སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཁ་པར་གྱི་དུས་རབས།
[ 2015/3/12 19:08:00 | By: ཁྱུང་མུ་ཝེར། ]
 

ཁ་པར་གྱི་དུས་རབས། 


ཉེར་གཅིག་གི་དུས་རབས་འདིར།།

མི་རྣམས་ཀྱི་འཚོ་བའི་ཁྲོད།།

ཁ་པར་འདི་གཅེས་དྲག་པས།།

ཁ་པར་གྱི་དུས་རབས་དེར།།

བརྗོད་འདོད་ཀྱི་ཁ་ཤ་འགུལ།།

མགོ་ཟླུམ་གྱི་བཙུན་པ་ཚོས།།

ཁ་ཐོན་དེ་གཡས་ལ་བཞག།

ཕྲེང་མ་དེ་གཡོན་དུ་བོར།།

ཁ་པར་ཞིག་འགྲམ་པར་སྦྱར།།

མཛེས་མ་ལ་སྙིང་གཏམ་འཆད།།

རབ་བྱུང་གི་ཨ་ནེ་ཚོས།།

ངག་འདོན་དེ་རིང་དུ་དོར།།

གདམ་ངག་དེ་སེམས་ནས་ཡར།།

ངུར་སྨྲིག་གི་གཟན་ཐུའི་འོག།

ཁ་པར་གྱི་ཕག་ན་གབ།།

ཀླད་མེད་ཀྱི་ན་གཞོན་འགའ།།

ཀྱག་ཀྱོག་གི་ལམ་བུ་རུ།།

ཁ་པར་གྱིས་སློབ་སྟོན་འོག།

རྒྱུ་ནོར་ལ་འཕང་སེམས་མེད།།

བུད་མེད་ཚོའི་བྲན་དུ་རྒྱུག།

དེང་དུས་ཀྱི་བུད་མེད་འགའ།།

རང་ཁྱིམ་ལ་ངོ་རྒོལ་ནས།།

ཁ་པར་གྱི་བཀོད་སྒྲིག་འོག།

མ་གི་ཡི་སྲང་མདོ་ན།།

རང་ལུས་འདི་ཁྲོམ་ལ་བཤམས།།

ཁ་པར་གྱི་དུས་རབས་འདིར།།

ཁ་པར་ཡི་འོད་རླབས་ཀྱིས།།

འདྲེན་བྱེད་ཟུང་ལོང་ལ་ཉེ།།

ཁ་པར་གྱིས་དབང་ཤུགས་ཀྱིས།།

ཁྱིམ་ཚང་འདི་ཕུང་ལ་ཉེ།།

ཁ་པར་གྱི་སྤྱི་ཚོགས་འདིར།།

ཁ་པར་གྱི་འཇབ་རྒོལ་གྱིས།།

དངུལ་ཁུག་འདི་སྟོང་ལ་ཉེ།།

ཁ་པར་གྱི་གཡོ་འཁྲུལ་འོག།

ཁྲིམས་ར་རུ་བཅུག་ལ་ཉེ།།


 
 
Re:ཁ་པར་གྱི་དུས་རབས།
[ 2015/3/14 13:29:14 | By: སྐུ་མགྲོན་1Hxk0N(སྐུ་མགྲོན) ]
 
སྐུ་མགྲོན་1Hxk0N(སྐུ་མགྲོན)ཡག་དོ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.