ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྔགས་རྒན་ཞིག་གིས་མཛད་རྣམ་ཐོས་རྗེས་རྗེས་སུ་དྲན་པའི་གདུང་དབྱངས།། | 2015/3/13 18:28:00

སྔགས་རྒན་ཞིག་གིས་མཛད་རྣམ་

           ཐོས་རྗེས་རྗེས་སུ་དྲན་པའི་

               གདུང་དབྱངས།།


བོད་ཀྱི་རུས་ཆེན་དགུ་ལས་ནང་ཚན་རི་ཧུ་གདུང་ལས་འཁྲུངས་བའི་སྲས།།

ཆུང་ངུའི་དུས་ནས་གཞན་དང་མི་འདྲ་གཤིས་རྒྱུད་བཟང་ལ་ལྷད་མེད་ཞིག །

ནར་སོན་རྗེས་སུ་སྙིག་དོར་བཅུད་བླངས་མ་བཙལ་རང་འགན་རང་འཁུར་བ།།

བསྐལ་པ་མར་འགྲིབ་ཁུག་སོ་འདི་ནས་གླང་ཆེན་འགྱིངས་འདྲ་སྐྱེས་བུར་བསྟོད།།


མཐོ་པོ་ཡིན་ན་ངོས་དགའ་མི་ཤེས་བཙན་པོ་རེད་ཟེར་ཞུམ་ཞུམ་མེད།།

གཉོམ་ཆུང་ནུས་མེད་གང་ཞིག་ཡོད་ན་ཆེ་ཆེ་རྫིག་རྫིག་བྱས་མ་སིག །

ངོས་དགའ་ལབ་ཀྱང་དགའ་མཁན་མིན་ལ་ལྐོག་ལབ་རྒྱབ་ཀྱང་གནོད་མཁན་མིན།།

ཚུགས་ཀ་གཏན་ལ་གཤིས་རྒྱུད་དྲང་བའི་བདེན་པའི་བུ་ཁྱོད་ངོ་མཚར་ཆེ།།


ཕྱུགས་པོ་ཚང་ལ་དགའ་མཁན་མིན་སིག་དབུལ་པོ་ཚང་ལ་སྡང་མཁན་མིན།།

སེར་གོས་ཅན་ལ་དད་གུས་ཆེ་བ་སྤྲང་པོའི་རིགས་ལ་སྦྱིན་པ་གཏོང་།།

གཉེན་ཉེ་ཡིན་ཟེར་ཡག་ཞིག་བྱེད་རྒྱུ་དགྲ་བོ་ཡིན་ཟེར་སྡུག་ཞིག་མེད།།

འདྲ་མཉམ་ལྟ་བའི་མི་བུ་བཟང་པོ་སྔགས་རྒན་ཡེ༵་ཤེ༵ས་ཨེ་མ་རྨད།།


ལྟ་བ་རྫོགས་ཆེན་ཉམས་ལེན་གནང་ནས་སྐུ་ཚེ་ཧྲིལ་པོ་དེ་ནས་རྫོགས།།

སྤྱོད་པ་བཟང་པོ་མི་ལ་བསྟུན་ནས་གདུལ་བྱའི་ཐབས་ལམ་དགོངས་པ་མཛད།།

སྒོམ་པ་གནས་ལུགས་སྟོང་པ་ཉིད་ལ་རང་ངོ་འཕྲོད་པའི་བྱིན་རླབས་འབྱུང་།།

དགོངས་པ་བོན་དབྱིངས་མཇའ་འོད་དིང་ནས་མ་སྲིང་མཁའ་འགྲོའི་ལམ་སྟོན་གནང་།།


སྔགས་རབས་བཅོ་བརྒྱད་རྒྱུད་ལས་མ་ཆད་ཆུ་ལས་རིང་བའི་ཕོ་རྒོད་ཞིག །

སྙིགས་མ་ལྔ་བདོའི་ཁུག་སོ་འདི་ནས་འགྲོ་ལ་ཕན་པའི་མ་མ་སྟེ།།

དུས་ངན་འཚུབ་རླུང་རྒོད་པོའི་འཕྲོད་ནས་གས་ཆགས་མ་ཤོར་གསེར་བུམ་གཅིག །

རིན་བྲལ་ཅན་གྱི་ནོར་བུ་ཁྱེད་ཞལ་དངོས་སུ་མ་མཇལ་ཡིད་རེ་སྐྱོ།།


རི་ཧུ་ཚང་གི་བུ་སྤུན་ནང་ཚན་མཇལ་མྱོང་མེད་པ་ཁྱེད་རང་ཡིན།།

སྔོན་བསགས་ཞིག་གིས་ལས་དབང་ཡིན་ན་རྐྱེན་ངན་མང་པོས་བཀགས་ཡོད་ན།།

གང་ལྟར་ཁྱེད་ནི་བཞུད་པར་སྔ་བའི་གནོང་འགྱོད་ཆེན་པོས་མནར་བཞིན་འདུག །

མགོན་མེད་ད་ཕྲུག་མང་པོའི་ནང་ནས་འཁྱམས་པོ་ཞིག་གིས་གདུང་འབོད་ཡིན།།


ཁྱེད་ཀྱི་གཟིགས་པ་མཁའ་རྒྱ་ཆེ་བས་འགྲོ་བའི་དོན་དུ་སླར་ཕེབས་རོགས།།

ཁྱེད་ཀྱི་དགོངས་པ་ཕྱོགས་རིས་མེད་པས་མུན་པ་སེལ་བའི་ལམ་སྟོན་ཤོགས།།

ཁྱེད་ཀྱི་གཤིས་རྒྱུད་བལ་ལས་འཇམ་པས་གཟུ་བོས་དཔུང་པོ་རིམ་འདེགས་ཤོགས།།

བླ་ན་མེད་པའི་མགོན་པོ་ཁྱེད་རང་མྱུར་དུ་ཁྲུངས་བའིརེ་སྒུག་ཡོད།།



སྔགས་རབས་བཅོ་བརྒྱད་པ་རི་ཧུ་སྔགས་རྒན་ཡེ་ཤེས་ཀྱི་རྣམ་པར་ཐར་པ་མང་པོ་ཞིག་ཐོས་རྗེས་རི་ཧུ་ཞེས་པའི་གདུང་རུས་གཅིག་པའི་འཁྱམས་པོ་ཁྱུང་བཙན་རྒོད་འབོད་པ་དེས་ལྷ་ལྡན་ཉི་མའི་གྲོང་ནས་གནམ་མཚོ་ཕྱུགས་མོའི་མགྲོན་ཁང་བཞི་ཐོག་གི་ཁེར་ཤག་ཆུང་ཆུང་ཞིག་གི་ནང་ནས༢༠༡༥/༢/༡༩/ཉིན་བཏེགས་སོ།

  སླར་ཡང་སྣོན་འཕྲི་ཏོག་ཙམ་བྱས་ནས་

༢༠༡༥/༢/༢༠/ཉིན་སྤེལ་བ་ལགས།


Re:སྔགས་རྒན་ཞིག་གིས་མཛད་རྣམ་ཐོས་རྗེས་རྗེས་སུ་དྲན་པའི་གདུང་དབྱངས།། | 2015/3/20 14:38:29
qiongmuwei
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.