སྒྲིག་འཇུག...
 

སྒྲིག་འཇུག...
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཟིན་ཐོའི་རྣམ་གྲངས།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
ཐོ་འགོད།
སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རི་གྲོང་།
[ 2015/3/28 21:55:00 | By: འཕན་བུ། ]
 

 ཉི་འོད་ཀྱི་ཀློང་ན་བསྐྱོད་པའི་ཁེར་རྐྱང་གི་དཔའ་བོ

རི་ཆུའི་མཛེས་སྡུག་ཁུར་ནས་གང་ཞིག་ལ་འགྲོ་རྩིས་ཡོད་དམ

རྒོད་པོ་དང་ལྷན་དུ་གནམ་འཕང་གཅོད་པ་ཁྱོད་ཀྱི་ལོ་རྒྱས་ཡིན་ན

གནམ་མཐའ་ན་འཕྱོ་བའི་སྤྲིན་པ་དེ་ཁྱོད་ཀྱི་རྐང་རྗེས་སུ་འཁུམས

 

ལྷིང་འཇགས་ཀྱི་རང་གཤིས་ཁུར་བའི་ཁྱོད་ཀྱི་ཕྱི་ནང་གསང་གསུམ

ལོ་རྒྱུས་ཀྱི་བག་ལ་བཞའ་བའི་དམུ་ཐག་སྣུམ་པོ་དེ་ཡིན་ནམ

ཡང་ན    སུ་ཞིག་གིས་བློས་བཏང་བའི་རུས་རྐང་གྱོང་བོ་དེ་ཡིན

 

ཉི་ཟླའི་འཆར་ནུབ་ཀྱི་དབང་གིས

ཁྱོད་རང་ནི་འབྲོང་ཁེར་ལྡོམ་ཞིག་དང་ཀུན་ནས་མཚུངས་པར

མུན་པ་སྟུག་པོ་ཞིག་གི་བླ་འོག་ནས་མི་སྣང་བར་འགྱུར་སྲིད་པས

ལང་ཚོ་དར་བའི་ཕུ་ནུ་སོ་བཞི་ཡང་ཁྱོད་དང་ལྷུན་དུ་བུད་འགྲོའམ

དབྱར་དྲུག་པའི་མེ་ཏོག་དང་ལྷན་དུ

ཁྱོད་རང་ཐག་རིང་ཐག་རིང་ཞིག་ལ་བུད་འགྲོ་བར་བསམས་ན

གྲོགས་མེད་ཁེར་རྐྱང་གི་སྣང་བ་ཞིག་ཀྱང་ངང་གིས་འཆར་འོང

                                                                      ༢༠༡༤    ༡༡    ༢༨

 
 
Re:རི་གྲོང་།
[ 2017/1/12 11:57:16 | By: སྐུ་མགྲོན་Jne5HU(སྐུ་མགྲོན) ]
 
སྐུ་མགྲོན་Jne5HU(སྐུ་མགྲོན)ལེགས་པོ་རེད། མུ་མཐུད་དུ་འབྲི་རོགས།
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.