདུག་པས། ད་ནས་བཟུང་དམན་པའི་ས་བཟུང་། ཧྲུལ་པོའི་གོས་གྱོན། ཟས་སུ་སྤྲང་ཟས་ཟ་དེ། བློ་བདེ་བའི་དགེ་སྦྱོར་ཞིག་སྒྲུབ་བསམ་པ་ལགས། ཞུས་ཏེ་དགོན་པར་སྡོད་ནས་འགན་ཁུར་རྒྱུའི། ཁས་ལེན་མ་བྱས་ཀྱང་། དགོན་པ་དེར་གནས་སྐབས་ཡི་དམ་གང་རུང་གི་བསྙེན་སྒྲུབ་ཞག་བརྒྱ་དང་། དེར་བཞུགས་བཙུན་མ་ཚོར། ཕྲན་གྱིས་གང་ཤེས་ཀྱི་དཔེ་ཁྲིད་དགོས་པའི་བཀའ་གནང་གནང་བ་ལྟར། དགོན་པ་དེར་སོང་ནས་ཕུར་པ་སྒྲུབ་པ་ཞག་བརྒྱ་ལ་སྒྲུབ་པ་ཡིན། དགོན་པ་དེར་བཙུན་མའི་མཁན་མོ་བདེ་ཆེན་དཔལ་སྒྲོན་ཞུ་བ་འདུག་ལ། བཙུན་མ་སུམ་བཅུ་སོ་དྲུག་འདུག་ དེ་སྐབས་ཡུལ་དེའི་སྨན་པ་སྐལ་བཟང་ཞེས་པ་ཞིག སྔོན་འགྲོ་སྦྱོང་མཁན་མི་སྐྱ་ཞིག་འདུག་པ་དེ་ལས། གཞན་དང་འགྲིམས་འགྲུལ་བཅད་ནས། མཚམས་དམ་པོ་འདྲ་བྱེད་ཁུལ་བྱས་པ་ཡིན་ལ། ཉིན་གུང་ཆུ་ཚོད་གཉིས་ལ་བཙུན་མ་ཚོར། སྔོན་འགྲོ་འགྲོ་བཀའ་ལུང་རྒྱ་མཚོ་སྟོན་པ་ཡིན།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.