ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
མཆོངས།།  | 2015/3/15 21:11:00

         མཆོངས།།

             

                    ཁྱུང་བཙན་རྒོད།


སེམས་པ་འཚུབ་འཚུབ་སུ་ཡི་ཆེད་དུ་ཡིན།།

ལུས་པོ་འདར་འདར་སུ་ཡི་ཆེད་དུ་ཡིན།།

གཙང་པོ་ནང་དུ་མཆོང་ལ་ཁད་དུ་ཚུལ།།

དྲན་པ་གཟེར་གཟེར་དྲན་ནད་རྒྱག་ལ་ཁད།།

བྲག་རི་མཐོན་པོའི་ལ་ཁ་འདི་ནས་ཕར།།

སྟག་རྫོང་འདྲ་བའི་ནགས་ཚལ་མཐུག་པོའི་དཀྱིལ།།

མིག་ཟུང་བཙུམ་ནས་ཡིད་ལ་སུ་ཞིག་ཡོད།།


ཡིད་ཀྱི་ཀློང་ན་སྡུག་བསྔལ་ཅི་ཞིག་ཡོད།།

གཟུགས་ཕུང་འདི་ལ་གཅེས་སྤྲས་ཅི་ཞིག་ཡོད།།

ཚོར་བ་འདི་ལ་བདེ་སྡུག་ཅི་ཞིག་ཡོད།།

མི་ལུས་ཐོབ་པའི་དོན་གོ་ཅི་ཞིག་ཡོད།།

མི་ཡིན་ཞེས་པའི་མཚན་ཉིད་གང་ན་ཡོད།།

ཀླད་མེད་ཁྱོད་ཀྱི་ཅི་ཞིག་དྲན་ནས་ཡོད།།

མཇུག་འབྲས་མི་བསམ་གཡང་ནས་མཆོང་ལ་ཁད།།



མགོ་བོ་སྒུར་སྒུར་སུ་ཡི་དོན་དུ་ཡིན།།

གཉའ་ཧྲོ་ཧྲིང་ཧྲིང་གང་གི་ཚུལ་ཞིག་ཡིན།།

ལྕེ་དམར་ནུར་ནུར་ཁྱི་སྐད་རྒྱག་ལ་ཁད།།

པུས་མོ་བཙུག་ནས་ངུ་འབོད་བྱ་བའི་ཚུལ།།

བརྩེ་དུང་ཞིག་གི་རྨ་ཁ་ཡིན་ན་ཐང་།།

བསམ་གཞིགས་མ་བྱས་བླུན་རྟགས་སྟོན་དོན་དེ།།

མི་ཚེ་ཞིག་གི་ཕུགས་འདུན་བཀག་རྡོ་རེད།།


༢༠༡༤/༡༡/༥/ཉིན་བྲིས།

Re:མཆོངས།། | 2015/3/17 9:33:00
qiongmuweiབཀླགས་ཡོད།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.